galleries, libraries and archives in ICH Links
ངོ་སྤྲོད།
དངོས་མེད་ལམ་སྲོལ་མཐུད་འབྲེལ་དང་ ཡང་ཅིན་ ཨིཆི་ལིཀིསི་ ཟེར་མི་འདི་ གློག་ཐོག་ཡོངས་འབྲེལ་ས་ཁོངས་ཅིག་ ཨིནམ་དང་ དེ་ནང་ལས་ དངོས་མེད་ལམ་སྲོལ་དང་འབྲེལ་བའི་ བརྡ་དོན་གནས་ཚུལ་དང་ཤེས་བྱ་ཚུ་ ཨེ་ཤི་ཡ་པེ་སི་ཕིཀ་གི་ འཐུས་མི་རྒྱལ་ཁབ་ཚུ་གི་ནང་འཁོད་ལུ་སྤེལཝ་ཨིན། ང་བཅས་ཀྱིས་ ICH (ཨིཆི་) དང་ Links (ལིཀིསི།) ཚིག་གཉིས་ལག་ལེན་འཐབ་སྟེ་ མིང་གནས་གསརཔ་ཅིག་བཟོ་ཡོད་མི་འདི་ ICH (ཨིཆི་) ཟེར་བ་ཅིན་ དངོས་མེད་ལམ་སྲོལ་ལུ་གོཝ་ཨིནམ་དང་ དེལམ་སྲོལ་གི་བརྡ་དོན་གནས་ཚུལ་ཚུ་གིས་ འཐུས་མི་རྒྱལ་ཁབ་ཀྱི་མི་སྡེ་ཚུ་ མཐུད་འབྲེལ་འབད་དོ་ཡོད་མི་དང་ དེ་ལས་ ཡོངས་འབྲེལ་ས་ཁོངས་འདི་ལས་ཡང་ འབྲེལ་བ་བྱུང་ཚུགས་མི་ལས་བརྟེན་ Links (ལིཀིསི།) ཟེར་བའི་བྱ་ཚིག་འདི་ ཚིག་གྲོགས་སྦེ་སྦྱར་ཏེ་བཟོ་ཡོདཔ་ཨིན།
ichLinks (ཨིཆི་ལིཀིསི།) ཡང་ཅིན་ དངོས་མེད་ལམ་སྲོལ་མཐུད་འབྲེལ་གྱིས་ ཨེ་ཤི་ཡ་པེ་སི་ཕིཀ་གི་རྒྱལ་ཁབ་ཚུ་གི་ནང་ལུ་ བརྡ་དོན་ཚུ་སྤེལ་མི་ལས་བརྟེན་ཏེ་ མི་སྡེའི་འཚོ་བ་ སྤུས་ཚད་ཅན་སྦེ་སྐྱོང་ནི་དང་ མི་སྡེའི་ཡུན་བརྟན་གོང་འཕེལ་གཏང་ནང་ལུ་ ལྷན་ཐབས་འབད་ཚུགསཔ་ཨིན།
སྤྱི་ལོ་ ༢༠༢༠-༢༠༢༥ གི་ འཆར་སྣང་དང་དམིགས་དོན་ཚུ་དང་འཁྲིལ་ཏེ་ ཨིཆི་ལིཀིསི་གིས་ འབྲེལ་ཡོད་གཙུག་སྡེ་ཚུ་ལུ་ དངོས་ལམ་སྲོལ་དང་འབྲེལ་བའི་ ལས་སྣ་ཚུ་ནང་ གོ་སྐབས་མ་འདྲཝ་ལེ་ཤ་ཅིག་ ཕུལ་ཡོདཔ་ཨིན།
-
དམིགས་དོན་ དང་པ།
ཨིཆི་ལིཀིསི་གི་མཉམ་འབྲེལ་གཙུག་སྡེ་དང་རྒྱལ་ཁབ་རྒྱ་སྐྱེད་གཏང་ནི།
-
དམིགས་དོན་ གཉིས་པ།
དངོས་མེད་ལམ་སྲོལ་གྱི་གནས་སྡུད་རྒྱ་སྐྱེད་གཏང་ནི།
-
དམིགས་དོན་ གསུམ་པ།
མི་ཚུ་གིས་ དངོས་མེད་ལམ་སྲོལ་ལག་ལེན་དང་ སྤྲོ་བ་རྒྱ་སྐྱེད་གཏང་ནི།
-
དམིགས་དོན་ བཞི་པ།
ཨིཆི་ལིཀིསི་གི་རིམ་ལུགས་ ཡར་དྲག་དང་རྩ་བརྟན་བཟོ་ནི།
ཨིཆི་ལིཀིསི་གི་དགོས་ཁུངས་གལ་ཅན་རིགས།
ཨིཆི་ལིཀིསི་ལག་ལེན་འཐབ་པའི་སྐབས་སུ་ དགོས་ཁུངས་གལ་ཅན་རིགས་ཚུ་ཡང་ འཐུས་མི་རྒྱལ་ཁབ་ཚུ་ལུ་ ལཱ་དང་འགན་ཁུར་གྱི་དབང་ཆ་བྱིན་ནི། གནས་སྡུད་འཛིན་སྐྱོང་གི་ནང་ལུ་ བརྡ་དོན་གནས་ཚུལ་ཚུ་ གསང་མ་བཞག་པར་སྤེལ་ནི། དེ་ལས་ ཕན་ནུས་ཅན་གྱི་གནས་སྟངས་རིམ་ལུགས་ཀྱི་ཐབས་ལམ་ཚུ་གི་ཐོག་ལས་ དངོས་མེད་ལམ་སྲོལ་ ཡུན་བརྟན་ཡར་དྲག་གཏང་ནི་བཅས་ གསུམ་ལུ་གཙོ་བོར་སྟོནམ་ཨིན། གོང་གསལ་ གཞི་རྩ་གསུམ་ལུ་ ཨིཆི་ལིཀིསི་ནང་ལུ་གྲལ་གཏོགས་འབད་མི་ འཐུས་མི་རྒྱལ་ཁབ་ཚུ་གིས་ ཡོངས་འབྲེལ་ས་ཁོངས་འདི་ནང་ལུ་ ཧུར་རི་རི་སྦེ་བཅའ་མར་གཏོགས་ཏེ་ ལག་ལེན་འཐབ་མི་ལས་བརྟེན་ ཕན་ཚུན་གཅིག་གིས་གཅིག་གི་བར་ན་ འབྲེལ་མཐུན་འབྱུང་བཅུག་ནི་ཞབས་ཏོག་ཕུལཝ་ཨིན།
-
དབང་ཆ་བྱིན་ནི།
-
གསང་མ་བཞག་པར་སྤེལ་ནི།
-
ཡུན་བརྟན་ཐབས་ལམ།
ཨིཆི་ལིཀིསི་གི་ཐོག་ལས་ ག་ཅི་ར་སྤེལ་ཏེ་ཡོདཔ་སྨོ?
ཨིཆི་ལིཀིསི་ནང་ལུ་ དངོས་མེད་ལམ་སྲོལ་དང་འབྲེལ་བའི་ བརྡ་དོན་གནས་ཚུལ་ཚུ་ མི་སྡེའི་སྡེ་ཚན་མ་འདྲཝ་ཚུ་གི་ དགོས་མཁོ་དང་འཁྲིལ་ཏེ་ རིམ་པ་སྣ་ཚོགས་ཀྱི་ཐོག་ལས་ གནད་དོན་ཚུ་བསྡུ་སྒྲིག་འབད་དེ་ཕུལཝ་ཨིན། དེ་ཚུ་གི་ནང་ལས་ དངོས་མེད་ལམ་སྲོལ་ཆ་ཤས་ཀྱི་རྒྱབ་ཁུངས་གལ་ཅན་རིགས། རྒྱབ་རྟེན་གྱི་རིགས། འབྲེལ་ཡོད་ལས་སྡེ་ཚུ། དེ་ལས་ གནས་ཚུལ་དང་དུས་སྟོན་ཚུ་ རིམ་པ་གཙོ་ཅན་ཨིནམ་དང་ དེ་ཚུ་གི་ནང་ལུ་ གལ་ཅན་གྱི་གནས་སྡུད་ཚུ་ ཡོངས་འབྲེལ་ལག་ལེན་འཐབ་མི་ཚུ་ལུ་ དུས་མཐུན་གྱི་གནས་ཚུལ་ཚུ་ཕུལཝ་ཨིན།
- དངོས་མེད་ལམ་སྲོལ་ཆ་ཤས།
ཨེ་ཤི་ཡ་པེ་སི་ཕིཀ་གི་འཐུས་མི་རྒྱལ་ཁབ་ཚུ་གི་ དངོས་མེད་ལམ་སྲོལ་ཆ་ཤས་ཚུ་དང་འབྲེལ་བའི་ དཔར། དུས་ཐུང་གློག་བརྙན། སྒྲ་བཟུང་། ཚིག་གཞི་ཚུ་ཨིན།
- དངོས་མེད་ལམ་སྲོལ་རྒྱབ་རྟེན།
ལུང་ཕྱོགས་ནང་འཁོད་ལུ་ཡོད་པའི་ དངོས་མེད་ལམ་སྲོལ་དང་འབྲེལ་བའི་ ཀི་དེབ་རིགས། རྩོམ་ཤོག་རིགས། སྙན་ཞུ་ཚུ་དང་ གཞན་ཡང་ གལ་ཅན་གྱི་མཁོ་ཆས་རིགས་ཚུ་ཨིན།
- དངོས་མེད་ལམ་སྲོལ་འབྲེལ་ཡོད་ལས་སྡེ།
ཐབས་བྱུས་བཟོ་མི། ཞིབ་འཚོལ་པ། གཙུག་སྡེ། གཞུང་མིན་ལས་ཚོགས། འགྲེམ་སྟོན་ཁང་། ལམ་སྲོལ་ལྟེ་བ། མི་སྡེ་དང་ དངོས་མེད་ལམ་སྲོལ་བདག་འཛིན་པ་དང་ ལག་ལེན་འཐབ་མི་ཚུ་གི་ བརྡ་དོན་གནས་ཚུལ་ཚུ་ཨིན།
- དངོས་མེད་ལམ་སྲོལ་གནས་ཚུལ་དང་དུས་སྟོན།
དུས་མཐུན་གནས་ཚུལ་དང་ དུས་སྟོན་རིགས་ དཔྱེ་འབད་བ་ཅིན་ འགྲེམ་སྟོན། འཁྲབ་སྟོན། ཞལ་འཛོམས། གྲོས་འཛོམས། རྩོམ་ཤོག་འབྲི་ནིའི་མགྲོན་བརྡ། དེ་ལས་ ལམ་སྲོལ་དང་འབྲེལ་བའི་དུས་སྟོན་ཚུ་ཨིན།
གོང་གསལ་ རྒྱབ་རྟེན་གལ་ཅན་ཚུ་ དགོས་མཁོའི་རིམ་པ་གཉིས་པའི་དོན་ལུ་ གནད་དོན་མ་འདྲཝ་ཚུ་ མཛེས་ཆ་དང་ལྡནམ་སྦེ་བཟོ་ནི་ལུ་ ལག་ལེན་འཐབ་ནི་ཨིན། རིམ་པ་དེ་ནང་ལུ་ ལེགས་ཤོམ་སྦེ་བཟོ་བའི་དཔར། འགྲེམ་སྟོན། སྲུང་གཏང་ནི། GIS/ VR /AR ལ་སོགས་པ་ཚུ་ བརྡ་དོན་འཕྲུལ་རིགས་གོང་འཕེལ་སོང་བའི་ འཕྲུལ་ཆ་ཚུ་གི་ཐོག་ལས་ གསལ་སྟོན་འབད་ནི་ཚུ་ཡང་ཚུདཔ་ཨིན།
-
དམིགས་བསལ་འགྲེམ་སྟོན།
-
MR
(VR+AR) -
གློག་རྡུལ་ཐོག་སྲུང་གཏང་ནི།
ཨིཆི་ལིཀིསི་གིས་ ལཱ་ག་དེ་སྦེ་འབདཝ་སྨོ?
ཨིཆི་ལིཀིསི་གིས་ ཨེ་ཤི་ཡ་པེ་སི་ཕིཀ་གི་འཐུས་མི་རྒྱལ་ཁབ་ ༤༨ ནང་གི་ དོ་འགྲན་ཅན་གྱི་ལས་སྡེ་ཚུ་དང་ སྲོལ་འཛིན་ལྷན་ཁག་གིས་ རྒྱབ་སྣོན་འབད་ཡོད་པའི་ ལམ་སྲོལ་དང་འབྲེལ་བའི་ བརྡོ་དོན་གནས་ཚུལ་བྱིན་མི་ ལས་སྡེ་ཚུ་དང་མཉམ་གཅིག་ ལཱ་ལེགས་ཤོམ་སྦེ་འབད་བཏུབ་ཨིན།
- ༡་ གནས་སྡུད་བསྡུ་སྒྱོམ།
བསྡུ་སྒྱོམ་འབད་ནི་དང་ སྤྱན་འབུལ་ཕུལ་ནི།
- བསྡུ་སྒྱོམ། ཨེ་ཤི་ཡ་པེ་སི་ཕིཀ་གི་ དངོས་མེད་ལམ་སྲོལ་རྒྱབ་ཁུངས་ཚུ་ བསྡུ་སྒྱོམ་འབད་ནི།
- སྤྱན་འབུལ། བསྡུ་སྒྱོམ་འབད་དེ་ཡོད་པའི་རྒྱབ་ཁུངས་ཚུ་ སྤྱན་འབུལ་ཕུལ་འབད་ནི།
- གསོག་འཇོགས། རྒྱབ་ཁུངས་ཚུ་གདམ་འཐུ་འབད་ཡོད་མི་ཚུ་ གསོག་འཇོགས་འབད་ནི།
- ༢་ གནས་སྡུད་བཟོ་ནི།
ཚུལ་ལྡན་སྦེ་བཟོ་ནི།
- ཚུལ་ལྡན་སྦེ་བཟོ་ནི། ལམ་སྲོལ་དང་ཤེས་བྱའི་ནང་དོན།
- བརྡ་དོན་གནས་ཚུལ་སྤྱན་འབུལ། ནང་དོན་ཚུ་གོང་འཕེལ་དག་བཅོས།
- ༣་ ནང་དོན་ཚུ་གོང་འཕེལ་གསར་བཏོད།
གསལ་སྟོན་དང་གཅིག་སྒྲིལ།
- གསལ་སྟོན། དངོས་ལམ་སྲོལ་གྱི་རྒྱབ་ཁུངས་ཚུ་ དབྱེ་བ་ སྒྱུ་རྩལ། ཤེས་བྱ། བརྡ་དོན་གནས་ཚུལ་ གསུམ་གྱི་ཐོག་ལས་ཚུལ་ལྡན་བཟོ་ནི།
- གཅིག་སྒྲིལ་དང་གཅིག་བསྡོམ།
- སྒྱུ་རྩལ་ནང་དོན།
- ཤེས་བྱའི་ནང་དོན།
- ལམ་སྲོལ་འཐོན་སྐྱེད་གོང་འཕེལ།
- ༤་ ལུགས་མཐུན་གྱི་འཁོར་རིམ་བཟོ་ནི།
ལག་ལེན་ཧུར་རི་རི་བཟོ་ནི་དང་ མཉམ་འབྲེལ།
- སྲུང་སྐྱོབ་འབད་ནི། རྒྱུན་སྤེལ་གྱི་དོན་ལུ་ དངོས་མེད་ལམ་སྲོལ་གྱི་རྒྱུབ་ཁུངས་ཕུལ་ནི།
- ལག་ལེན། དངོས་མེད་ལམ་སྲོལ་གྱི་རྒྱུབ་ཁུངས་ཚུ་ འབྲེལ་ཡོད་གནད་དོན་དང་འཁྲིལ་ཏེ་ཕུལ་ནི།
- བརྗེ་སོར། དངོས་མེད་ལམ་སྲོལ་གྱི་བརྡ་དོན་གནས་ཚུ་ སྤེལ་ནི་དང་བཀྲམ་ནི།
- མཉམ་འབྲེལ། བརྗེ་སོར་དང་མཉམ་འབྲེལ་གྱི་ཕན་ཐབས་སྒྲིག་ནི།
བྱ་རིམ་དང་པ། གནས་སྡུད་བསྡུ་སྒྱོམ།
ཨེ་ཤི་ཡ་པེ་སི་ཕིཀ་གི་ དངོས་མེད་ལམ་སྲོལ་གྱི་བརྡ་དོན་གནས་ཚུལ་དང་ ནང་དོན་ཚུ་ རྒྱལ་ཁབ་ཀྱི་ འབྲེལ་ཡོད་ལས་སྡེ་དང་ལས་ཁུངས་ཚུ་ལས་ བསྡུ་སྒྱོམ་འབད་འབད་ཞིན་ན་ ལམ་ལུགས་དང་འཁྲིལ་ཏེ་ གནས་སྡུད་ཚུ་འཛིན་སྐྱོང་འཐབ་ནི་ཨིན།
བྱ་རིམ་གཉིས་པ། གནས་སྡུད་བཟོ་ནི།
གོང་གསལ་ བསྡུ་གསོག་འབད་དེ་ཡོད་པའི་ དངོས་མེད་ལམ་སྲོལ་གྱི་བརྡ་དོན་གནས་ཚུལ་ཚུ་ ལེགས་ཤོམ་སྦེ་བཟོ་སྟེ་ དངོས་མེད་ལམ་སྲོལ་གྱི་ནང་དོན་ཚུ་ ཐབས་ལམ་སྣ་ཚོགས་ཀྱི་སྒོ་ལས་ ཡོངས་འབྲེལ་སྤྱོད་མིའི་ མི་སྡེ་མ་འདྲཝ་ཚུ་གི་ མཁོ་འདོད་དང་འཁྲིལ་ ཡིད་འཕྲོག་ཚུགསཔ་སྦེ་གསལ་སྟོན་འབད་ནི་ཨིན།
བྱ་རིམ་གསུམ་པ། ནང་དོན་ཚུ་གོང་འཕེལ་གསར་བཏོད།
དངོས་མེད་ལམ་སྲོལ་གྱི་ བརྡ་དོན་གནས་ཚུལ་དང་ནང་དོན་ཚུ་ མི་དམང་གིས་ཉམས་མྱོང་ཧྲིལ་བུམ་སྦེ་ འཐོབ་བཅུག་ ནིའི་དོན་ལུ་དང་ མཐར་ཐུག་ལུ་ ལམ་སྲོལ་སྲུང་སྐྱོབ་ཀྱི་དམིགས་དོན་འགྲུབ་ནི་ལུ་ སླར་ལོག་གསར་བཅོས་འབད་ནི་ཨིན། དེ་མ་ཚད་ ནང་དོན་ཚུ་ཡང་ ལམ་སྲོལ་མཁོ་ཆས་ཀྱི་ས་ཁོངས་སྣ་ཚོགས་ དཔེར་ན་ སྒྱུ་རྩལ། ལམ་སྲོལ། ཤེས་བྱ་ཚུ་ནང་ལུ་ཡང་ མཉམ་བསྡེབས་འབད་དེ་ཕུལཝ་ཨིན།
བྱ་རིམ་བཞི་པ། བརྡ་དོན་གནས་ཚུལ་སྤེལ་ནིའི་དོན་ལུ་ ལུགས་མཐུན་གྱི་འཁོར་རིམ་བཟོ་ནི།
ཨེ་ཤི་ཡ་པེ་སི་ཕིཀ་གི་ དངོས་མེད་ལམ་སྲོལ་གྱི་བརྡ་དོན་གནས་ཚུལ་སྤེལ་ནིའི་ས་ཁོངས་ ཨིཆི་ལིཀིསི་བཟོ་མི་འདི་གིས་ དངོས་མེད་ལམ་སྲོལ་སྲུང་སྐྱོབ་ སྒྲིང་སྒྲིང་བཟོ་ནི་དང་ཕན་ཐབས་སྒྲིག་ནི། གསར་བཏོད་ཀྱི་ཐོག་ལས་ལག་ལེན་འཐབ་ནི། དེ་ལས་ དངོས་མེད་ལམ་སྲོལ་དང་ འབྲེལ་ཡོད་ལས་སྡེ་མ་འདྲཝ་ཚུ་གི་ནང་འཁོད་ལུ་ མཉམ་འབྲེལ་དང་ བརྗེ་སོར་ཧུར་དྲག་བཟོཝ་ཨིན། ཡོངས་འབྲེལ་ས་ཁོངས་དེ་གིས་ འཐུས་མི་རྒྱལ་ཁབ་ཚུ་དང་ དེ་ནང་གི་ དངོས་མེད་ལམ་སྲོལ་གྱི་མི་སྡེ་ཚུ་ལུ་ དཔལ་འབྱོར་གྱི་གོ་སྐབས་བྱིན་དོ་ཡོདཔ་མ་ཚད་ རྒྱལ་ཁབ་གཞན་གྱི་ལམ་སྲོལ་ཚུ་ལུ་ ཧ་ལེགས་ཤོམ་སྦེ་གོ་ཚུགས་ནི། གཅིག་གིས་གཅིག་ལུ་གུས་བཀུར་དང་ ནང་འཁོད་ལུ་ཞི་བདེ་འབྱུང་བཅུག་ནི་ཚུ་ལུ་ ལྷན་ཐབས་འབདཝ་ཨིན།
ག་དེ་སྦེ་གྲངས་སུ་འཛུལ་ནི?
ཨིཆི་ལིཀིསི་མཉམ་འབྲེལ་པའི་གྲངས་སུ་འཛུལ་ཏེ་ རང་སོའི་སྲོལ་རྒྱུན་རིགས་ཚུ་ ཡོངས་འབྲེལ་གྱི་ས་ཁོངས་འདི་ནང་བཙུགས་ཞིན་ན་ འཛམ་གླིང་རྒྱལ་ཁབ་གཞན་གྱི་མི་ཚུ་ལུ་སྤེལ་ཏེ་ གོང་འཕེལ་གཏང་གནང་དགོ་པའི་གསོལ་འདེབས་ཞུཝ་ཨིན། མཉམ་འབྲེལ་པ་སྦེ་འཛུལ་ནིའི་ དང་འདོད་ཡོད་མི་ཚུ་གིས་ གཤམ་ལུ་བཀོད་དེ་ཡོད་པའི་ ཡོངས་འབྲེལ་མཐུད་ལམ་ལུ་ མཛུབ་མནོན་རྐྱབ་ཞིན་ན་ ཞུ་ཡིག་འབྲི་ཤོག་བཀང་སྟེ་ གློག་འཕྲིན་ཁ་བྱང་
- ichlinks.secretariat@gmail.com
