འབྲེལ་ཡོད་ལས་སྡེ།

འབྲེལ་ཡོད་ལས་སྡེ།

རྒྱལ་འཛིན་ཐགས་རིག་སློབ་སྡེ།

རིགས། :
ལས་ཚོགས།
རྒྱལ་ཁབ། :
འབྲུག།
འགྲེལ་བཤད།
འཐག་ཐགས་ནིའི་ལག་ཤེས་འདི་ འབྲུག་རྒྱལ་ཁབ་ཀྱི་ལམ་ལུགས་སྲོལ་གྱི་ མེད་ཐབས་མེད་པའི་སྲོལ་རྒྱུན་ཅིག་ཨིན། ལག་རྩལ་འདི་ མ་ཉམས་པར་སྲུང་སྐྱོབ་འབད་ནི་དང་ ལག་ལེན་འཐབ་བཞིན་ཡོད་པའི་ལག་རྩལ་འདི་ གོང་འཕེལ་གཏང་ནིའི་དོན་ལུ་ རྒྱལ་འཛིན་ཐགས་རིག་སློབ་སྡེ་ འདི་ སྤྱི་ལོ་ ༢༠༠༥ སྤྱི་ཟླ་ ༠༥ པའི་ནང་ལུ་ མི་དབང་རྒྱལ་ཡུམ་ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ སྐྱབས་འཛིན་མཛད་ཐོག་ལུ་ ཁེ་སང་མེད་པའི་ཞི་བའི་མི་སྡེ་ལས་ཚོགས་ཅིག་སྦེ་ གཞི་བཙུགས་གནང་ཡོདཔ་ཨིན། སློབ་སྡེ་འདི་ འབྲུག་གི་ཞི་བའི་མི་སྡེ་ལས་ཚོགས་ཀྱི་བཅའ་ཁྲིམས་ ༢༠༠༧ ཅན་མའི་དགོངས་དོན་དང་འཁྲིལ་ཏེ་ སྤྱི་ལོ་ ༢༠༡༡ སྤྱི་ཟླ་ ༠༦ པའི་སྤྱི་ཚེས་ ༡༣ ལུ་ཐོ་བཀོད་གྲུབ་ཡོདཔ་ཨིན།

རྒྱལ་འཛིན་ཐགས་རིག་སློབ་སྡེ་གི་དམིགས་གཏད་གཙོ་བོ་ར་ རྒྱལ་ཁབ་ཀྱི་ཐགས་རིག་དང་འབྲེལ་བའི་ཤེས་ཡོན་ མི་ཉམས་རྒྱུན་སྐྱོང་དང་གོང་འཕེལ་གཏང་ནི་ལུ་ བརྩོན་ཤུགས་སྐྱེད་དོ་ཡོདཔ་ཨིན། དེ་མ་ཚད་ ཐགས་རིག་གི་གོ་བརྡ་སྤེལ་ནི་དང་ རྒྱལ་སྤྱི་གཙུག་སྡེ་ཚུ་དང་མཉམ་འབྲེལ་འབད་དེ་ ཤེས་ཡོན་དང་འབྲེལ་བའི་ལས་རིམ་དང་ ཕན་ཚུན་ཕན་ཐོགས་འབྱུང་པའི་འགྲེམས་སྟོན་ ལས་རིམ་མ་འདྲཝ་ཚུ་ཡང་ འགོ་འདྲེན་འཐབ་ཨིན། སློབ་སྡེའི་དམིགས་དོན་ཚུ་ཡང་ ཁྱད་ལྡན་གྱི་ཐགས་རིག་དང་ ཁྲ་རིས་ལྷབ་སྦྱང་ལྟེ་བ་ཅིག་དང་ འབྲུག་གི་ཐགས་རིགས་ཀྱི་འཐོན་སྐྱེད་བཏོན་ས་བཟོ་ནི། འགྲེམས་སྟོན་སློབ་ཚན་དང་ ཐགས་རིགས་ཉམས་སྲུང་གི་ནང་ལུ་ སློབ་གཉེར་གྲོགས་རམ་ཕུལ་ནིའི་ཐབས་བྱུས་སྒྲིག་ནི། རྒྱལ་ཁབ་ཀྱི་ཐགས་རིགས་ ཉམས་སྲུང་དང་ཉམས་བཅོས་ཀྱི་ལྟེ་བ་བཟོ་ནི། དེ་ལས་ ཐགས་རིག་དང་འབྲེལ་བའི་ཤེས་ཡོན། གོ་བསྡུར་ཞལ་འཛོམས། ཤེས་ཡོན་སྡེ་ཚན། འབྲུག་གི་ཐགས་རིག་སྒྱུ་རྩལ་གྱི་ དོན་ཚན་ཐོག་ལུ་ སློབ་སྟོན་འབད་ནི་ཚུ་ཚུདཔ་ཨིན།
བརྡ་དོན་འབྱུང་ཁུངས། :