འབྲེལ་ཡོད་ལས་སྡེ།

འབྲེལ་ཡོད་ལས་སྡེ།

བློ་ལྡན་གཞི་ཚོགས།

རིགས། :
ལས་ཚོགས།
རྒྱལ་ཁབ། :
འབྲུག།
འགྲེལ་བཤད།
བློ་ལྡན་གཞི་ཚོགས་འདི་ རྒྱལ་ཁབ་ནང་ལུ་ཡོངས་གྲགས་ཅན་གྱི་ ཆོས་དང་རིག་གཞུང་གི་མཁས་མཆོག རྩོམ་སྒྲིག་པ། མི་སྡེ་ཚུ་ཕན་ཐབས་སྒྲིག་མི་ མཁས་དབང་སློབ་དཔོན་ཀརྨ་ཕུན་ཚོགས་མཆོག་གིས་ སྤྱི་ལོ་ ༡༩༩༩ ལུ་ ཉམས་ཆུང་ཅན་གྱི་མི་སྡེ་ཚུ་གི་ཨ་ལུ་ཚུ་ ཟད་འགྲོ་མ་ལངམ་ལས་བརྟེན་ ཤེས་ཡོན་འཕྲོ་མཐུད་མ་ཚུགས་མི་ཚུ་དང་ དེ་ལས་ ཕམ་མེད་པའི་ཨ་ལུ་ཉམས་ཆུང་ཚུ་ལུ་ དངུལ་ཀྱི་རྒྱབ་སྐྱོར་ཚུ་བྱིན་ནིའི་དོན་ལུ་ གཞི་ཚོགས་དེ་གཞི་བཙུགས་འབད་ཡོདཔ་ཨིན། གཞི་ཚོགས་དེ་ལུ་ མ་དངུལ་གྱི་རྒྱབ་སྐྱོར་གནང་མི་འགོ་ཐོག་ར་ རོ་བཱརཊ་མའེལསི་ཟེར་ བཱ་ལིཨོལ་མཐོ་རིམ་གྲྭ་གི་ དོས་སྐྱེས་འདྲེན་གྱི་འགོ་འཛིན་འདི་གིས་ ཧེ་མ་ཁོ་ར་ ཟད་འགྲོ་གཏང་མི་མེད་པར་དཀའ་སྡུག་མྱོང་སྟེ་ སློབ་གྲྭ་ཡང་མཐར་འཁྱོལ་མ་ཚུགས་མི་གིས་ ཁོ་རའི་ཟླ་རིམ་དངུལ་ཕོགས་ཉུང་སུ་ཅིག་ལས་མེད་རུང་ དེ་ནང་ལས་བཏོགས་ཏེ་ ཡུ་རོ་ ༥༠ ཞལ་འདེབས་གནང་སྟེ་ཡོདཔ་ཨིན། ཁོ་གིས་བྱིན་མི་ཞལ་འདེབས་དེ་གིས་ འབྲུག་རྒྱལ་ཁབ་ཀྱི་དབུས་ཕྱོགས་ལུང་ཕྱོགས་ནང་གི་ ཕམ་ཅིག་ལུ་བུམོ་བདུན་ཡོད་མི་ལས་ ངོམ་ བསྟན་འཛིན་དཔལ་མོ་ཟེར་མི་ལུ་ ཤེས་ཡོན་ལྷབ་སྦྱང་འབད་ནིའི་རྒྱབ་སྐྱོར་འབད་དེ་ ད་ལྟོ་ རྒྱལ་ཁབ་ནང་ལུ་སློབ་དཔོན་སྦེ་ ཕྱག་ཕྱིད་ཞུ་བའི་བསྒང་ཡོདཔ་མ་ཚད་ གཞི་ཚོགས་ཀྱི་བློ་གཏད་ཀྱི་འཐུས་མི་ཅིག་ཡང་ཨིན།

རོ་བཱརཊ་མའེལསི་གིས་ ཞལ་འདེབས་གནང་ནི་ལས་འགོ་བཙུགས་ཏེ་ རིམ་གྱིས་ཆ་རོགས་གཞན་ཚུ་གིས་ཡང་ ཞལ་འདེབས་འབད་མི་ཚུ་ཐོན་ཞིན་ན་ སློབ་དཔོན་ཀརྨ་ཁོ་ར་དང་ ཨོཀོསི་ཕོརོཊ་གཙུག་ལག་སློབ་སྡེའི་ཆ་རོགས་ བློ་གཏད་འཐུས་མི་ཚུ་གིས་བཟོ་ཡོད་པའི་ བློ་ལྡན་གཞི་ཚོགས་ཀྱི་ ཤེས་རིག་བློ་གཏད་མ་དངུལ་བརྒྱུད་དེ་ ཞལ་འདེབས་ཚུ་བསྡུ་ཡོདཔ་ཨིན། གཞི་ཚོགས་ཀྱི་ཞལ་འདེབས་བསྡུ་སྒྱོམ་འབད་ནིའི་ འགོ་འབྱེད་རྟེན་འབྲེལ་ཐེངས་དང་པའི་སྐབས་ གསུང་བཤད་ཡང་ ཌ་མི་ཡོ་ཧ་ན་ལུམ་ལེ་གིས་གནང་ཡོདཔ་དང་ ཞལ་འདེབས་བསྡུ་སྒྱོམ་གྱི་འགོ་འབྱེད་ ཐེངས་གཉིས་པའི་སྐབས་ལུ་འབད་བ་ཅིན་ མི་དབང་འབྲུག་རྒྱལ་ལྔ་པ་མཆོག་ དེ་བསྒང་རྒྱལ་སྲས་སྦེ་བཞུགསཔ་ད་ གསུང་བཤད་གནང་ཡོདཔ་ཨིན།

སྤྱི་ལོ་ ༢༠༠༨ ལུ་ གཞི་ཚོགས་ཀྱིས་ལས་སྣ་ཚུ་ ལག་ལེན་བསྟར་སྤྱོད་འབད་བའི་སྐབས་ ཐིམ་ཕུ་ལུ་སྦེ་ གཅེས་སྐྱོང་ལྟེ་བ་གཅིག་དང་ གཞི་ཚོགས་ཀྱི་ཡིག་ཚང་དང་བཅས་ལས་བྱེདཔ། དེ་ལས་ ཇི་རཌ་ཊར་ཌི་དང་ཨེ་ནི་གཉིས་ཀྱིས་ རྒྱབ་སྐྱོར་མཛད་ཐོག་ལས་ བློ་ལྡན་ཚོང་ལཱའི་ལས་རིམ་འགོ་འབྱེད་ཚུ་ འབད་ཞིན་ན་ སྤྱི་ལོ་ ༢༠༡༠ ལུ་ རྒྱལ་ཁབ་ཀྱི་ཞི་བའི་མི་སྡེ་ལས་ཚོགས་ནང་ ཐོ་བཀོད་གྲུབ་མི་གཞི་ཚོགས་འགོ་དང་པ་ཅིག་ཨིན།
བརྡ་དོན་འབྱུང་ཁུངས། :