འབྲེལ་ཡོད་ལས་སྡེ།
འབྲེལ་ཡོད་ལས་སྡེ།
- རིགས། :
- མཁས་མཆོག།
- རྒྱལ་ཁབ། :
- འབྲུག།
འགྲེལ་བཤད།
སེངྒེ་བསམ་གྲུབ་འདི་ ནང་སྲིད་ལྷན་ཁག་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ནང་ལུ་ ལམ་སྲོལ་མཁས་མཆོག་ཅིག་སྦེ་ཕྱག་ཞུ་དོ་ཡོདཔ་དང་ ཁོ་གིས་ ཞི་གཡོག་ནང་མི་ལོ་རབས་ཅིག་གི་རིང་ རང་ལུགས་སྲོལ་རྒྱུན་ཚུ་མི་ཉམས་རྒྱུན་སྐྱོང་དང་ གོང་འཕེལ་གྱི་དོན་ལུ་ ཞིབ་འཚོལ་མང་རབས་ཅིག་འབད་ཡོདཔ་ཨིན། ཁོ་ལུ་ ལམ་སྲོལ་དང་འབྲེལ་བའི་ཐབས་བྱུས་ལག་ལེན་དང་ སྲོལ་རྒྱུན་འཛིན་སྐྱོང་། དེ་ལས་ ཞིབ་འཚོལ་དང་ཞིབ་འཇུག་གི་ལཱ་ཚུ་ནང་ ཉམས་མྱོང་ཡོདཔ་ལས་བརྟེན་ རྒྱལ་ཡོངས་དང་ གཙུག་སྡེའི་དངོས་ཅན་དང་དངོས་མེད་ལམ་སྲོལ་གྱི་རིགས་སྣ་ཚུ་ མི་ཉམས་སྲུང་སྐྱོབ་ཀྱི་དོན་ལུ་ ཞིབ་འཚོལ་ལས་སྣ་ལེ་ཤ་ཅིག་གི་ནང་ལུ་ གལ་ཅན་གྱི་འགན་འཁྲི་ཚུ་བསྣམས་བཞིན་དུ་ཡོདཔ་ཨིན། ད་ཚུན་གྱི་རིང་ལུ་ སློབ་དཔོན་གྱིས་ རྒྱལ་ཁབ་ཀྱིརང་ལུགས་བྱ་སྲོལ། སྔར་ཁྱུན་ཤེས་བྱའི་རིགས། ལག་ལེན་འཐབ་བཞིན་ཡོད་པའི་སྲོལ་རྒྱུན་གྱི་རིགས་ཚུ་ གོང་འཕེལ་གཏང་ནི། ཡིག་ཐོག་བཀོད་ནི། ཞིབ་འཚོལ་འབད་ནིའི་ལས་འགུལ་ཚུ་ནང་ གྲས་གཏོགས་ཡོདཔ་ཨིན།
དེ་མ་ཚད་ ཁོ་གིས་ གཞུང་། མི་སྡེ། གཙུག་སྡེ་ཚུ་དང་མཉམ་འབྲེལ་འབད་དེ་ ལམ་སྲོལ་མི་ཉམས་རྒྱུན་སྐྱོང་གི་ལཱ་ཚུ་ གནང་བཞིན་ཡོདཔ་མ་ཚད་ ལམ་སྲོལ་གྱི་ནང་ལུ་མཁྱེན་རྒྱ་ཆེཝ་ལས་ གོ་བསྡུར་ཞལ་འཛོམས། ཞིབ་འཚོལ་ལས་འགུལ། གྲོས་འཛོམས། ལྕོགས་གྲུབ་གོང་འཕེལ་ལས་རིམ་ཚུ་དང་ ལམ་སྲོལ་གྱི་ཐབས་བྱུས་ཚུ་ ལག་ལེན་བསྟར་སྤྱོད་འབད་ནི་དང་ ཉམས་སྲུང་གི་བསླབ་སྟོན་ཚུ་ཕུལ་བཞིན་ཡོདཔ་ཨིན། མདོར་བསྡུ་བ་ཅིན་ སློབ་དཔོན་གྱིས་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་ འཆར་སྣང་། དམིགས་དོན། དམིགས་གཏད་ཀྱི་ལས་སྣ་ཚུ་འགྲུབ་ནི་དང་ སྤྱིར་བཏང་ རྒྱལ་ཁབ་ཀྱི་ལམ་སྲོལ་ཁྱད་ཆོས་བཟང་པོ་ཚུ་ ནམ་ཕུག་མི་བརྒྱུད་ཀྱི་རིང་ལུ་ཡང་ རྒྱུན་སྐྱོང་འཐབ་སྟེ་བཞག་ནི་དང་ ངོ་རྟགས་བདག་འཛིན་འབད་ནི་ལུ་ ཕྱག་འགན་བསྣམས་བཞིན་དུ་ཡོདཔ་ཨིན།