འབྲེལ་ཡོད་ལས་སྡེ།

འབྲེལ་ཡོད་ལས་སྡེ།

སློབ་དཔོན་ཀུན་བཟང་འཕྲིན་ལས།

རིགས། :
མཁས་མཆོག།
རྒྱལ་ཁབ། :
འབྲུག།
འགྲེལ་བཤད།
སློབ་དཔོན་ཀུན་བཟང་ཕྲིན་ལས་འདི་ འབྲུག་ཤར་ཕྱོགས་ བཀྲ་ཤིས་གཡང་རྩེ་རྫོང་ཁག སྟོང་ཞང་རྒེད་འོག་ སྟོང་ཞང་གཡུས་ཚན་ལས་ཨིནམ་དང་ ཤེས་ཡོན་ཡང་ སེམས་རྟོགས་ཁ་རིག་གཞུང་སློབ་གྲྭ་ནང་ལས་ ནང་པའི་ཆོས་དང་རིག་གཞུང་ཚུ་ སྦྱངས་གསན་མཐར་ཕྱིན་ཡོདཔ་ཨིན། དེ་ལས་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ལས་རོགས་སྦེ་ཕྱག་ཞུ་ཞིནམ་ལས་ སློབ་གྲྭ་ཁག་ཚུ་ནང་རྫོང་ཁའི་སློབ་དཔོན་གྱི་ཕྱག་ལཱ་གནང་ཡོདཔ་མ་ཚད་ རྫོང་ཁའི་རྩོམ་སྒྲིག་པ་སྦེ་ཕྱག་ཞུ་ཡོདཔ་ཨིན། ཞི་གཡོགཔ་ལས་དགོངསམ་ཞུ་སྟེ་ འབྲུག་རྒྱལ་ཁབ་ཀྱི་སྐད་ཅན་མིང་ཅན་གྱི་པར་སྐྲུན་ལས་སྡེ་ ཀེ་ཨེམ་ཊི་ནང་ལུ་ ཞིབ་འཚོལ་པ་ལས་འགོ་བཙུགས་ ཞིབ་འཚོལ་གཙོ་འཛིན་དང་ ཞུ་དག་གཙོ་འཛིན་གྱི་ཕྱག་འགན་ཡང་བསྣམས་ཏེ་ རྒྱལ་ཁབ་ཀྱི་སྲོལ་རྒྱུན་མ་འདྲཝ་ཚུ་དང་ ལོ་རྒྱུས་ཁ་རྒྱུན་རྣ་རྒྱུན་སྦེ་ཡོད་མི་ཚུ་ ཡིག་ཐོ་བཀོད་དེ་ རྩོམ་དེབ་དང་སྲུང་དེབ། ཚིག་མཛོད། བརྡ་ཡིག རྒྱལ་བ་གོང་མའི་རྣམ་ཐར་ཚུ་དང་ བྱིན་རླབས་ཅན་གྱི་སྲོལ་རྒྱུན་ས་ཁོངས་ ལྷ་ཁང་། དགོན་སྡེ། སྦས་གནས་ཚུ་ཞིབ་འཚོལ་འབད་དེ་ དད་པའི་ས་བོན་གྱི་ཀི་དེབ་ལ་སོགས་པ་བཅས་ ཀི་དེབ་ ༣༠༠ ལས་ལྷགཔ་སྦེ་བརྩམས་ཡོདཔ་ཨིན།

དེ་མ་ཚད་ གཞུང་དང་གཞུང་མིན་ལས་ཚོགས་ཚུ་དང་ཡང་ མཉམ་འབྲེལ་འབད་དེ་ ལམ་སྲོལ་གྱི་བརྗོད་དོན་དང་འབྲེལ་བའི་ ཞལ་འཛོམས། གོ་བསྡུར་ཞལ་འཛོལ། གྲོས་འཛོམས་ཚུ་ནང་ལུ་ཡང་ གྲོས་བསྟུན་པ། ཞིབ་འཚོལ་པ། ཞུ་དག་པའི་ཕྱག་འགན་ཚུ་ཡང་བསྣམས་ཏེ་ རྒྱལ་ཁབ་ཀྱི་ལམ་སྲོལ་བཟང་པོ་ཚུ་ མི་ཉམས་ཐོ་བཀོད་དང་ རྒྱབ་རྟེན་ཁུངས་གཏུགས་ཀྱི་དཔེ་དེབ་པར་སྐྲུན། དེ་ལས་ སྲོལ་རྒྱུན་དང་འབྲེལ་བའི་བཀའ་སློབ་ཞུ་སའི་ ཁུངས་ལྡན་གྱི་མི་ཅིག་ཨིན།
བརྡ་དོན་འབྱུང་ཁུངས། :