འབྲེལ་ཡོད་ལས་སྡེ།

འབྲེལ་ཡོད་ལས་སྡེ།

བཀྲ་ཤིས་ལྷུན་གྲུབ།

རིགས། :
མཁས་མཆོག།
རྒྱལ་ཁབ། :
འབྲུག།
འགྲེལ་བཤད།
བཀྲ་ཤིས་ལྷུན་གྲུབ་འདི་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས། ནང་སྲིད་ལྷན་ཁག་ནང་ལུ་ རྒྱལ་ཁབ་ཀྱི་སྲོལ་རྒྱུན་དང་འབྲེལ་དང་བའི་ཅ་དངོས། ཐང་ཀ་དང་ལྡེབས་བྲིས་ཚུ་ ཉམས་བཅོས་འབད་མི་མཁས་མཆོག་ཅིག་སྦེ་ཕྱག་ཞུཝ་ཨིན། ཁོ་གིས་ རྒྱལ་རབས་ཅན་གྱི་ལྡེབས་བྲིས་ཚུ་ ཉམས་བཅོས་མ་འདྲཝ་སྦེ་ འགོ་འདྲེན་འཐབ་ཡོད་མི་ལས་བརྟེན་ སྤྱི་ལོ་ ༢༠༢༤ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ རྒྱལ་ཡོངས་མཛེངས་བསྟོད་ དངུལ་གྱི་རྟགས་མ་གནང་ཡོདཔ་ཨིན། སྔོན་འགོག་དང་སྨན་བཅོས་ཐབས་ལམ་གྱི་སྒོ་ལས་ ཉམས་བཅོས་འབད་ནིའི་ཉམས་མྱོང་ཡོདཔ་ལས་ སྲོལ་རྒྱུན་ཀྱི་ཅ་དངོས་རིགས། འགྲེམས་སྟོན་གྱི་དངོས་ཆས་རིགས། རང་ལུགས་ཀྱི་ཚོན་དང་རིས་མོའི་རིགས། གཏན་མཛོད་ཡིག་ཆའི་རིགས་ཚུ་ ཉམས་སྲུང་འབདཝ་ཨིན། ཉམས་བཅོས་འབད་བའི་སྐབས་ལུ་ དེང་སང་མཚན་རིག་གི་ཐབས་ཤེས་ཀྱི་ཐོག་ལུ་ ཅ་དངོས་ཀྱི་གནས་སྟངས་དང་ མཐའ་འཁོར་གནས་སྟངས་དཔྱད་ཞིབ་ཚུ་འབད་དེ་ ལག་ལེན་ལེགས་ཤོམ་དང་དྲག་ཤོས་ཚུ་ ལག་ལེན་འཐབ་ཐོག་ལས་ དངོས་ཅན་ལམ་སྲོལ་གྱི་དངོས་ཆས་ཚུ་ ཡུན་བརྟན་སྲུང་སྐྱོབ་འབད་ནིའི་ལཱ་ཚུ་འབདཝ་ཨིན།

བཀྲ་ཤིས་ལྷུན་གྲུབ་ཀྱིས་ སྲོལ་རྒྱུན་ས་ཁོངས་མང་རབས་ཅིག་འཛིན་སྐྱོང་དང་ ཉམས་བཅོས་ཀྱི་ལས་འགུལ་ནང་ལུ་ གྲུབ་འབྲས་བཏོན་ཡོདཔ་མ་ཚད་ ད་ལྟོ་ར་འབད་རུང་ མཉམ་རོགས་ཚུ་ཁྱད་རིག་དང་ལྡན་པའི་ལྕོགས་གྲུབ་ཅན་བཟོ་ནི་དང་ སྔོན་འགོག་ཉམས་བཅོས་ཀྱི་ལས་རིམ། ཞིབ་འཚོལ་དང་ཉམས་སྲུང་སྨན་བཅོས་འབད་དེ་ གཏན་མཛོད་དང་འགྲེམས་སྟོན་གྱི་ དངོས་ཆས་བསྡུ་གསོག་འབད་ནི་ལུ་ མཁས་མཆོག་གྲོགས་རམ་གྱི་ ཞབས་ཏོ་ཚུ་ཕུལ་བཞིན་ཡོདཔ་ཨིན། དེ་མ་ཚད་ རྒྱལ་ཁབ་དང་རྒྱལ་སྤྱིའི་གཙུག་སྡེ་ཚུ་གི་ ཉམས་བཅོས་པ་དང་ཞིབ་འཚོལ་པ་ཚུ་དང་ མཉམ་འབྲེལ་འབད་དེ་ རྒྱལ་ཁབ་ཀྱི་ ཉམས་བཅོས་པའི་ལག་ལེན་བྱ་སྲོལ་ཚུ་ ཁྱད་རིག་ཅན་སྦེ་བཟོ་སྟེ་ སྲོལ་རྒྱུན་ས་ཁོངས་ནང་གི་ གནའ་རབས་ཀྱི་སྲོལ་རྒྱུན་འཛིན་འཐབ་ཐངས་ཚུ་ཡང་ སྒྲིང་སྒྲི་བཟོ་ཡོདཔ་ཨིན། ཁོ་གི་མཁས་མཆོག་དང་འགོ་འཁྲིདཔ། དེ་ལས་ བརྩོན་ཤུགས་ཚུ་གིས་ རྒྱལ་ཁབ་ཀྱི་སྲོལ་རྒྱུན་ཚུ་ཉམས་སྲུང་འབདཝ་མ་ཚད་ རིན་ཐང་ཆེ་བའི་དངོས་ཆས་དང་ ཅ་ཆས་ཀྱི་རིགས་ཚུ་ཡང་ མ་འོངས་བུ་བརྒྱུད་ལས་བུ་བརྒྱུད་ཀྱི་རིང་ལུ་ མི་ཉམས་རྒྱུན་སྐྱོང་འབད་ནི་ལུ་ ཕན་ཐོགས་བྱུང་སྟེ་ཡོདཔ་ཨིན།
བརྡ་དོན་འབྱུང་ཁུངས། :