འབྲེལ་ཡོད་ལས་སྡེ།
འབྲེལ་ཡོད་ལས་སྡེ།
- རིགས། :
- མཁས་མཆོག།
- རྒྱལ་ཁབ། :
- འབྲུག།
འགྲེལ་བཤད།
སངས་རྒྱསདོན་གྲུབ་འདི་ ནང་སྲིད་ལྷན་ཁག་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ནང་ལུ་ འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱི་ གཙོ་འཛིན་འགོ་དཔོན་ཨིན། ཤེས་ཡོན་ཡང་ འགོ་ཐོག་སློབ་དཔོན་སློབ་སྦྱོང་གི་ནང་ལུ་ གཙུག་ལག་གཞི་རིམ་གྱི་ལག་ཁྱེར་བཞེས་ཡོདཔ་མ་ཚད་ ཤུལ་ལས་ ཀྲོང་གསར་སྟག་རྩེ་ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་ལས་ དོ་རུང་ གཙུག་ལག་གཞི་རིམ་གྱི་ལག་ཁྱེར་དང་ དེ་ལས་ གཙུག་ལག་གོང་མའི་ཤེས་ཡོན་འདི་ མི་དམང་བདག་སྐྱོང་གི་ནང་ལུ་བཞེས་ཡོདཔ་ཨིན། སློབ་དཔོན་ལུ་ མི་དམང་བདག་སྐྱོང། ནང་ཆོས་ཀྱི་ལས་དོན། རང་ལུགས་སྲོལ་རྒྱུན་འཛིན་སྐྱོང་གི་ནང་ལུ་ ཤེས་ཚད་དང་ཉམས་མྱོང་ཡོད་མི་ལས་བརྟེན་ རྒྱལ་ཁབ་ཀྱི་ཆོས་སྡེའི་གཙུག་སྡེ་གོང་འཕེལ་དང་ བདག་སྐྱོང་སྒྲིང་སྒྲི་བཟོ་ནིའི་ འགོ་འཁྲིད་པའི་ བདག་རྐྱེན་བཞེས་ཏེ་ཡོདཔ་ཨིན།
གཙོ་འཛིན་གྱིས་ འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱི་བཅའ་ཁྲིམས་ ༢༠༠༧ ཅན་གྱི་དགོངས་དོན་ཚུ་དང་འཁྲིལ་ཏེ་ ལེགས་ལྡན་གཞུང་སྐྱོང་། འགན་འཁྲི། དྭངས་གསལ་ཚུ་གོང་འཕེལ་གཏང་ནིའི་དོན་ལུ་ ཆོས་སྡེའི་མི་སྟོབས་ཚུ་ལྕོགས་གྲུབ་གོང་འཕེལ་ལས་རིམ་ཚུ་དང་ སྒྲིག་གཞི་ལམ་ལུགས་དུས་མཐུན། དེ་ལས་ གཞུང་འབྲེལ་ཐོ་བཀོད་རྐྱབ་ནི་དང་འབྲེལ་བའི་ ལཱ་དང་ལས་རིམ་མང་རབས་ཅིག་འགོ་འདྲེན་འཐབ་ཡོདཔ་ཨིན། དེ་མ་ཚད་ ཞིབ་འཚོལ་དང་ཞིབ་འཇུག་འབད་ནི། ཨང་ཅན་གཞི་སྒྱུར་ལས་འགུལ། ཆོས་སྡེ་ཁག་གི་ལོ་རྒྱུས་གནས་སྡུད་བསྡུ་སྒྱོམ་འབད་ནི། དེ་ལས་ ཆོས་སྡེ་ཚུ་དང་འབྲེལ་བའི་བརྡ་དོན་གནས་ཚུལ་ཚུ་ མི་དམང་གིས་གློག་ཐོག་འཐོབ་ཚུགསཔ་བཟོ་ནི་དང་ འཛིན་སྐྱོང་གི་ལམ་ལུགས་ཚུ་ཨང་ཅན་གྱི་ཐོག་ལུ་ གོང་འཕེལ་གཏང་ནིའི་ལས་སྣ་ཚུ་གི་ འགོ་འཁྲིད་ ཕྱག་འགན་ཧྲིལ་བུམ་བསྣམས་ཡོདཔ་ཨིན། དེ་ལས་ གཡུས་གོའི་མི་སྡེ་ཚུ་དང་ གཞུང་གི་ལས་སྡེ། དེ་ལས་ ཆོས་སྡེ་ཁག་ཚུ་དང་མཉམ་འབྲེལ་འབད་དེ་ རྒྱལ་ཁབ་ཀྱི་ཆོས་དང་རིག་གཞུང་གིས་མ་ཚད་པར་ རང་ལུགས་སྲོལ་རྒྱུན་ཚུ་མི་ཉམས་རྒྱུན་སྐྱོང་དང་ གོང་འཕེལ་གྱི་ལས་རིམ་ཚུ་ལུ་ དམིགས་བསལ་དུ་ ལྷན་ཐབས་འབད་ཡོདཔ་ཨིན། གཙོ་འཛིན་གྱི་རྒྱུད་ལུ་ ཤེས་ཡོན་དང་ཉམས་མྱོང་སྦོམ་ཡོདཔ་ལས་བརྟེན་ ཆོས་སྲིད་དང་འབྲེལ་བའི་སྲོལ་རྒྱུན་ཚུ་ མ་ཉམས་པར་ཡུན་བརྟན་སྦེ་བཞག་ནིའི་ ལཱ་དང་ལས་རིམ་ཚུ་འགོ་འདྲེན་འཐབ་ནི། གཙུག་སྡེ་ཚུ་ལྕོགས་གྲུབ་ཅན་སྦེ་བཟོ་ནི། ཐབས་བྱུས་བཟོ་ནི་ཚུ་ལུ་ཡང་ རྒྱབ་སྐྱོར་ཕུལ་བཞིན་དུ་ཡོདཔ་ཨིན།