འབྲེལ་ཡོད་ལས་སྡེ།
འབྲེལ་ཡོད་ལས་སྡེ།
- རིགས། :
- མཁས་མཆོག།
- རྒྱལ་ཁབ། :
- འབྲུག།
འགྲེལ་བཤད།
མགོན་པོ་ཚེ་རིང་འདི་ སྐྱེས་ས་བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ ཨུ་ར་མ་གཡུས་ལས་ཨིན། ཤེས་ཡོན་ཡང་ ཐིམ་ཕུ་ སེམས་རྟོགས་ཁ་རིག་གཞུང་སློབ་གྲྭ་ལས་ ནང་པའི་ཆོས་དང་རིག་གཞུང་ཀྱི་སྐོར་ཚུ་ལྷབ་སྦྱང་མཛད་དེ་ དང་པ་ ཞི་གཡོག་དཀྱུས་མ་ལས་འགོ་བཙུགས་ བདག་སྐྱོང་ཀྱི་གོ་གནས་བཞེས་ཏེ་ མཐར་ འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད་ནང་ལུ་ ཞིབ་འཚོལ་པའི་བདག་རྐྱེན་ཚུ་བསྣམས་ཏེ་ དཔེ་མཛོད་ཐོ་བཀོད་དང་གཞན་ཡང་ རང་ལུགས་ལམ་སྲོལ་དང་འབྲེལ་བའི་རྩོམ་ཤོག་དང་ འབྲུག་གི་གླུ་དེབ་ལ་སོགས་པའི་དཔེ་དེབ་མང་རབས་ཅིག་ བསྡུ་སྒྲིག་དང་གསར་རྩོམ་འབད་དེ་ པར་སྐྲུན་ཡང་འབད་ཡོདཔ་ཨིན།
ཞི་གཡོགཔ་ལས་དགོངསམ་མ་ཞུ་བའི་ཧེ་མ་ དཔེ་མཛོད་ཀྱི་མདོ་ཆེན་ངོ་ཚབ་སྦེ་ཡང་ཕྱག་ཞུ་བའི་ཁར་ ཞིབ་འཚོལ་མཁས་མཆོག་གི་ཕྱག་འགན་ཡང་བསྣམས་ཏེ་ འབྲུག་མི་ན་གཞོན་ཞིབ་འཚོལ་པ་དང་ རྩིམ་རིག་ནང་ལུ་བཅའ་གཏོགས་མི་ཆ་མཉམ་ལུ་ རྒྱབ་རྟེན་ཁུངས་གཏུགས་ཀྱི་དཔེ་དེབ་ཚུ་ བརྩམས་གནང་སྟེ་ ད་ལྟོ་ར་འབད་རུང་ རང་ལུགས་ལམ་སྲོལ་དང་ཆོས་དང་རིག་གཞུང་གི་ བཀའ་སློབ་ཞུ་ས་དང་གྲོས་བསྟུན་འབད་སའི་ མཁས་པའི་དབང་པོའི་གྲས་ལུ་ བཞུགས་ཡོདཔ་ཨིན།