འབྲེལ་ཡོད་ལས་སྡེ།

འབྲེལ་ཡོད་ལས་སྡེ།

སློབ་དཔོན་རྡོ་རྗེ་རྒྱ་མཚན།

རིགས། :
མཁས་མཆོག།
རྒྱལ་ཁབ། :
འབྲུག།
འགྲེལ་བཤད།
སློབ་དཔོན་རྡོ་རྗེ་རྒྱལ་མཚན་གྱིས་ འགོ་ཐོག་བློ་ལྡན་གཞི་ཚོགས་ནང་ལུ་འཛུལ་ཞུགས་འབད་དེ་ འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད་དང་ མཉམ་འབྲེལ་ཐོག་ རྒྱལ་ཁབ་ཀྱི་རྫོང་གཞིས། ལྷ་ཁང་། དགོན་སྡེ། སྣག་ཚང་ཚུ་ནང་དང་ སྒེར་དབང་ལྷ་ཁང་དང་སྒེར་རྐྱང་གི་ གསུང་འབུམ་ཡིག་ཆ་སྣ་ཚོགས་ཚུ་ གློག་རྡུལ་འདྲ་དཔར་ཐོག་ ཕབས་བཟུང་འབད་ནིའི་ལས་འགུལ་ འགོ་འདྲེན་འཐབ་ཡོདཔ་ཨིན། དེ་མ་ཚད་ འབྲུག་གི་དངོས་མེད་ལམ་སྲོལ་གི་དབྱེ་ཁག་བཟོ་ནིའི་ནང་ལུ་ཡང་ གྲལ་གཏོགས་འབད་ཞིན་ན་ དངོས་མེད་ལམ་སྲོལ་ཚུ་ ཞིབ་འཚོལ་དང་ཞིབ་འཇུག་འབད་ནི། གློག་བརྙན་བཟོ་ནི། སྒྲ་བཟུང་འབད་ནི། སྐད་སྒྱུར་འབད་ནིའི་ལས་འགུལ་ནང་ཚུ་ནང་ལུ་ཡང་ གྲལ་གཏོགས་དང་ལམ་སྟོན་ཚུ་འབད་ཡོདཔ་ཨིན།

དེ་གི་ཤུལ་ལས་ ཀྲོང་གསར་རྫོང་ཁག་ སྟག་རྩེ་ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭའི་ལེགས་སྦྱར་བ་སྦེ་ ལོ་ངོ་དག་པ་ཅིག་ཕྱག་ཕྱིད་ཞུ་བའི་སྐབས་ལུ་ཡང་ ཁོ་རའི་རྒྱུད་ལུ་ཡོད་པའི་ ནང་ཆོས་དང་འབྲེལ་བའི་རིག་གཞུང་གི་ཤེས་ཡོན་ཚུ་ སློབ་ཕྲུག་ཨ་ལུ་ཚུ་ལུ་སྤེལ་ཡོདཔ་མ་ཚད་ རིག་གཞུང་གི་འགོ་འཁྲིདཔ་དང་ ནང་ཆོས་དང་འབྲེལ་བའི་ཞིབ་འཇུག་ལྟེ་བའི་ ལས་ཁུངས་ཀྱི་འགོ་འདྲེན་པ་སྦེ་ཡང་ ཕྱག་ཞུ་ཡོདཔ་ཨིན། སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་ལས་དགོངསམ་ཞུ་སྟེ་ སླར་ལོག་བློ་ལྡན་གཞི་ཚོགས་ནང་ལུ་འཛུལ་ཏེ་ རིག་གཞུང་དང་རྣམ་ཐར། རྒྱལ་རབས་འབྱུང་རབས། དེ་ལས་ ཆོས་དང་ལམ་སྲོལ་གྱི་དོན་ཚན་སྣ་ཚོགས་གུ་ལུ་ ཞིབ་འཚོལ་འབད་དེ་ ཀི་དེབ་དག་པ་ཅིག་ཡང་པར་སྐྲུན་འབད་དེ་ཡོདཔ་མ་ཚད་ ད་རེས་སྐབས་ཅིག་འབད་བ་ཅིན་ དཔེ་ཆ་དང་ཡིག་ཆའི་རིགས་ཚུ་འཕྲོ་མཐུད་དེ་ གློག་རྡུལ་ཕབས་བཟུང་གི་ལཱ་ཚུ་འབད་བཞིན་ཡོདཔ་མ་ཚད་ གཞི་ཚོགས་ནང་ལུ་ ལམ་སྲོལ་དང་འབྲེལ་བའི་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་པའི་ཞོར་ཁར་ རྒྱལ་རབས་དང་འབྱུང་རབས་བསྡུ་སྒྲིག་གི་ལཱ་ཚུ་ གནང་པའི་བསྒང་ཡོདཔ་ཨིན།
བརྡ་དོན་འབྱུང་ཁུངས། :