འབྲེལ་ཡོད་ལས་སྡེ།

འབྲེལ་ཡོད་ལས་སྡེ།

ཐིམ་ཕུ་རྒྱལ་འཛིན་མཐོ་རིམ་སློབ་གྲྭ།

རིགས། :
ལས་ཚོགས།
རྒྱལ་ཁབ། :
འབྲུག།
འགྲེལ་བཤད།
ཐིམ་ཕུ་རྒྱལ་འཛིན་མཐོ་རིམ་སློབ་གྲྭ་འདི་ ཐིམ་ཕུ་སྨད་ བཱ་སྦིས་ས་གི་མཇུག་ གནའ་སྦིས་ཕུ་ལུ་སྦེ་ ས་ཆ་ཨེ་ཀར་ ༢༥ གི་ནང་འཁོད་ལུ་ ཤེས་ཡོན་སྦྱང་སའི་ས་ཁོངས་ སྐྱིད་ཉམས་དང་ཉེན་སྲུང་དང་ལྡནམ་སྦེ་ གཞིས་ཆགས་ཏེ་ཡོདཔ་ཨིན། མཐོ་རིམ་སློབ་གྲྭ་དེ་ ཐིམ་ཕུ་ཁྲོམ་ཁ་ལས་འབད་བ་ཅིན་ ཀི་ལོ་མི་ཊར་ ༡༠ དང་ སྣུམ་འཁོར་ནང་འགྱོ་བ་ཅིན་ སྐར་མ་ ༢༥ དེ་ཅིག་ སྒོརཝ་མ་ཚད་ སྤ་རོ་གནམ་གྲུ་ཐང་ལས་འབད་བ་ཅིན་ ཆུ་ཚོད་ ༡ དེ་ཅིག་སྒོརཝ་ཨིན། སློབ་གྲྭ་ས་ཁོངས་དེ་ནང་ལུ་ སྒྲིང་ཁྱིམ་ ༣༤ དེ་ཅིག་ཡོདཔ་དང་ དེ་ཚུ་ཡང་ དེང་སང་ཤེས་ཡོན་གྱི་མཐུན་རྐྱེན་ཆ་ཚང་ཡོདཔ། སྡོད་ཁང་། སྤྲོ་གསེང་གི་མཐུན་རྐྱེན། སློབ་ཕྲུག་ཚུ་གི་ཉལ་ཁང་། གནས་སྦྲེལ་བཟའ་ཁང་། བཟའ་ཁང་། འཁྲབ་སྟོན་ཁང་། ཞལ་འཛོམས་ཁང་། གྱིབ་ཀྱི་རྩྭ་སྟིང་ཡོད་པའི་རྐང་རྩེད་ཐང་། ལག་རིལ་རྩེད་ཐང་། རྐང་རྩེ་ཐང་ཆུང་བ་དང་ དགོས་དོན་སྣ་མང་སྤྱོད་ཁང་། དེ་ལས་ ཁྱིམ་ནང་གི་ལག་རིལ་རྩེད་ཐང་། སྒྲོ་རིལ་རྩེད་ཐང་དང་ ལུས་སྦྱོང་གྱི་མཐུན་རྐྱེན་ཚང་པའི་ཁང་མིག་བཅས་ཡོདཔ་ཨིན།

མཐོ་རིམ་སླབ་གྲྭ་དེ་གིས་ སློབ་ཕྲུག་ཚུ་ལུ་ དུས་རྒྱུན་གྱི་སློབ་ཚན་ཁག་མ་འདྲཝ་ཚུ་ སློབ་སྟོན་འབད་ནི་རྐྱངམ་གཅིག་གིས་མ་དོ་བར་ ཞིབ་འཚོལ་དང་ཞིབ་འཇུག་གི་ལས་འགུལ་ སྣ་ཚོགས་ཚུ་ཡང་མཉམ་འབྲེལ་འབད་དེ་ སློབ་ཕྲུག་ཚུ་དང་མཁས་དབང་ཚུ་ གྲས་གཏོགས་འབད་བཅུག་དོ་ཡོདཔ་ཨིན། ལས་འགུལ་ཚུ་ཡང་ ལམ་སྲོལ། གནམ་གཤིས་འགྱུར་བ། སྐྱེ་ལྡན་རིགས་སྣ་སྲུང་སྐྱོབ། ཐབས་བྱུས་གྲལ་གཏོགས། འཕྲུལ་རིག་གསར་བཏོད་ཚུ་གི་དོན་ཚན་ཐོག་ རྒྱལ་ཁབ་ཀྱི་ཡུན་བརྟན་གོང་འཕེལ་ལུ་ ལྷན་ཐབས་འབདཝ་ཨིན། གོང་གསལ་ ལས་སྣ་ཚུ་ལས་གཅིགཔོ་འདི་ འབྲུག་གི་ལ་དགུང་གསུམ་གྱི་ ལམ་སྲོལ་རྒྱུན་བཟུང་གི་ལས་འགུལ་འདི་ཨིནམ་དང་ ལས་འགུལ་དེ་ཡང་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་དང་ མཉམ་འབྲེལ་འབད་དེ་གཞི་བཙུགས་འབད་ཡོདཔ་ཨིན། ལས་འགུལ་དེ་གི་ དམིགས་དོན་གཙོ་བོ་ར་ ཉམས་ཉེན་ཅན་དང་སྣང་མེད་སྐྱུར་བའི་ ལ་དགུང་གསུམ་གྱི་ལམ་སྲོལ་རྒྱུན་ཚུ་ཞིབ་འཚོལ་འབད་དེ་ ད་ལྟ་བ་དང་མ་འོངས་པའི་མི་རབས་ཚུ་ལུ་ རྒྱབ་ཁུངས་དང་ལྡན་པའི་ ཞིབ་འཚོལ་གྱི་མཐུན་རྐྱེན་བཟོ་ནིའི་ཐབས་ལམ་སྒྲིགཔ་ཨིན། ད་ཚུན་གྱི་རིང་ལུ་ ལས་འགུལ་དེ་གིས་ ཧཱ་རྫོང་ཁག དབང་འདུས་ཕོ་བྲང་རྫོང་ཁག་གི་ སྲས་ཕུ་རྒེད་འོག་ཚུ་ནང་ཞིབ་འཚོལ་འབད་ཚར་ཏེ་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ བུམ་ཐང་རྫོང་ཁག་ དུར་གྱི་གཡུས་ཚན་ཚུ་ནང་ལུ་ ཞིབ་འཚོལ་གྱི་གནས་སྡུད་ཚུ་ བསྡུ་སྒྱོམ་འབད་བའི་བསྒང་ཡོདཔ་ཨིན།
བརྡ་དོན་འབྱུང་ཁུངས། :