ལམ་སྲོལ་ཆ་ཤས།
Elements
ཨེ་མ་དར་ཚི།
[
རྫོང་ཁ།
]
- རྒྱལ་ཁབ།
- འབྲུག།
- ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
- རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།
- ས་གནས།
- འབྲུག་རྒྱལ་ཁབ་ཀྱི་ས་གནས་ག་ཏེ་ལུ་ཡང་ འཛུགས་སྐྱོང་དང་བཟའ་སྤྱོད་འབད་སྲོལ་ཡོདཔ་ཨིན།
- ངོས་བཟུང་འབད་བའི་ལོ།
- ༢༠༢༢
འགྲེལ་བཤད།
སྤྱིར་བཏང་འཛམ་བུ་གླིང་གི་མིའི་འགྲོ་ལུགས་དང་ འཚོ་བ་སྐྱོང་བའི་སྐབས་ལུས་ཀྱི་སྟོབས་ཤུགས་རྒྱས་ནི་དང་ གཟུགས་ཁམས་འཕྲོད་བསྟེན་ལེགས་ཤོམ་སྦེ་བཞག་ནི་ལུ་ བཟའ་སྤྱོད་འབད་དོ་ཡོད་པའི་ཟས་ཀྱི་རིགས་ བཟའ་ནི་དང་འཐུང་ནི་གཉིས་ཁྱབ་ཆེཝ་སྦེ་ཡོདཔ་ཨིན། འབྲུག་རྒྱལ་ཁབ་ཀྱི་ནང་ལུ་ཡང་ བཞེས་སྒོ་བཟའ་བའི་སྐབས་ “བཟའ་བ་གཡས་དང་འཐུང་བ་གཡོན། །”ཟེར་ རང་ལུགས་སྒྲིག་ལམ་རྣམ་གཞག་དང་ གཞན་ཡང་ མི་ཤི་ཟས་བསྔོའི་སྐབས་ཟས་བཀྲམ་ཐངས་ཡང་ དེ་སྦེ་རང་སྒྲིག་སྲོལ་ཡོདཔ་ཨིན། སླབ་སྲོལ་དེ་གིས་ འབྲུག་རྒྱལ་ཁབ་ནང་ལུ་ སྔོན་དང་ཕུ་ས་ཆགས་གནམ་ཆགས་ཀྱི་སྐབས་ལས་ བཟའ་བའི་ཟས་ཀྱི་རིགས་གཉིས་སྦེ་ཡོདཔ་ཨིནམ་ ང་བཅས་ཚུ་གིས་ཤེས་ཚུགས་པས། ཨིན་རུང་ ད་ལྟོ་སྐབས་སུ་བབས་པ་ ཞིབ་འཇུག་རྩོམ་ཤོག་འདི་གི་ནང་ལུ་ བཟའ་བའི་ཟས་ཀྱི་ནང་ལས་ ལྟོའི་རིགས་མེན་པར་ རངལུགས་འབྲུག་པའི་ཁྱད་ཆོས་ཐུན་མིན་གྱི་ཚོདམ་ བྱ་རྒྱུད་ (སྔོ་ཚོད་རིགས་ལས་བཟོ་བཟོཝ། ཡང་ཅིན་ དཀར་ཟས།) དང་ སྤྱོད་རྒྱུད་ཚོདམ་ (ཤའི་རིགས་དང་ཤ་རིགས་སླ་བསྲེས་རྐྱབ་རྐྱབ། ཡང་ན་ དམར་ཟས།) ཟེར་ ཚོདམ་གི་རིགས་གཉིས་ཀྱི་ནང་ལས་ འབྲུག་མི་ལུང་ཕྱོགས་མང་ཆེ་བ་གིས་དགའ་མི། བཟོཝ་འཇམ་མི། ཞིམ་ཤོས། ཟས་ཁམས་འཇུག་བཅུག་མི། རིགས་མངམ་སྦེ་བཟོ་བཏུབ་མི། བལྟཝ་ད་ཡང་བཟའ་དགོ་མནོ་སི་སི་ཡོད་པའི་ ཨེ་མ་དར་ཚི་གི་ཚོདམ་གི་སྐོར་ལས་ཞུ་ནི་ཨིན།
ཨེ་མ་དར་ཚི་འབྲུག་པའི་བཞེས་སྒོ།
མ་གཞི་ ཨེ་ཤི་ཡང་ལུང་ཕྱོགས་ནང་གི་རྒྱལ་ཁབ་མང་ཆེ་ཤོས་ཀྱིས་ ཡུ་རོབ་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚུ་ནང་བཟུམ་མེན་པར་ ཨེ་མའི་ཞིང་ལཱ་ཁྱབ་ཆེཝ་སྦེ་འབད་དོ་ཡོདཔ་མ་ཚད་ ཨེ་མའི་རིགས་ (Capsicum spp.) བཟའ་སྤྱོད་འབད་ཐངས་ཡང་ ཁྱབ་ཆེཝ་འབད་ཡོདཔ་ཨིན། ཨིན་རུང་ འབྲུག་རྒྱལ་ཁབ་ནང་ལུ་ཨིན་པ་ཅིན་ དང་པ་གངས་རི་ཧི་མ་ལ་ཡའི་ལྷོ་ཕྱོགས་ཀྱི་རི་རྒྱུད་ནང་ལས་ཕར་ཆགས་པ། གནམ་གཤིས་གནས་སྟངས་ཡང་ བསིལ་དྲོད་མཐོ་དམན་མཉམ་ལས་བརྟེན་ ལོ་ཐོག་འབྲུ་སྣ་དང་ཚོད་བསྲེ་གི་རིགས་ཚུ་ཡང་ འབོར་ཆེ་ཏོག་ཏོ་སྦེ་འབྱུང་པའི་རྒྱལ་ཁབ་ཅིག་ཨིན། དེ་འབདཝ་ལས་ མི་ཚེ་འཚོ་བ་སྐྱོང་ནི་ལུ་ཟས་གཙོ་བོ་ རེད་ལས་བཏོན་པའི་ཆུམ་གྱི་ལྟོ་དང་ དེ་གུ་ལུ་ གནམ་བྱཱར་འབདན་ཨེ་མ་ཧོནམ་དང་ གནམ་དགུན་ལུ་ ཨེ་མ་སྐམ་གྱི་རིགས་ནང་ནོར་གྱི་དར་ཚི་བླུགས་ཏེ་བཟོ་བའི་ ཨེ་མ་དར་ཚི་གི་ཚོདམ་བཟོ་སྟེ་བཟའ་སྲོལ་འདི་ རྒྱལ་ཁབ་ནང་གི་ལུང་ཕྱོགས་ཀྱི་གཡུས་སྒོ་ཆ་མཉམ་གྱིས་ ཁྱབ་ཆེཝ་སྦེ་བཟའ་སྤྱོད་འབད་བའི་ བཞེས་སྒོ་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཅིག་ཨིན། གཞན་དང་མ་འདྲ་བ་བའི་བཞེས་སྒོ་ཟེར་མི་འདི་ གཞན་རྒྱལ་ཁབ་ཚུ་ནང་ ཨེ་མ་བཟའ་སྤྱོད་འབད་སྲོལ་ཡོད་རུང་ ཨེ་མ་དར་ཚི་བཟོ་སྟེ་བཟའ་སྲོལ་མེད་ནི་དེ་གིས་ འབྲུག་པའི་ངོ་རྟགས་དང་དཔེ་མཚོན་ སྟོན་ཚུགསཔ་ལས་བརྟེན་ཏེ་ཨིན།
ཨེ་མའི་འབྱུང་ཁུངས།
སྤྱིར་བཏང་ཕྱི་གླིང་པའི་སྐད་ནང་ ཨེ་མའི་སྤྱི་མིང་ལུ་ ཅི་ལི་པེ་པཱརསི་ (Capsicum annuum L.) ཟེར་ སླབ་སྲོལ་ཡོདཔ་དང་ འདི་རྡོག་མ་བཏགས་པའི་འབྲས་ཤིང་གི་རིགས་ལས་ ཇི་ནའུསི་ཀེབ་སི་ཀཱམ་གྱི་དབྱེ་བ་ཅིག་ཨིནམ་དང་ རིགས་འབད་བ་ཅིན་ ནའིཊ་ཤེཌ་སོ་ལ་ནཱ་སཱེཨི (Solanaceae སྔོ་ཤིང་མཚན་རིག་གི་མིང་གནས་) ནང་ལུ་ཚུདཔ་ཨིན་ཟེར་ ཝི་ཀི་པི་ཌི་ཡང་རིག་མཛོད་ནང་ལུ་བཀོད་དེ་འདུག། རིག་མཛོད་དེ་དང་འཁྲིལ་ཏེ་ ཀེབ་སི་ཀཱམ་ཨེ་མའི་འབྱུང་ཁུངས་འདི་ སྤྱི་ལོ་མ་ཐོན་པའི་ཧེ་མ་ ༧༥༠༠ ལས་ ལྷོ་ཕྱོགས་ཨེ་མི་རི་ཀ་ལུང་ཕྱོགས་ཀྱི་ས་ཁ་མཐོ་བའི་རྒྱལ་ཁབ་ པི་རུ་དང་བཱོ་ལི་བཱི་ཡ་ནང་གི་མི་ཚུ་གིས་བཟའ་སྤྱོད་འབད་དོ་ཡོདཔ་དང་ དེ་གི་ཤུལ་ལས་སྤྱི་ལོ་ ༦༠༠༠ ལུ་ ཤར་དང་དབུས་ཕྱོགས་ཀྱི་མེཀ་སི་ཀོ་རྒྱལ་ཁབ་ནང་ལུ་ ཞིང་ལཱ་འབད་ནིའི་དར་ཁྱབ་སོང་སྟེ་རིམ་པ་བཞིན་དུ་ ཨེ་མེ་ཛོན་གྱི་ས་སྒོ་ཚུ་ནང་ཡང་བཟའ་སྤྱོད་འབད་སྲོལ་བྱུང་ཡོདཔ་ཨིན་མས།
ཤུལ་ལས་ ཡུ་རོབ་ལུང་ཕྱོགས་ཀྱི་འགྲུལ་བསྐྱོད་པ་མི་ཚུ་གིས་ ཀེབ་སི་ཀཱམ་ཨེ་མའི་སྐོར་ལས་ཤེས་ཞིནམ་ལས་ དེའི་སོན་ཡུ་རོབ་ལུང་ཕྱོགས་ཀྱི་རྒྱལ་ཁབ་ཚུ་ནང་ལུ་འབག་འོང་སྟེ་ སྤྱི་ལོ་ ༡༤༩༣ ཙམ་ལུ་ ཉེ་འདབས་ཀྱི་རྒྱལ་ཁབ་གཞན་ཚུ་ནང་ལུ་ འཛུགས་སྐྱོང་འཐབ་སྲོལ་བྱུང་སྟེ་ངམ་ངམ་ཤུགས་ཀྱིས་ སྤྱི་ལོ་ ༡༥༠༠ དང་ ༡༥༦༠ མཚམས་ལུ་ ཡུ་རོབ་རྒྱལ་ཁབ་ཆ་མཉམ་ནང་ བཟའ་སྤྱོད་འབད་ཡོདཔ་ཨིན་མས། ཨིན་རུང་ ཨེ་མའི་ནུས་ཤུགས་ཁ་ཚ་ནི་དེ་གིས་ ཁོང་ཚུ་གི་ས་ཁ་མཐོ་བའི་གཟུགས་ཁམས་ལུ་མ་འཕྲོདཔ་ལས་བརྟེན་ཏེ་ དྲོད་མཉམ་གྱི་གནམ་གཤིས་དང་ལྡན་པའི་ལུང་ཕྱོགས་རྒྱལ་ཁབ་གཞན་ཚུ་ལུ་ནང་ དར་ཁྱབ་གཏང་ནིའི་རྩིས་རྐྱབ་ནུག། དེ་ལས་ དུས་རབས་ ༡༦ པ་ལས་ པོར་ཅུ་གལ་དང་ཨིསི་པཱེནརྒྱལ་ཁབ་ཀྱི་ཚོང་འབྲེལ་འཐབ་མི་ཚུ་གིས་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་རྒྱལ་ཁབ་ རྒྱ་གར། ཤྲཱི་ལང་ཀ མཱ་ལེ་ཤི་ཡ། ཕི་ལི་པིནསི་ཚུ་གིས་མ་ཚད་པར་ ཤར་ཨེ་ཤི་ཡའི་རྒྱལ་ཁབ་ རྒྱ་ནག་དང་ཇ་པཱན་ཚུ་ནང་དང་ དེ་གིས་ཡང་མ་ཚད་པར་ ནུབ་ཨེ་ཤི་ཡའི་རྒྱལ་ཁབ་ཚུ་དང་ མཐའ་ན་ ཨཕ་རི་ཀའི་ལུང་ཕྱོགས་ནང་ལུ་ཡང་ ཁྱབ་སྤེལ་འབད་ཡོདཔ་ཨིན་མས། རིམ་པ་བཞིན་དུ་ རྒྱ་གར་གྱི་མངའ་སྡེ་གོ་བ་དང་ཀོལ་ཀ་ཊ་ལས་འབད་ ཚོང་སྒྱུར་འཐབ་མི་དང་གནས་བསྐོརཔ། དེ་ལས་ འགྲུལ་བསྐྱོད་འཐབ་མི་ཚུ་གིས་ཨེ་མའི་སོན་འདི་ འབྲུག་རྒྱལ་ཁབ་ནང་ལུ་ དུས་རབས་ ༡༧ པ་དང་༡༨ ཙམ་ལས་རྐྱངམ་གཅིག་དར་ཁྱབ་བྱུང་སྟེ་ བཟའ་སྤྱོད་འབད་ཡོདཔ་སྦེ་ (ཀུན་བཟང་ཆོས་སྒྲོན། ༢༠༠༨ ༡༡༡-༡༢༡) ནང་བཀོད་དེ་འདུག།
ཨེ་མའི་ཟས་བཅུད།
(ཨལ་ཝ་རེསི་པར་རིལ་ལ་ ༢༠༡༡ དང་ ཨོ་ལ་ཏུན་ཇི་དང་ཨ་ཕོ་ལ་ཡན་ ༢༠༡༩) གྱིས་བཀོད་དོ་བཟུམ་འབད་བ་ཅིན་ སྤྱིར་བཏང་ཨེ་མ་ག་རའི་ནང་ལུ་ ཟས་བཅུད་མང་སུ་ཡོདཔ་མ་ཚད་ ལི་པིཌསི། (lipids) མངའ་རྩི། (carbohydrates) ཟས་ངར། (fibers) ས་གཏེར་གྱི་ཚྭ། (mineral salts) དང་ བཅུད་སྨན། (vitamins) ཚུ་མང་སུ་འབད་ཡོདཔ་ཨིན་མས། གོང་གསལ་རང་བཞིན་ལྷན་སྐྱེས་ཀྱི་ཟས་བཅུད་ཚུ་གིས་ འགྲོ་བ་མི་གི་གཟུགས་ཁམས་འཕྲོད་བསྟེན་སྒྲིང་སྒྲིང་སྦེ་བཞག་ཐབས་ལུ་ ཕན་པ་སྦོམ་ཡོདཔ་ལས་ འདི་ཡང་ (ཨིལ་གོ་རབ་ཨིཏ་ཨལ་ ༢༠༡༣ དང་ ཝཱཡུན་ནི་ཨིཏ་ཨལ་ ༢༠༡༣) གིས་ ནད་གཞི་ཀེན་སར། དབུགས་གསག་ནད། བློ་འབར་ནི། ལྐོདམ་ནང་རྨ་འཐོན་ནི། སོ་ན་ནི། གུ་རམ་ནད། དོན་ཧིང་དང་ཁྲག་རྩའི་ནད་ཚུ་དྲག་ནི་ལུ་ ཕན་གྲོགས་འབདཝ་ཨིན་ཟེར་བཀོད་དེ་འདུག། དེ་གིས་ཡང་མ་ཚད་པར་ ནང་པ་གསོ་རིག་གི་ཁ་ཐུག་ལས་འབད་རུང་ “མེ་དྲོད་བཅའ།” ཟེར་ ཨེ་མ་གིས་ གཟུགས་ཀྱི་དྲོད་འབར་ནི་དང་དྲོད་བཏགས་ནི། དེ་ལས་ དྲོད་ཡོདཔ་སྦེ་བཞག་ནི་ལུ་ཕན་ཐོགས་པའི་ཁར་ གཟུགས་དང་ཕོཝ་ནང་དྲོད་ཡོད་པ་ཅིན་ བཟའ་བའི་ཟས་ཚུ་བཞུ་ནི་ལུ་ཕན་ནི། དེ་ལས་ ཟས་བཅུད་འཐོབ་སྟེ་ གཟུགས་ཁམས་འཕྲོད་བསྟེན་ལེགས་ཤོམ་སྦེ་བཞག་ནི་ཚུ་ལུ་ ཕན་ཐོགསཔ་ཨིན་ཟེར་བཀོད་དེ་འདུག།
ཨེ་མའི་མིང་གནས།
གོང་ལུ་ཞུ་དོ་བཟུམ་སྦེ་ འབྲུག་རྒྱལ་ཁབ་ནང་གི་ལུང་ཕྱོགས་ག་ར་གིས་ ང་བཅས་རའི་ཕམ་ཚུ་གིས་མ་ཤེས་པའི་སྔ་གོང་ལས་ ཨེ་མ་དང་དེའི་བཞེས་སྒོ་མ་བཟའ་མི་དང་ དེ་ལུ་ལོངས་མ་སྤྱོད་མི་ག་ཡང་མེདཔ་ཨིན། དེ་འབདཝ་ལས་ གཡུས་སྒོ་སོ་སོའི་གཡུས་སྐད་དང་ངག་གཤིས་ཚུ་དང་འཁྲིལ་ཏེ་ ཨེ་མ་དང་ ཨེ་མ་དར་ཚིའི་ཚོདམ་ལུ་ཡང་ མིང་གནས་མ་འདྲཝ་སྦེ་འབོ་སྲོལ་ཡོད་མི་ཚུ་ཡང་ འབྲུག་ནུབ་ཕྱོགས་པ་མང་ཆེ་བ་གིས་ ཨེ་མ་དར་ཚི། ཨེ་མ་དར་ཚིལ། (གཞུང་སྐད་ལྟར་དུ།) དེ་ལས་ དབུས་ཕྱོགས་ཀྱི་རྫོང་ཁག་ཚུ་དང་ ཀུར་སྟོད། བཀྲིས་གཡང་རྩེཔ་ཚུ་གིས་ ཅོག་གཅིག་སྦེ་ར་ཨེ་མ་ལུ་ ‘བང་ག་ལ་’ དང་ དེའི་ཚོདནམ་ལུ་དང་ ‘ཁྲ་མི་’ ཟེར་སླབ་སྲོལ་ཡོདཔ་དང་ དེ་བཟུམ་སྦེ་ཤར་ཕྱོགསཔ་ཚངས་ལ་ཁ་རྐྱབ་མི་ཚུ་གིས་ ‘སོ་ལོ་’ (ཨེ་མ་)དང་ ‘སོ་ལོ་མོམ་’ (ཚོདམ་)ཟེརཝ་ཨིནམ་དང་ མཇུག་ར་ ལྷོ་མཚམས་པ་ཚུ་གིས་འབད་བ་ཅིན་ ཨེ་མ་ལུ་ ‘ཁོར་སཱ་ནི་’ དང་ ‘ཁོར་སཱ་ནི་ཀོ་སཱབ་ཇི་’ ཟེར་ཚོདམ་ལུ་སླབ་སྲོལ་ཡོད་རུང་ ཆེམོ་ཅིག་བཟའ་སྤྱོད་འབད་སྲོལ་མེདཔ་ཨིན།
ཨེ་མའི་རིགས་མ་འདྲཝ།
འབྲུག་རྒྱལ་ཁབ་ནང་ལུ་ ཨེ་མ་འདི་ ཚོདམ་ག་རའི་ནང་ལུ་མེད་ཐབས་མེད་པའི་རྫས་སྦྱོར་དང་ ཚོད་བསྲེ་གལ་ཅན་ཅིག་སྦེ་ཆ་བཞགཔ་ཨིན། གཡུས་མི་རང་སོའི་ས་ཁོངས་དང་གནམ་གཤིས་ཀྱི་འཕྲོད་སྦྱོར། དེ་ལས་ བཟའ་ལུགས་་ཀྱི་སྤྱོད་ལམ་ལས་བརྟེན་ མི་ཚེ་འཚོ་བ་སྐྱོང་ཐབས་ལུ་འཛུགས་སྐྱོང་འབད་དེ་ གཤམ་འཁོད་ཨེ་མའི་རིགས་མ་འདྲཝ་ཚུ་ཐོན་སྲོལ་ཡོད་རུང་ སྐྱེ་ལྡན་རིགས་སྣའི་སྒོ་ལས་དབྱེ་བ་ཅིན་ ཝང་གི་ཨེ་མ་ཨོ་ཀྲོའི་རིགས། (?) སྤ་རོ་པའི་ཨེ་མའམ་རྡོ་སྒར་པའི་ཨེ་མ། སྟོད་པའི་ས་འབོད་སྒར་པའི་ཨེ་མ། སྐྱབས་ཆའི་ཨེ་མ་དང་ཤར་གྱི་ཨེ་མའི་རིགས། (Cubanelle peppers) ཨུར་ཀ་བང་ག་ལའི་རིགས། (Habanero pepper) མར་ཚ་ལ་སོ་ལོ་དང་ལྷོ་མཚམས་པའི་བྱི་ཙི་ཨེ་མའི་རིགས། (Tabasco peppers) ཨེ་མ་བྱུ་རིལམོ་གི་རིགས་ (Cherry pepper) དང་ དེ་ལས་ མཇུག་ར་ རྒྱ་གར་ཨེ་མའི་རིགས་ (Bird’s beak peppers) སྦེ་ཁག་དྲུག་དབྱེ་སྲོལ་འདུག།
འབྲུག་ནུབ་ཕྱོགས་ཁ་ཐུག་ལུ་ཨིན་པ་ཅིན་ ཨེ་མའི་རིགས་ཡང་ ཝང་གི་ཨེ་མ་ཨོ་ཀྲོ། ངོ་མ་ སྨད་ཝང་གི་གཡུས་མི་ཚུ་གིས་འཛུགས་སྐྱོང་འཐབ་དོ་ཡོདཔ་དང་ རིང་ཐུང་དཔྱ་མཐོ་གང་དང་ཕྱེད་ བར་སྐབས་རེ་ གཉིས་ཙམ་ཡང་འོངམ་ཨིན་དང་ སྦོམ་ཆུང་འབད་བ་ཅིན་ སོར་གཉིས་མ་ལངམ། སྤྱི་ཏོག་རྣོས་ཁེག་ཁེ། ཨེ་མའི་ཤིང་གུ་ལས་མར་དཔྱང་སྟེ་རྡོག་མ་བཏགསཔ་ཨིན། ཨེ་མའི་ཁ་ཚའི་ཐད་ རྒྱ་གར་ཀྱི་ཨེ་མ་ལས་བརྒྱ་ཆ་ ༥༠% དེ་ཅིག་གིས་འཇམ་རུང་ འཕྲལ་འཕྲལ་སྐབས་ཁ་ཚ་ཧ་ལམ་ཅིག་འབད་མི་ཡང་ཐོན་ནི་ཡོད། ཁྱད་ཆོས་ཐུན་མིན་འདི་ ཨེ་མ་སྐམ་པའི་སྐབས་ལུ་ གཉེར་མ་སྒོང་སྟེ་ ཨོ་ཀྲོ་སྦེ་འགྱོཝ་ལས་ མིང་གནས་ཡང་དེ་སྦེ་བཏགས་ཡོདཔ་ཨིན་མས། དོ་རུང་ ཁྱད་ཆོས་གཞན་མི་འདི་ ཨེ་མའི་ཚོདམ་བཙོཝ་ད་འཚོགས་ཐལ་རུང་ པགས་ཀོ་ཐོན་ནི་མེདཔ་ལས་ མང་ཤོས་ཀྱི་ཝང་གི་ཨེ་མ་ཨོ་ཀྲོ་འདི་ར་འཚོལཝ་ཨིན།
སྤ་རོ་པའི་ཨེ་མའམ་རྡོ་སྒར་པའི་ཨེ་མ་ རིང་ཐུང་དཔྱ་མཐོ་གང་དང་ཡང་ཅིན་ དེ་ལས་ལྷག་ཙམ་ཅིག་དང་ སྦོམ་ཆུང་འབད་བ་ཅིན་ སོར་གཉིས་མ་ལངམ་སྦེ་འོངམ་ཨིན། ཨེ་མའི་བཟོ་རྣམ་དང་རྡོག་མ་བཏགས་ཐངས་ཚུ་ གོང་གསལ་ཝང་གི་ཨེ་མ་དང་འདྲ་རུང་ ཁ་ཚའི་ཐད་དུམ་གྲ་ཅིག་ཁ་ཚཝ་སྦེ་འོངམ་ཨིན། ཨེ་མ་སྐམ་ད་ བཟོ་རྣམ་ག་ཨིནམ་སྦེ་སྡོདཔ་ཨིནམ་དང་ ཚོདམ་བཟོ་བའི་སྐབས་འཚོགས་ཐལ་སོང་པ་ཅིན་ ཨེ་མའི་ལྤགས་ཀོ་ཐོན་ནིའི་སྐྱོན་ཆ་ཡོདཔ་ཨིན།
སྟོད་པའི་ས་འབོད་སྒར་པའི་ཨེ་མ་འདི་ རིང་ཐུང་དང་སྤ་རོ་རྡོ་སྒར་པའི་ཨེ་མ་ལས་རིང་སུ་དང་ སྦོམ་ཆུང་འདི་ཨ་ཙི་ཆུང་སུ་འཚམས་སྦེ་འོངམ་ཨིན། ཁ་ཚ་དང་པགས་ཀོ་ཐོན་ནི། རྡོག་མ་བཏགས་ནི་དང་བཟོ་རྣམ་ཚུ་ཅོག་ཐདཔ་སྦེ་འོངམ་ཨིནམ་དང་ མ་འདྲ་བའི་ཁྱད་ཆོས་འདི་ ཨེ་མ་ཧོནམ་འབད་བཏགས་པའི་སྐབས་ སྐེད་པར་གཉེར་མ་བཟུམ་སྦེ་མཐོངམ་ཨིན་རུང་ སྐམ་ད་ཨོ་ཀྲོ་ལུ་འགྱུར་ནི་མེདཔ་ཨིན།
ཤར་གྱི་ཨེ་མ་དང་སྐྱབས་ཆ་པའི་ཨེ་མ་ ཚུ་གི་བཟོ་རྣམ་ལ་སོགས་པའི་ཁྱད་ཆོས་གཞན་ཚུ་ སྤ་རོ་པའི་ཨེ་མའམ་རྡོ་སྒར་པའི་ཨེ་མ་བཟུམ་སྦེ་ཡོད་རུང་ འཐོན་སའི་ས་གནས་ལས་བརྟེན་ཏེ་ མིང་ཡང་ཤར་གྱི་ཨེ་མ་དང་ སྐྱབས་ཆ་པའི་ཨེ་མ་ཟེར་འབོ་སྲོལ་ཡོད།
ཨུར་ཀ་བང་ག་ལ་འདི་ གོང་གསལ་ཨེ་མ་གཞན་ཚུ་དང་མ་འདྲ་བའི་བཟོ་རྣམ་ རྦད་དུམ། རྒྱ་ཡང་སྦོམ་སུ་ཧ་ལམ་བྱུ་རིལམོ་འཚམས་སྦེ་འོངམ་མ་ཚད་ སྐམ་ད་ཡང་བཟོ་རྣམ་དེ་སྦེ་ར་མཐོངམ་ཨིན་མས། ཁ་ཚའི་ཐད་ལུ་ གོང་བཀོད་སྤ་རོ་དང་ཤར་གྱི་ཨེ་མ་ལས་ ཨ་ཙི་ཅིག་ཁ་ཚ་སུ་འབད་འོངམ་ཨིནམ་དང་ འཛུགས་སྐྱོང་འཐབ་ས་དང་འཐོན་སྐྱེད་འདི་ ཤར་ཕྱོགས་བཀྲིས་གཡང་རྩེ་རྫོང་ཁག་ འབུམ་སྡེ་གླིང་གི་གཡུས་ཚན་ཚུ་ནང་ལས་ཐོནམ་ལས་བརྟེན་ ཨེ་མའི་མིང་ལུ་ཡང་ གཡུས་སྐད་ལས་ ‘ཨུར་ཀ་བང་ག་ལ་’ (བང་ག་ལ་ ཨེ་མ་ལུ་གོཝ་ཨིན།) ཟེར་སླབ་སྲོལ་ཡོད་རུང་ འབྲུག་མི་ཚུ་གིས་ གཡུས་ངོ་སྟོན་འབད་ཐབས་ལུ་ མིང་ངོ་མ་ ཨུར་ཀ་བང་ག་ལ་དང་མཉམ་ཅིག་ བཀྲིས་གཡང་རྩེ་སྦྱར་ཏེ་ ‘གཡང་རྩེཔའི་ཨུར་ཀ་བང་ག་ལ་’ ཟེར་སླབ་ཨིན་མས། ཨེ་མ་དེ་ བཀྲིས་གཡང་རྩེ་པའི་གཡུས་ཀྱི་འཐོན་སྐྱེད་ངོ་མ་ཅིག་སྦེ་ ཡིད་ཆེས་བསྐྱེདཔ་ཨིན།
མར་ཚ་ལ་སོ་ལོ་འདི་ བསམ་གྲུབ་ལྗོངས་ཁར་རྫོང་ཁག བསམ་གྲུབ་ཆོས་གླིང་དྲུང་ཁག མར་ཚ་ལ་རྒེད་འོག་གི་གཡུས་ཚན་ཚུ་ནང་ལས་དང་ གཞན་ཡང་ ཉེ་འདབས་ཀྱི་རྒེད་འོག་ཚུ་ནང་ཡང་འཛུགས་སྐྱོང་འཐབ་སྲོལ་ཡོད་རུང་ ཡོངས་གྲགས་སྦེ་ གཡུས་སྐད་ལས་ཨེ་མ་ལུ་ ‘སོ་ལོ་’ ཟེར་ སླབ་མི་གུར་གཡུས་མིང་བཙུགས་ཏེ་ ཨེ་མའི་མིང་ལུ་ ‘མར་ཚ་ལ་སོ་ལོ་’ ཟེར་སླབ་ཨིན་མས། ཨེ་མ་དེའི་བཟོ་རྣམ་འབད་བ་ཅིན་ རིང་ཐུག་སོར་དོ་དང་ཕྱེད་དང་དོ་གི་བར་དང་ སྦོམ་ཆུང་གི་རྩིས་རྐྱབ་པ་ཅིན་ སོར་ཕྱེད་དེ་ཅིག་ལས་མི་འོངམ་ཨིན། ཨེ་ཤིང་གུ་ལས་རྡོག་མ་བཏགས་པའི་སྐབས་ རྡོག་མ་ཆུང་ཀུ་འབདཝ་ལས་ དཔྱང་སྟེ་མེན་པར་ཀེར་ཀེར་སྦེ་བཏགསཔ་ཨིནམ་མ་ཚད་ ཁ་ཚའི་ཐད་ལུ་ ལྷོ་མཚམས་པའི་བྱི་ཙི་ཨེ་མ་བཟུམ་སྦེ་ གནམ་མེད་ས་མེད་ཤུགས་ཡོད་མི་ཅིག་ཨིན། ཨེ་མ་དེ་ ཨེ་མ་དར་ཚི་བཟོ་སྟེ་བཟའ་སྲོལ་ རེ་གཉིས་ལས་མ་གཏོགས་ མང་ཤོས་སྐམ་བཟོ། ཨེ་ཕྱེ་འཐག་སྟེ་ཚོདམ་ནང་བླུགས་སྲོལ་དང་ ཨེ་ཕྱེ་དེ་ཁྱབ་ཆེཝ་སྦེ་གཡུས་ཀྱི་ཨེ་རྫས་ གཡུས་སྐད་ལས་ ‘རྣམ་སོ་ལོ་’ ཟེར་ ཨེ་ཕྱེ་ནང་ཞིམ་རྩི་བརྡུང་སྟེ་ སྐམ་སྦེ་སྦྱོར་མི་འདི་བཟོ་སྟེ་བཟའ་སྲོལ་དང་ ཚོང་འབྲེལ་ཡང་འཐབ་སྲོལ་ཡོད།
ལྷོ་མཚམས་པའི་བྱི་ཙི་ཨེ་མ་འདི་ལུ་ གཡུས་སྐད་ལས་ ཇི་ར་ཁོར་སཱ་ནི་ཟེར་སླབ་སྲོལ་ཡོདཔ་ཨིན། བཟོ་རྣམ་ཡང་ མར་ཚ་ལ་སོ་ལོ་ལས་ལོག་བལྟབ་ཀྱིས་ཆུང་རུང་ དེ་ཁ་ཚ་འདི་ཤུགས་ཅན་ཅིག་དང་ ཚད་གཞི་མཐོ་ཤོས་ཅིག་སྦེ་བརྩིཝ་ཨིན། ཨེ་མའི་རྡོག་མ་བཏགས་ཐངས་ཅོག་ཐདཔ་མ་ཚད་ སྤྱོད་ཐངས་ཡང་ ཧོནམ་སྦེ་ཨེ་རྫས་བཟོ་ནི་དང་སྐམ་ཞིནམ་ལས་ ཕྱེ་འཐག་སྟེ་ཚོདམ་ནང་རྫས་སྦྱོར་སྦེ་བླུགས་སྲོལ་ཡོདཔ་མ་གཏོགས་ ཨེ་མ་དར་ཚི་བཟོ་སྲོལ་མེདཔ་ཨིན།
ཨེ་མ་བྱུ་རིལམོ་འདི་ཡང་ ལྷོ་མཚམས་པའི་ཚོད་བསྲེ་གི་འཐོན་སྐྱེད་ཅིག་ཨིནམ་ལས་ གཡུས་སྐད་ལས་ ‘ཌོལ་ལོ་ཁོར་སཱ་ནི་’ ཟེར་སླབ་སྲོལ་ཡོདཔ་ཨིན། བཟོ་རྣམ་ཡང་བྱུ་རུ་བཟུམ་སྦེ་འོངམ་ཨིནམ་དང་ རྡོག་མ་བཏགས་ཐངས་ཡང་གོང་གསལ་ མར་ཚ་ལ་སོ་ལོ་དང་བྱི་རྩི་ཨེ་མ་དང་འདྲཝ་མ་ཚད་ ལོངས་སྤྱོད་ཐངས་ཡང་ ཧོནམ་སྦེ་ཚྭ་དཔག་སྟེ་བཟའ་ནི་དང་ཨེ་རྫས་སྦྱོར་ནི། དེ་ལས་ ཨེ་མ་ཧོནམ་དང་དམརཔོ་གཉིས་ཆ་ར་ དམ་སྦྱིས་ཚུ་ནང་ལུ་བླུགས་ཏེ་ གཡུས་ལུགས་ཀྱི་ཡུན་བརྟན་གྱི་ཨེ་རྫས་ (Pickle) སྦེ་བཟོ་སྟེ་བཟའ་སྲོལ་ཡོདཔ་ལས་ ཨེ་མ་སྐམ་བཟོ་སྲོལ་ཆེནམོ་ཅིག་མིན་འདུག།
རྒྱ་གར་ཨེ་མ་འདི་ ཁྱིམ་ཚང་རྒྱ་གར་རྒྱལ་ཁབ་ལས་ ཨེ་མ་ཧོནམ་གྱི་འཐོན་སྐྱེད་སྐྱོན་པའི་སྐབས་ལུ་ ནང་འདྲེན་འཐབ་མི་ཨེ་མ་ཅིག་ཨིན་རུང་ ད་རེས་ནངས་པ་འབད་བ་ཅིན་ དྲོད་ཡོད་སའི་མཐའ་མཚམས་ཀྱི་རྫོང་ཁག་ཚུ་ནང་ལུ་ཡང་ འཛུགས་སྐྱོང་འཐབ་སྟེ་གནམ་བྱཱར་དགུན་མེད་པར་ཚོད་བསྲེ་ཁྲོམ་ཁར་ཐོབ་ནི་ཡོདཔ་ཨིན། ཨེ་མ་དེ་ཡང་ ལྷམ་པ་གཉིས་སྦེ་འཐོན་སྲོལ་ཡོདཔ་དང་ གཅིག་ རིང་ཐུང་དཔྱ་མཐོ་ཕྱེད་དང་སྦོམ་ཆུང་ཕྱ་སུ། ཁ་ཚའི་ཐད་ཡང་ འབྲུག་པའི་ཨེ་མ་ཚུ་དང་ཕྱདཔ་དང་ཁ་ཚ་ཆེ་རུང་ མར་ཚ་ལ་སོ་ལོ་དང་བྱི་ཙི་ཨེ་མ། དེ་ལས་ ཨེ་མ་བྱུ་རིལམ་བཟུམ་ཅིག་མེདཔ་ཨིན། ཨེ་མ་དེ་ རློམ་དང་སྐམ་གཉིས་ཆ་འོངམ་ཨིན་རུང་ སྐམ་གྱིས་ཕྱེ་ཐག་སྟེ་རྫས་སྦྱོར་སྦེ་སྤྱོད་སྲོལ་དང་ རློནམ་འདི་འབདན་ ཁ་ཚ་དགའ་མི་ཚུ་གིས་ ཨེ་མ་དར་ཚི་བཟོ་ནི་དང་འཕྲལ་འཕྲལ་སྐབས་ འབྲུག་པའི་ཨེ་མ་གུར་ཁ་ཚ་བཏོན་ཐབས་ལུ་ དུམ་གྲ་རེ་སླ་བསྲེ་རྐྱབ་སྟེ་ཚོདམ་བཟོ་སྲོལ་ཡོད། དེ་ལས་ རྒྱ་གར་གྱི་ཨེ་མ་གཞན་མི་འདི་ རིང་ཐུང་དཔྱ་མཐོ་གང་དང་སྦོམ་ཆུང་འབད་བ་ཅིན་ འབྲུག་པའི་ཨེ་མ་ཚུ་ལས་ཆུང་སུ། ཁ་ཚ་ཧ་ལམ་འཇམ་སུ་འཚམས་འབད་མི་གིས་ཡང་ ཨེ་མ་དར་ཚི་བཟོ་སྲོལ་ཡོདཔ་མ་ཚད་ ཨེ་མ་དེ་སྐམ་མི་གིས་ཡང་ ཨེ་མ་དར་ཚིའི་ཚོདམ་བཟོ་སྲོལ་ཡོདཔ་མ་ཚད་ ལྤགས་ཀྱི་ཚོདམ་ཚུ་ནང་ལུ་ཡང་ བླུགས་སྲོལ་ཡོདཔ་ཨིན།
ཨེ་མ་འཛུགས་སྐྱོང་།
རྒྱལ་ཁབ་ཀྱི་གཡུས་ཚན་མང་ཤོས་ཅིག་གི་ནང་ལུ་ (Technology for Chili Production in Bhutan) ནང་བཀོད་ཡོད་མི་ལྟར་ ས་ཁ་མཐོ་དམན་ རྒྱ་མཚོའི་མཐོ་ཚད་མི་ཊར་ ༢༥༠ མཐའ་མཚམས་ཀྱི་ས་སྒོ་ལས་འགོ་བཙུགས་ཏེ་ མི་ཊར་ ༢༦༠༠ གི་ས་ཁར་གཞི་ཆགས་ཏེ་ཡོད་པའི་ ཧཱ་དང་བུམ་ཐང་རྫོང་ཁག་ཚུན་ནང་སྐྱེཝ་ཨིནམ་དང་ སོ་ནམ་ཞིང་ལའི་དུས་ཚོད་ཡང་ མི་ཊར་ ༨༠༠ མན་ཆད་ཀྱི་གཡུས་གོ་ཚུ་ནང་ལུ་འབད་བ་ཅིན་ སྤྱི་ཟླ་ ༡༡ ལས་ ༠༤ པའི་ནང་འཁོད་ལུ་དང་ མི་ཊར་ ༨༠༠ ལས་ ༡༥༠༠ བར་ནའི་གཡུས་མི་ཚུ་གིས་ སྤྱི་ཟླ་ ༠༢ ལས་འགོ་བཙུགས་ཏེ་ སྤྱི་ཟླ་ ༡༠ ཚུན་ལཱ་འབདཝ་ཨིནམ་དང་ དེ་ལས་ མི་ཊར་ ༡༥༠༠ ཡན་ཆད་ཀྱི་སོ་ནམ་པ་ཚུ་གིས་ སྤྱི་ཟླ་ ༠༤ པ་ལས་ སྤྱི་ཟླ་ ༠༨ ཚུན་ ཚོད་བསྲེ་དེའི་ལཱ་འབདཝ་ཨིན་ཟེར་བཀོད་དེ་འདུག།
ཤར་ཕྱོགས་ཁ་ཐུག་ཀྱི་སོ་ནམ་པ་ཚུ་གིས་འབད་བ་ཅིན་ ཨེ་མ་འཛུགས་སྐྱོང་ཐེངས་གཉིས་རེ་འབད་སྲོལ་ཡོདཔ་དང་ དང་པ་འདི་ རང་ཟླ་ ༡༡ ལས་འགོ་བཙུགས་ནི་དང་གཞན་མི་འདི་ གཡུས་སྐད་ལས་ བཟའ་ལ་ཤིང་ཟེར་ སྤུ་གཡའམ་ཤིང་གི་མེ་ཏོག་ཤར་བའི་དུས་ཚོད་ལུ་རྐྱབ་ཨིན་མས། ས་བཅུད་ལྡན་ཐབས་དང་ ཨེ་མའི་ཐོན་སྐྱེད་ལེགས་ཤོམ་འོང་ཐབས་ལུ་ ལ་ལུ་གིས་རྩེ་རི་རྫམ། མེ་གཏང་། སྤང་བརྐོ་ཏེ་ཨེ་མའི་སོན་བཏབ་སྲོལ་ཡོདཔ་དང་ ལ་ལུ་ཅིག་གིས་ རང་གི་ཚོད་ཞིང་ལྡུམ་ར་ནང་སྦེ་སོན་བཏབ་བཞག་ཞིནམ་ལས་ ཨ་ལུ་སྨས་སྐྱེས་བཟུམ་སྦེ་རི་དྭགས་སེམས་ཅན་གྱི་གནོད་པ་དང་ འབུ་སྲིན་ཚུ་གི་གནོད་པ་ཚུ་ལས་སྲུང་ནི། འཕྲལ་འཕྲལ་ར་ གཡུར་མ་རྐྱབ་ནི་ཚུ་འབད་བའི་མཐའ་མར་ ཨེ་ལྕ་ཧ་ལམ་རིང་ཐུང་ དཔྱ་མཐོ་གང་དང་ཡང་ཅིན་ མཐོ་གང་གི་རྩིས་འགྱོཝ་ད་དང སི་ཨེམ་འབད་བ་ཅིན་ ༡༥ དང་ ༢༠ དེ་ཅིག་འགྱོཝ་ད་ ར་ལས་འབལ་ཏེ་ ས་ཁོངས་སྒོ་ཡངས་ས་ལུ་ལྡུམ་ར་བརྐོ། དེ་ནང་ལུད་ཚུ་བླུགས་ཏེ་གྲ་སྒྲིག་འབད་མི་ནང་ ཨེ་མའི་ལྕངམ་ཚུ་བཙུགསཔ་ཨིན། ལྕངམ་ཚུ་བཙུགས་པའི་སྐབས་ཡང་ བར་ནའི་ས་སྟོང་འདི་བཞག་ཚུགས་པ་ཅིན་ ཁྱུ་གང་ལྷག་ཙམ་བཞག་དགོཔ་དང་ འདི་ཡང་ ཨེ་མའི་ཤིང་ལུ་ས་དང་ལུད་ཀྱི་བཅུད་དང་ ཉི་དྲོད་དང་རློན་གཤེར་གྱི་བཅུད་མཉམ་ཏོག་ཏོ་སྦེ་ཐོབ་ཐབས་ལུ་ཨིན་མས། དེ་ལས་ གཡུར་མ་ཚུ་མེ་ཏོག་མ་ཤར་ཚུན་ འཕྲལ་འཕྲལ་ར་རྐྱབ་ནི། ཆུ་དང་ལུད་ཚུ་ཐེབས་བླུགས་ནིའི་ལཱ་ཚུ་འབད་དེ་ མེ་ཏོག་ཤར་ཞིནམ་ལས་ ཨེ་མའི་རྡོག་མ་ལུ་གནོད་པའི་འཚེར་སྣང་གིས་ ལྡུམ་ར་ནང་ཆེནམོ་ཅིག་འཛུལ་ནི་མེད་རུང་ གཡུས་ལུགས་ཀྱི་རྣམ་རྟོག་དཔེར་ན་ འབྲས་བུ་ལེགས་པ་ཅིན་མི་ཁའམ་ ཁ་རམ་འཕོག་པའི་དོགས་པ་གིས་ ཤིང་ལས་བཟོ་བའི་ཁ་རམ་ཤིང་། (དབང་ཕྱུག་ཆེན་པོ།) ཚུ་བཀལ་ནི་དང་ ལ་ལུ་གིས་ སྒོང་རྡོག་ལྤགས་ཀོ་ཚུ་འཕྲེངམོ་སྦེ་བཟོ་སྟེ་བཏགས་སྲོལ་ཡོདཔ་མ་ཚད་ སེམས་ཅན་ཚུ་ལས་སྲུང་ཐབས་ལུ་ མདེའུ་ (བྱད་རྡུག་གམ་ཡོར་མི་) ཚུ་བཟོ་སྟེ་ སྲུང་སྲོལ་ཡོདཔ་ཨིན།
དེ་བཟུམ་སྦེ་ བཀྲིས་གཡང་རྩེ་ནང་ལུ་འབད་རུང་ ཨུར་ཀ་བང་ག་ལ་བཙུགས་ནིའི་དོན་ལུ་ གཡུས་ཁའི་ལུགས་སྲོལ་ལྟར་དུ་ ཧེ་མ་ལས་ ཨེ་མ་སྐམ་སྐྱོན་མ་ཞུགསཔ་ཚུ་གི་ནང་ལས་ སོན་བཏོན་བཞག་མི་ལག་ལེན་འཐབ་དོ་ཡོདཔ་ཨིན་མས། ཨེ་མའི་སོན་བཏབ་ནི་གི་དོན་ལུ་ གཡུས་ཚན་དེ་ཚུའི་ནང་ལུ་ཡང་ ས་བཅུད་ཡོད་པའི་ཞིང་དང་ ཡང་ཅིན་ རང་གི་ས་ཁྲམ་ནང་ཡོད་པའི་ས་ནང་ ནོར་སེམསཅན་ཚུ་བཏགས་ཏེ་ལུད་ལུས་བཅུག། དེ་ལས་ རང་ཟླ་ ༠༡ པ་ལས་ རྩེ་རི་རྫམ་ནི་འགོ་བཙུགས། མེ་གཏང་། སྤང་བརྐོ་སྟེ་ཨེ་མའི་སོན་བཏབ། དེ་གུ་ལས་ བྱ་དང་སེམས་ཅན་གཞན་ཚུ་གིས་གནོད་པ་མི་རྐྱབ་ནི་དང་ སའི་རློན་གཤེར་མ་ཉམས་པར་ སོན་མགྱོགས་པར་སྐྱེ་ཐབས་ལུ་སོག་མ་ཚུ་གི་བཀབ་སྟེ་བཞགཔ་ཨིན་མས། དེ་ལས་ གོང་གསལ་བཟུམ་ཅིག་སྦོམ་ཐལཝ་ད་ ཨེ་ལྕ་འབལ་ཏེ་བཙུགས་ནིའི་དོན་ལུ་ ལྡུམ་ར་སྦོམ་ནང་ལུད་ཚུ་བླུགས་ཏེ་ཏོག་རྩེ་བརྐོ། ས་བོང་ཏོ་ཚུ་ཏོག་རྩེ་ལྟ་ལྐོག་གིས་དཀྲུམས་ཏེ་ སྙོམ་ཏང་ཏ་བཟོ་ཞིན་ན་ དེ་ནང་ལུ་ ཨེ་མའི་ལྕངམ་བཙུགས་ཐངས། གཡུར་མ་རྐྱབ་ཐངས་དང་ སྲུང་ཐངས་ཚུ་གོང་གི་དང་ཅོག་ཐདཔ་ཨིནམ་དང་ ཨེ་མའི་རྡོག་མ་ཚུ་རང་ཟླ་ ༠༦ པ་ གནམ་བྱཱར་ཚུན་བཏོགསཔ་ཨིན་རུང་ རློན་གཤེར་དང་ཆརཔ་འབོལ་དྲགས་ནི་དེ་གིས་ རུལ་བའི་བར་ཆད་འབྱུངམ་ཨིན་མས། ལ་ལུ་གིས་ རང་ཟླ་ ༠༥ པ་ལས་ ལྕང་ལཱ་ཚུ་རྐྱབ་ཚར་ཞིནམ་ལས་ རང་གི་ས་སྒོ་སྟོངམ་ཡོད་སར་ ཨེ་མ་བཙུགས་ནིའི་དགོ་བཙུགས་མི་གིས་ རྡོག་མ་ཚུ་ རང་ཟླ་ ༡༡ པ་ཚུན་བཏོགས་སྲོལ་ཡོདཔ་ཨིན་མས།
དེ་ལས་ འབྲུག་ནུབ་ཕྱོགས་ཁ་ཐུག་ནང་ལུ་འབད་བ་ཅིན་ ཨེ་མའི་སྲོན་བཏབ་ནི། ཨེ་ལྕ་གཡུ་ནིའི་ལཱ་ཚུ་འབད་དོ་ཡོདཔ་ད་ དེ་ལས་ ཟླཝ་ ༡༡ པ་ལས་ ཨེ་མའི་སོན་ཨ་རི་ནང་བཏབ་ཞིན་ན་ ལྕ་ཚུ་ཧ་ལམ་རིང་ཐུང་ དཔྱ་ཐོ་གང་དང་ཨ་ཙི་ལྷགཔ་ཙམ་རེ་འགྱོཝ་ད་ ར་འབལ་ཏེ་ལྕམ་ཚུ་ལྡུམ་ར་སྦོམ་ནང་བཙུགས་ཏེ་ འཕྲལ་འཕྲལ་ར་གཡུར་མ་རྐྱབ་ཏེ་ ་རང་ཟླ་ ༢ དེ་ཅིག་ལས་ མེ་ཏོག་ཤར་ནི་འགོ་བཙུགསཔ་ཨིན་མས། མེ་ཏོག་ཤར་ནི་འགོ་བཙུགས་ཞིནམ་ལས་ མེ་ཏོག་ས་ཁར་འབུད་དེ་ ཨེ་མའི་འཐོན་སྐྱེད་ཉུང་བའི་འཚེར་སྣང་གིས་ གཡུར་མ་རྐྱབ་སྲོལ་མིན་འདུག་། རང་ཟླ་ ༣ པ་ལས་ ༤ དང་ ༥ པ་ཚུན་ ཨེ་མ་རྡོག་མ་བཏགས་པ་ཨིན་རུང་ ལྕང་ལཱ་རྐྱབ་ནིའི་དུས་ཚོད་རནམ་ལས་བརྟེན་ མགྱོགས་སུ་སྦེ་འབྲས་བུ་བསྡུཝ་ཨིན་མས།
ཨེ་མ་དར་ཚི་གི་རིགས་མ་འདྲཝ།
ཨེ་མ་ཧོནམ་དང་ ཡང་ཅིན་ ཨེ་མ་རློནམ་འདི་ གོང་ལུ་ཞུ་དོ་བཟུམ་སྦེ་ ཨེ་མ་དར་ཚི་བཟོ་བཏུབ་པའི་ཨེ་མའི་རིགས་ག་ཅི་ར་ཨིན་རུང་ ཧོ་ཤོས་ཤོས་དང་ཆོབ་ཆོབ་འབད་ཡོད་པའི་ཨེ་མ་ཚུ་ལས་བཟོ་མི་འདི་ཨིན། འ་ནི་སྐབས་ཀྱི་ཚོདམ་འདི་འབད་བ་ཅིན་ ཚོད་བསྲེ་རྫས་བཅུད་ལྡན་པའི་ཁར་ མི་ཁར་མཛེས་པ་དང་བཟའ་དགོ་མནོ་སི་སི། བཟའ་བའི་སྐབས་ཡང་ ཁ་ཚ་ཡོད་མེད་ཀྱི་ཁྱད་པར་ག་དེ་སྦེ་ར་ཡོད་རུང་ སྤྲོ་བའི་ཚོདམ་ངོ་མ་ཅིག་སྦེ་བརྩིཝ་ཨིན།
ཨེ་མ་སྐམ་འདི་ གོང་ལུ་ཞུ་དོ་བཟུམ་སྦེ་ ཨེ་མ་དར་ཚི་བཟོ་བཏུབ་པའི་ཨེ་མའི་རིགས་ གནམ་བྱཱར་གྱི་དུས་ཚོད་སྐབས་ བཟའ་སྤྱོད་འབད་མ་ཚར་མི་ཨེ་མ་དམརཔོ་སེར་ཀྲེ་དམར་ཀྲེ་དང་ དེ་ལས་འཚོགས་ཐལ་སོང་མི་ཚུ་ ཨེ་མའི་འཐོན་སྐྱེད་དཀོན་པའི་སྐབས་ལུ་ལོངས་སྤྱོད་ནི་དང་ དེ་མེན་པར་ གཞན་ཚོང་སྒྱུར་འཐབ་མི་ཚུ་གིས་ཨིན་པ་ཅིན་ གོང་ཐེབས་སྦེ་བཙོང་ནིའི་དོན་ལུ་ ཨེ་མ་དམརཔོ་སེར་ཀྲེ་དམར་ཀྲེ་གྱུར་མི་ཚུ་ ས་ཁར་དང་ཁྱིམ་ཐོག་ཤིང་ལེབ་གུ་བཀྲམ་སྟེ་སྐམ་ནི། (ལ་ལུ་གིས་མགྱོགས་པར་སྐམས་ནིའི་དོན་ལུ་ ལྕགས་ཤོག་ལག་ལེན་འཐབ་མི་ཡོད་རུང་ ལྕགས་ཤོག་འདི་ཉིམ་གིས་དྲོད་བཏགས་ཏེ་ སྐམ་པའི་ཨེ་མ་དམརཔོ་དང་བཤུར་སྐམ་གང་རུང་ བཤུར་གཏང་སྟེ་གཡུས་སྐད་ལས་ གློགམ་ཟེར་ཨེ་མའི་པགས་ཀོ་དཀརཔོ་སྦེ་ གློགཔ་བཟུམ་སྦེ་འཐོན་ནི་ཉེན་ཁ་ཡོདཔ་ལས་ ལྕགས་ཤོས་ལག་ལེན་འཐབ་སྲོལ་མིན་འདུག། གློགམ་ཆགས་པའི་ཨེ་མ་ཚུ་ མིག་ཁར་མི་ལེགས་པའི་ཁར་ ཚོདམ་བཟོཝ་ད་ཡང་རུལ་དྲི་བསྣམས་ནི་དང་ ཚོདམ་གི་བྲོཝ་ཡང་མེདཔ་བཟོ་གཏངམ་ཨིན།) དེ་ལས་ ཨེ་མའི་ལུང་གུ་སྐུདཔ་བསྡམས་ཏེ་དང་ སྐུ་རྒྱུག་སྟེ་མེ་ཏོག་གི་ཕྱེངམ་བཟུམ་སྦེ་བཟོ་སྟེ་ སྒོ་སྒྲིག་དང་ཤིང་གི་གདངམ་ཚུ་གུ་ལས་ དཔྱང་སྟེ་སྐམ་བཞག་པའི་ཨེ་མ་ཚུ་ཨིན། དེ་གུ་ལུ་ ད་རེས་ནངས་པ་ རྒྱ་གར་ལས་ཐོན་པའི་རྒྱ་གར་ཨེ་མ་སྐམ་ཡང་ ལག་ལེན་འཐབ་སྲོལ་ཡོད།
ཨེ་མ་ཧོ་སྐམ་ཟེར་མི་འདི་ ཨེ་མ་ཧོམ་སྦེ་ཐོབ་པའི་སྐབས་ སྦོམ་ཆུང་དང་འཁྲིལ་ བཞི་བཀག་དང་གཉིས་བཀག་གང་རུང་རྐྱབ། དེ་ལས་ རིང་ཐུང་བལྟ་སྟེ་བར་ན་ལས་བཏོག་ཞིནམ་ལས་ སྦི་ཁྱབ་དང་བང་ཀ། ཡང་ཅིན་ རྒྱུ་སྦ་དང་ཚར་ལས་ཐགས་པའི་ རེད་བརྡལ་དང་སྤ་རིལ་ཚུ་ནང་སྦེ་ ཉི་མར་སྐམ་བཞགཔ་ཨིན། ཧོ་སྐམ་འདི་ཡང་ མང་ཤོས་ཨེ་མ་མེད་པའི་དུས་ཚོད་ལུ་ ལོངས་སྤྱོད་ནིའི་དོན་ལུ་ གཡུས་ལུགས་ཀྱི་ཟས་རིགས་ཉམས་སྲུང་ནི་ཐབས་རིག་ཅིག་ཨིན།
ཨེ་མ་བཤུར་སྐམ་འདི་ཡང་ ཨེ་མ་ཚུ་ཧོ་ཤོས་ཤོས་སྦེ་ འབོར་ཆེ་ཏོག་ཏོ་སྦེ་ཐོན་པའི་སྐབས་ རུལ་ཉེན་བཀག་ཐབས་དང་ དེ་མ་ཚད་ གནམ་དགུན་གྱི་དུས་ཚོད་ཁར་ བཟའ་སྤྱོད་འབད་ནིའི་དོན་ལུ་ གཡུས་ལུགས་ཀྱི་ཐབས་ཤེས་ ཆུ་ཚན་དང་བཤུར་ཏེ་ཉི་མའི་ནང་སྐམ་བཞག་པའི་ཨེ་མའི་ཁ་དོག་ སེར་སྐྱ་འཚམས་སུ་ཡོད་པའི་ཨེ་མ་ལུ་སླབ་ཨིན། གཡུས་ལུགས་ཀྱི་ཡུན་བརྟན་ཐབས་ཤེས་ལག་ལེན་འཐབ་པའི་ གོང་གསལ་གྱི་ཨེ་མའི་རིགས་ཚུ་སྐམས་ཞིམ་ལས་ སྤུས་དང་འབུ་སྲིན་གཞན་ཚུ་གིས་གནོད་ཉེན་སྲུང་ཐབས་ལུ་ ཙེའུ་དང་ཕེད་ཙེ་ཚུ་ནང་ལུ་འདེགས་ཞིནམ་ལས་ ཁྱིམ་གྱི་གཤའ་མ་ནང་དང་ཡང་ཅིན་ མེ་གི་དུ་པ་རྒྱུ་སར་ བསིལ་སྐམ་རྐྱབ་ཏེ་བཞག་སྲོལ་ཡོདཔ་ཨིན།
དར་ཚི།
དར་ཚི་འདི་འབྲུག་པའི་ཚོདམ་ག་ཅི་ར་ཨིན་རུང་ མེད་ཐབས་མེད་པའི་རྫས་སྦྱོར་ཅིག་ཨིན། དར་ཚི་འདི་ རྒྱུ་ངོ་མ་ མཐའ་ནོར་གྱི་ཨོམ་གྱི་འཐོན་སྐྱེད་ཅིག་ཨིན། མ་གཞི་ལ་ནོར་ཨོམ་གྱིས་ཡང་་དར་ཚི་བཏོན་སྲོལ་ཡོད་རུང་ ཕྱུར་སྒོར་མ་གཏོགས་ཚོདམ་ནང་བླུགས་ནིའི་དར་ཚི་བཟོ་སྲོལ་མེད། ཨིན་རུང་ ཤར་ཕྱོགས་བཀྲིས་སྒང་རྫོང་ཁག་གི་ མེ་རག་དང་སག་སྟེང་གཡུས་མི་ཚུ་གིས་ལ་ནོར་གྱི་དར་ཚི་ལས་བཟོ་བའི་ རྒྱལ་ཁབ་ནང་ཡོངས་གྲགས་ཅན་གྱི་མཛོད་འཐུད་བཏོན་ཏེ་ རྒྱལ་ཁབ་ཀྱི་གཡུས་ཕྱོགས་མང་ཤོས་ཅིག་གི་ནང་ལུ་ ཨེ་མ་དར་ཚི་བཟོ་བའི་སྐབས་དུམ་གྲ་རེ་བླུགས་སྲོལ་ཡོདཔ་ཨིན། དར་ཚི་དེ་གིས་ ཚོདམ་ག་ཅི་ར་ཨིན་རུང་ བྱོ་ལྷ་མ་འདྲཝ་ཅིག་སྦེ་བཏོན་པའི་ནུས་བཅུད་ཡོདཔ་ལས་ དང་ཕུ་གི་ཆེ་མཐོའི་དཔོན་ཁག་ཚུ་དང་ བླམ་སློབ་དཔོན་ཚུ་གིས་ཐུགས་དགྱེས་ནི་དེ་གིས་ གཡུས་ཚན་དེ་གཉིས་ཀྱིས་ མཛོད་འཐུས་ཀྱི་ཁྲལ་གཞུང་ལུ་ཕུལ་སྲོལ་ཡོདཔ་ཨིན་རུང་ དེ་རེས་ནངས་པའི་མི་ཚུ་གིས་ དེའི་དྲིམ་དང་གཞན་ཡང་ ཡམས་ནད་དང་འབྲེལ་བའི་འཕྲོད་བསྟེན་ལུ་གནོད་དོ་ཡོདཔ་ལས་ གསོ་བའི་བསླབ་བྱ་ཚུ་ལུ་བརྟེན་ཏེ་ དག་སྣང་ཆེནམོ་ཅིག་སྐྱེད་ནི་མིན་འདུག།
གཡུས་ནོར་གྱི་དར་ཚི་ལུ་ཡང་ ཚོདམ་ནང་བླུགསཔ་ད་ ཚོད་བསྲེ་ཚུ་དང་མཉམ་གཅིག་སྦྱར་མ་སྦྱར་གྱི་ཁྱད་པར་གྱིས་ དར་ཚིའི་ལྷམ་པ་མ་འདྲཝ་ཡོདཔ་ཨིན། འདི་ཡང་ མར་བཏོན་ཚར་བའི་དརཝ་ལས་དར་ཚི་ཡང་ དརཝ་ཐབ་ཁར་བཀལ་ཞིནམ་ལས་ མེ་དྲོད་མཉམ་གྱི་སྒོ་ལས་གཏང་སྟེ་ལྟོ་གཟར་གྱི་འགྲོས་ཀྱིས་སྦེ་དཀྲུགས་ཏེ་ དར་ཚི་ཆགས་མི་ལས་བཟོ་བཟོཝ་འདི་ གཡུས་ལུགས་ངོ་མ་ཨིནམ་དང་ དེ་ལས་གཞན་མི་འདི་ དརཝ་ཐབ་ཁར་མ་བཀལ་བར་ དེ་ནང་ལུ་ཆུ་ཚན་ཕྲང་ཕྲང་བླུགས་ཏེ་བཟོ་སྲོལ་དང་ དརཝ་ནང་སྐྱུར་རྫས་ (Vinegar) བླུགས་ཏེ་ དར་ཚི་བཏོན་མི་གཉིསཔོ་འདི་ དེ་སང་གི་རིག་པ་ཅིག་ཨིན་མས། དེ་མ་ཚད་ ད་རེས་ནངས་པ་ རིག་གསར་ལས་བརྟེན་པའི་ཤོག་སྒམ་དར་ཚི་ (Cheese) གི་རིགས་ཡང་ ལག་ལེན་འཐབ་སྲོལ་ཡང་ཡོད། གོང་གསལ་ ནོར་གྱི་དར་ཚི་དེ་གསུམ་ལས་ ཚོདམ་ནང་ལེགས་ཤོས་དང་ཞིམ་ཤོས་འདི་ གཡུས་ལུགས་ལག་ལེན་འཐབ་སྟེ་བཟོ་མི་དར་ཚི་འདི་ཨིནམ་དང་ དེ་ལས་ དར་ཚི་གཞན་མི་གཉིསཔོ་དེ་གིས་ ཚོད་བསྲེ་ཚུ་དང་མ་སྦྱར་བའི་ཁར་ ཞིམ་ཧིང་གི་ཐད་ལུ་ཡང་གཡུས་ལུགས་བཟུམ་ཅིག་མེདཔ་ཨིན། དེ་བཟུམ་སྦེ་ རིག་གསར་གྱི་དར་ཚི་གིས་ཡང་ ཚོད་མའི་བྱོ་ལྷ་དང་ཁུ་བའི་ཁ་དོག་རྐྱངམ་གཅིག་བཟོཝ་མ་གཏོགས་ གཡུས་ལུགས་ཀྱི་དར་ཚི་བཟུམ་སྦེ་ ལེགས་ཧིང་གི་སྤུས་ཚད་མེདཔ་མ་ཚད་ ཚོང་སྒྱུར་འཐབ་ནིའི་དོན་ལུ་བཟོ་བའི་ཐོན་བསྐྱེད་ཅིག་འབདཝ་ལས་ དུས་ཡུན་རིངམོ་སྦེ་བཞག་ནི་དང་ མི་རུལ་ནིའི་སྨན་རྫས་དང་ བྲོཝ་བཏོན་ནི་དོན་ལུ་གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་པའི་རྫས་སྦྱོར་ཚུ་བླུགས་ཡོདཔ་མ་ཚད་ ལོངས་སྤྱོད་མི་མང་ཤོས་ཀྱིས་ ཡམས་ནད་ལུ་གནོད་པའི་འཚེར་སྣང་གིས་ ནང་འདྲེན་འབད་བའི་ཤོག་སྒམ་དར་ཚི་དེ་ དག་སྣང་བསྐྱེད་སྲོལ་ཆེནམོ་ཅིག་མེདཔ་ཨིན།
ཨེ་མ་དར་ཚི་བཟོཝ་ད་ གཡུས་ལུགས་ཀྱི་དར་ཚི་ལག་ལེན་འཐབ་པ་ཅིན་རབ་ཨིན། འདི་ཡང་ ཨེ་མ་དང་ཚོད་བསྲེ་ག་ཅི་བཟུམ་ནང་བླུགས་རུང་དར་ཚི་གིས་ སྤུས་ཙ་སྦེ་སྦྱར་ཏེ་ ཤན་ཐག་ཡང་མནར་ཏེ་བཟའ་དགོ་མནོ་སི་སི་སྦེ་མཐོངམ་མ་ཚད་ དེ་གུར་ཧེང་བཀལ་ར་ དར་ཚི་དུམ་གྲ་ཅིག་ལྗིད་བཏགས་བཏགསཔ་ (པགས་ཀོ་རུལ་བཅུག་བཅུགཔ།) དེ་ཀྲེག་སྟེ་བླུགས་པ་ཅིན་ བྲོཝ་ཐེབས་ཐོནམ་ཨིན་རུང་ ཡམས་ནད་དང་འཕྲོད་བསྟེན་གྱི་ཁེ་ཕན་ལུ་དཔྱད་པ་ཅིན་ གཡུས་ལུགས་དར་ཚུ་གསརཔ་རྐྱངམ་གཅིག་བླུགས་ཏེ་བཟོ་མི་ ཨེ་མ་དར་ཚི་དེ་རང་སྤྲོ་བ་བྱུངམ་ཨིན།
ཨེ་མ་དར་ཚི་གི་རིགས།
སྤྱིར་བཏང་ ཨེ་མ་དར་ཚིལ་བཟོཝ་ད་ ཁུ་བ་ཡོདཔ་སྦེ་བཟོ་ནི་དང་ ཁུ་བ་མེད་པར་སྐམ་སུ་འཚམས་སྦེ་ལྷམ་པ་གཉིས་འབད་ཡོད་རུང་ མདོར་བསྡུ་བ་ཅིན་ བྱ་རྒྱུད་ཟེར་ རྒྱུ་ངོ་མ་ཨེ་མ་དང་དར་ཚི་ལག་ལེན་འཐབ་སྟེ་ དེ་གུར་ སྔོ་ཚོད་ཀྱི་རིགས་སླ་བསྲེ་རྐྱབ་སྟེ་བཟོ་བའི་ དཀར་ཟས་ཀྱི་ཨེ་མ་དར་ཚི་བཟོ་སྲོལ་གྱི་རིགས་ཅིག་དང་ དེ་ལས་ གཞན་མི་ སྤྱོད་རྒྱུད་ཟེར་ རྒྱུ་ངོ་གོང་གསལ་དང་འདྲ་རུང་ ལྷན་ཐབས་ཀྱི་རྒྱུ་ཤ་གི་རིགས་ཚུ་བླུགས་ཏེ་ དམར་ཟས་ཀྱི་ཨེ་མ་དར་ཚི་ཟེར་ཁག་གཉིས་ཡོདཔ་ཨིན། བྱ་རྒྱུད་ཀྱི་ཨེ་མ་དར་ཚི་ཚོདམ་ནང་ལུ་ ཡོངས་གྲགས་ ཨེ་མ་ཧོནམ་དར་ཚི། ཨེ་མ་སྐམ་དར་ཚི། ཨེ་མ་བཤུར་སྐམ་དར་ཚི། ཧོན་ཚོད་དར་ཚི། ནགས་སྐྱེས་དར་ཚི། ཤ་མུ་དར་ཚི། ཀེ་བ་དར་ཚི་ཚུ་ཨིནམ་དང་ དེ་ལས་ སྤྱོད་རྒྱུད་ཀྱི་ཨེ་མ་དར་ཚི་བཟུམ་འབད་བ་ཅིན་ ཤ་སྐམ་དར་ཚི། ནོར་ཤ་རློནམ་གྱི་དར་ཚི། དེ་ལས་ ཕག་ཤ་བསིལ་སྐམ་དར་ཚི་ལ་སོགས་པ་ཚུ་བཟོ་སྟེ་ བཟའ་ཚང་ནང་མི་དང་མགྱོནམ་ཚུ་ལུ་དྲངས་སྲོལ་ཡོདཔ་ཨིན།

དོན་དག།
ཨེ་མ་དར་ཚི་གི་ཚོདམ་འདི་ འབྲུག་པའི་ཚོདམ་ཚུ་ལས་རྡིག་ཤོས་ཅིག་མེན་རུང་ མི་རྣམ་ཀུན་གྱིས་དགའ་བའི་ཚོདམ་ དང་པ་ ཚོད་བསྲེ་གི་རིགས་སྣ་མངམ་འབད་མི་དགོ་པའི་ཁར་ བཟོཝ་ཡང་འཇམ་པ། དུས་ཚོད་ཡང་མི་སྒོར་བ། བཟའ་ཁམས་མེད་པ་ཅིན་ ཁམས་དྭངས་པའི་རྒྱུ་རྐྱེན་འབདཝ་བའི་ཁྱད་ཆོས་ལེ་ཤ་ཅིག་ཡོདཔ་ཨིན། ཨེ་མ་དར་ཚི་སྤྱོད་ཐངས་དང་ ལོངས་སྤྱོད་ནིའི་དུས་ཚོད་ཚུ་ནི་ཨིན་ཟེརཝ་ཅིག་མེདཔ་ཨིན། ཨིན་རུང་ བཟའ་ནིའི་ཁམས་ཡོད་མེད་དང་གཅིག ཕྱི་ལས་མགྱོནམ་ཚུ་ལུ་ འབྲུག་པའི་བཞེས་སྒོའི་ངོ་སྟོན་ནི་དང་གཉིས། དེ་ལས་ ཟས་ཁམས་བཏགས་དང་གསུམ་སྦེ་བཟའ་སྲོལ་ཡོདཔ་ལས་ ཨེ་མ་དར་ཚི་འདི་དུས་རྒྱུན་གྱི་ཟས་དང་། རྒྱལ་ཡོངས་དང་ལུང་ཕྱོགས། གཡུས་གོའི་དུས་སྟོན་སྐབས་དང་། ལོ་གསར། ལོ་མཆོད་དང་ཆོ་ག་རིམ་གྲོ། དེ་ལས་ གཤིན་པོ་ཟས་བསྔོ་ཚུ་བཀྲམ་པའི་སྐབས་ལུ་ མེད་ཐབས་མེད་པའི་ཟས་ཅིག་སྦེ་བརྩིཝ་ཨིན། ཨིན་རུང་ ལ་ལུ་ཅིག་གིས་ ཨེ་མ་དར་ཚི་བཟོ་ནིའི་དོན་ལུ་ རྫས་སྦྱོར་ཉུང་སུ་རྐྱངམ་གཅིག་འགྱོཝ་ལས་ ཉམས་ཆུང་གི་ཚོདམ་སྦེ་ཡང་ ཞན་མདོག་བལྟ་སྲོལ་ཡོདཔ་ཨིན།
རྒྱུན་སྤེལ་ཐབས་རིག།
ཨེ་མ་དར་ཚི་བཟོ་ཐངས་མ་འདྲཝ།
དཀར་ཟས་ཀྱི་ཨེ་མ་དར་ཚི།
ཨེ་མ་ཧོནམ་དར་ཚི་འདི་ ཧེ་མ་འབད་བ་ཅིན་མང་ཤོས་གནམ་བྱཱར་དང་སེར་ཁ་ལུ་ ཨེ་མ་དང་ཚོད་བསྲེ་ཚུ་འབོར་ཆེ་ཏོག་ཏོ་སྦེ་འཐོན་པའི་སྐབས་ལུ་ སྔོ་ཚོད་ཀྱི་ཚོདམ་གི་གྲལ་ལས་རྡིག་ཤོས་ཅིག་སྦེ་བརྩིཝ་ཨིན་རུང་ ད་རེས་ནངས་པ་ མིའི་བློ་རིག་དང་མཚན་རིག་གོང་འཕེལ་ལས་བརྟེན་ སྔོ་ཚལ་ཤེལ་ཁྱིམ་ཀྱི་མཐུན་རྐྱེན་དང་ གནམ་གཤིས་དྲོད་མཉམ་གྱི་མཐའ་སའི་རྫོང་ཁག་ཚུ་ནང་ལས་དང་ གཞན་ཡང་ རྒྱ་གར་ལས་ནང་འདྲེན་འབད་བའི་ ཨེ་མ་ཧོདམ་སྤྱི་རིགས་སྣ་ཚོགས་ཐོན་མི་ལས་བརྟེན་ ཨེ་མ་ཧོནམ་གི་ཨེ་མ་དར་ཚི་འདི་ གནམ་བྱཱར་དགུན་མེད་པར་རང་གི་ཁམས་དང་འཁྲིལ་ཏེ་ བཟོ་ཆོག་ཆོ་དང་ཐོབ་ཆོག་ཆག་འབད་ཡོད་པའི་ བསྐལ་བཟང་གི་དུས་ཚོད་ཅིག་ཨིན། དེ་མ་ཚད་ དང་ཕུ་འབད་བ་ཅིན་ ཨེ་མ་དར་ཆི་ཚོདམ་ནང་ལུ་ ཨེ་མ་དང་དར་ཚི། ཚྭ་དང་ཚོ་ཏོ། དེེ་ལས་ ཆུ་རྐྱངམ་གཅིག་མ་གཏོགས་ ལཧན་ཐམས་ཀྱི་ཚོད་བསྲེ་ སྒོགཔ་དང་བླམ་བན་ད། སྐྱ་སྒོགཔ་ཚུ་བླུགས་སྲོལ་མེད་པར་ འཇམ་སངམ་སྦེ་བཟོ་སྲོལ་ཡོདཔ་སྦེ་ རྒས་ཤོས་ཚུ་གིས་བཤད་ནི་འདུག།
ཚོདམ་བཟོ་ཐངས་ཀྱི་བྱ་རིམ་ཡང་
- རང་གི་བཟའ་ཁམས་དང་འཁྲིལ་ཏེ་ ཨེ་མ་ཧོནམ་གྱི་ཚོདམ་བཟོ་ནི་ཨིན་ན་དང་ཡང་ཅིན་ ཨེ་མ་དམརཔོ་གིས་བཟོ་ནི་ཨིན་ན་དང་འཁྲིལ་ཏེ་ ཨེ་མ་མཁོ་སྒྲུབ་འབད་ཞིནམ་ལས་ བཟའ་ཚང་འཐུས་མིའི་མང་ཧིང་དང་བསྟུན་ ཨེ་མ་ཚུ་ཟངས་གཞོང་ནང་བླུགས།
- ཆུ་ཐེངས་དང་པ་ཆུ་འཁྱུ།
- ཨེ་མའི་ལུང་ལགཔ་གིས་འབལ་ནི་དང་ ཡང་ཅིན་ བཅགས་ནི།
- དེ་ལས་ ཀ་ཀྲ་ལ་གིས་གཡུས་ལུགས་དང་འཁྲིལ་ ཨེ་མ་ཡར་ལྷོང་སྟེ་ ཨེ་མའི་སྤྱི་ཏོག་གུ་ལས་སྦེ་གཉིས་བཀག་རྐྱབ།
- གཉིས་བཀག་རྐྱབ་པའི་ཨེ་མ་དེ་མགོ་མཇུག་སློག་སྟེ་ བཞི་བཀག་རྐྱབ།
- ཨེ་མའི་རིང་ཐུང་བལྟ་སྟེ་ སྦུག་ལས་བཏོགས་དགོཔ་ཨིན།
- དེ་སྦེ་ ཨེ་མ་ཚུ་བཏོགས་ཚརཝ་ད་ ཐེངས་གཉིས་པ་འཁྱུ་དགོཔ་ཨིན། ཨིན་རུང་ ཨེ་མའི་ཁ་ཚ་ཞན་སུ་འཚམས་ཅིག་ཨིན་པ་ཅིན་ ཁ་ཚ་བཞག་ནིའི་དོན་ལུ་དང་ ཁ་ཚ་དག་མི་འགྱོ་ནིའི་དོན་ལུ་ ཐེངས་གཉིས་པ་མ་འཁྱུ་རུང་བཏུབ་ཨིན། གལ་སྲིད་ ཨེ་མ་ཁ་ཚ་གནམ་མེད་ས་མེད་ཡོད་པ་ཅིན་ ཐེངས་གཉིས་དང་གསུམ་སྦེ་འཁྱུ་སྟེ་ ཨེ་མའི་སོན་མང་ཤོས་ བཤལ་ཏེ་ ཁ་ཚ་རན་ཏོག་ཏོ་བཟོ་སྲོལ་དང་ དེ་མ་ཚད་ ཨེ་མ་ཐབ་ཁར་བཀལཝ་ད་ཡང་ དེ་ནང་ ཆུ་ཚན་བླུགས་པ་ཅིན་ཁ་ཚ་བཏགས་ནི་དང་ དེ་མེན་པར་ ཆུ་ཁོདམ་ལག་ལེན་འཐབ་པ་ཅིན་ ཁ་ཚ་མར་ཕབས་གཏང་ནི་དང་ དེ་བཟུམ་སྦེ་ཚོདམ་བཟོ་བའི་སྐབས་ཡང་ རྫམ་གྱི་ཁབ་ཏོ་བཅད་མ་བཅད་ཀྱིས་ཡང་ ཁ་ཚའི་ཁྱད་པར་བཟོཝ་ཨིནམ་ཚུ་ གཡུས་ལུགས་ཀྱི་ཤེས་བྱ་ཅིག་ཨིན།
- ཨེ་མ་གྲ་སྒྲིག་འབད་ཚར་ཞིན་ན་ ཨེ་མ་ཚོད་རྫ་ནང་བླུགས།
- དེ་གུར་ མེད་དུ་མི་རུང་བའི་རྫས་སྦྱོར་ མར་ཁུ། ཚྭ། དར་ཚི་ (གོང་གསལ་དར་ཚི་རིགས་ལས་གང་རུང་) མང་ཧིང་རང་གིས་བལྟ་སྟེ་བླུགས།
- ལྷན་ཐབས་སྦེ་ བླམ་བན་ད་ ༡། སྒོགཔ་ ༡། སྐྱ་སྒོགཔ་ཤག་ ༤ དང་ ༥ དེ་ཅིག་ བར་ན་ལས་བཀག་སྟེ་བླུགས།
- ཆུ་ཡང་ གོང་ལུ་ཞུ་དོ་བཟུམ་སྦེ་ ཨེ་མའི་ཁ་ཚ་བཞག་མི་བཞག་གི་བློ་འདོད་དང་འཁྲིལ་ ཆུ་ཁོདམ་དང་ཚ་ཏོམ་གང་རུང་གཉིས་ ཚོདམ་ཁུ་བ་མང་ཉུང་ག་དེ་ཅིག་འཕྲོདཔ་ཨིན་ན་བལྟ་སྟེ་ ཚོད་བསྲེ་གྲ་སྒྲིག་འབད་མི་ལས་ གསུམ་དཔྱ་གཉིས་དང་གཅིག་ (༡ དང་ ༢.༥/༣) གང་འཚམས་བླུགས་ཞིནམ་ལས་ ཁབ་ཏོག་བཅད་དེ་མེ་བཀལ་དགོཔ་ཨིན།
- ཚོདམ་འཁོལ་ཞིནམ་ལས་ གོང་བཀོད་ལྟར་ ཨེ་མའི་ཁ་ཚ་བཞག་མི་བཞག་གྱི་དལ་དབང་འཁྲིལ་ཏེ་ རྫམ་གྱི་ཁབ་ཏོ་བཅད་ནི་དང་མ་ཕྱེ་བར་བཞག་ནི་ཚུ་ རང་གིས་དཔྱད་དགོ།
- ཨེ་མ་འཚོགས་ཐལ་མ་བཅུག་པར་ དེའི་བཀྱག་ལྗང་སེར་ལུ་མ་འགྱུརཝ་ལས་ མེ་མ་བསད་པར་ཚོདམ་གི་ཚྭ་སྦྱོར་ཧིང་བལྟ་བའི་མཐའ་མར་ ཨེ་མ་དང་དར་ཚི་གཉིས་ལེགས་ཤོམ་སྦེ་བསྒྱེས་ཏེ་ ཐབ་ཁ་ལས་ཕབས་དགོཔ་ཨིན། ཚོདམ་བཟོཝ་ད་ གལ་སྲིད་ཨེ་མ་ཚུ་ལྗང་སེར་ལུ་འགྱུར་བ་ཅིན་ འཚོགས་དྲག་པའི་རྟགས་ཨིནམ་ལས་ ཤུལ་ལས་ཚོདམ་བཟའཝ་ད་ ཨེ་མའི་ལྤགས་ཀོ་དང་ ནང་ཤ་གཉིས་སོ་སོ་སྦེ་འཐོན་ནིའི་སྐྱོན་ཆ་བྱུངམ་ཨིནམ་མ་ཚད་ གསོ་བའི་ཁ་ཐུག་ལས་འབད་རུང་ ཨེ་མ་མ་ཚད་ ཚོད་བསྲེ་གཞན་གྱི་རིགས་ག་ཅི་ར་ཨིན་རུང་ ཟས་བཅུད་ཉམས་འགྱོཝ་ལས་ རབ་བྱུང་པ་ཅིན་ཚོདམ་འཚོགཔ་མ་འཚོགསཔ་ཅིག་སྦེ་བཟའ་དགོ་པའི་ བསླབ་བྱ་བྱིན་ནི་ཡོད།
- ཨེ་མ་ཚུ་འཚོགས་མ་འཚོགསཔ་ཅིག་ལས་ ཐབ་ཁ་ལས་ཕབས་ཏེ་དུམ་གྲ་ཅིག་ངལ་ཏེ་བཞག་པ་ཅིན་ ཨེ་མའི་བཀྱག་དང་བྲོཝ། དེ་གུར་ ལྷན་ཐབས་ཚོད་བསྲེ་གཞན་གྱི་བྲོཝ་ཚུ་མ་ཉམས་པར་བཞག་སྟེ་ ཨེ་མ་དར་ཚི་གི་བྲོཝ་སྤྱི་སྙོམ་སྦེ་བཏོན་ནི་ལུ་ཕནམ་ཨིན།
ཨེ་མ་སྐམ་དར་ཚི་འདི་
- མང་ཧིང་རང་གིས་བལྟ་ཞིནམ་ལས་ ཨེ་མ་སྐམ་པའི་སྐབས་སུ་ཐལཝ་ཆགས་ཡོད་མི་ཚུ་ གཤལ་གཏང་ནིའི་དོན་ལུ་ ཧོད་ཅིག་ནང་བླུགས་ཏེ་ཆུ་འཁྱུ་དགོ།
- ཨེ་མ་ཟིལཝ་ད་དང་བཀག་ནི་འཇམ་ནིའི་དོན་ལུ་ དོ་རུང་ཆུ་ནང་དུམ་གྲ་ཅིག་སྦང་བཞག་དགོཔ་ཨིན། དེ་སྦེ་ སྦང་མི་གིས་ ཨེ་མ་ཚུ་ལགཔ་གི་མཛུམ་མོ་དང་ཨམ་མཐེ་སྦོམ་གྱིས་རུབ་ཏེ་ རང་གི་བློ་འདོད་དང་འཁྲིལ་ ཚོདམ་ཁུ་བ་ཡོདཔ་སྦེ་བཟོ་ནི་ཨིན་པ་ཅིན་ ཨེ་མའི་ལུང་བཀོ་གཏང་སྟེ་ཆུང་སུ་སྦེ་ཟིལ་ནི་དང་ དེ་མེན་པར་ སྐམ་སུ་སྦེ་བཟོ་བ་ཅིན་ ཨེ་མའི་ལུང་རང་འཇགས་བཞག་སྟེ་ སྤྱི་ཏོག་གུ་ལས་སྦེ་གཤགས་ཏེ་གཉིས་བཀག་སྦེ་ སོ་སོ་སྦེ་མ་འབྱལ་བར་བཟོ་ནི་ལུ་འཇམ་མ་ཚད་ བཙོཝ་ད་ཡང་མགྱོགས་སུ་སྦེ་འཚོག་ནིའི་དོན་ལུ་ཨིན།
- ཨེ་མའི་ཁ་ཚ་བཞག་མི་བཞག་གི་བློ་འདོད་དང་འཁྲིལ་ དོ་རུང་ ཚར་གཅིག་ཆུ་འཁྱུ་སྟེ་ ཨེ་མའི་སོན་ཚུ་བཏོན་བཀོ་སྲོལ་ཡང་ཡོདཔ་ཨིན།
- ཚོདམ་ཁུ་བ་མེདཔ་སྦེ་བཟོ་ནི་ཨིན་པ་ཅིན་ ཨེ་མ་ཚུ་ཚོད་རྫ་ནང་བླུགས་ཏེ་ དེ་གུ་ལུ་ ཆུ་གསུམ་དཔྱ་ཕྱེད་དང་ཅིག་ (.༥/༣) གི་ཆུ་ཁོདམ་བླུགས།
- བླམ་བན་ད་ ༡། སྒོགཔ་ ༡། སྐྱ་སྒོགཔ་ཤག་ ༤ དང་ ༥ དེ་ཅིག་ བར་ན་ལས་བཀག་སྟེ་བླུགས།
- དར་ཚི་ བླུགས་ཏེ་མེ་བཀལ་དགོ།
- ཚོདམ་འཁོལ་ཏེ་ ཨེ་མ་དུམ་གྲ་ཅིག་མ་འཚོགསཔ་ལས་དང་ ཡང་ཅིན་ ཆུ་ཨ་ཙི་ཅིག་མ་སྐམ་ལས་ རྫམ་ཁ་འཕྱེ་སྟེ་གཟན་སྐྱ་དང་གཟར་རུ་གིས་ ཨེ་མ་དང་དར་ཚི་གཉིས་ལེགས་ཤོམ་སྦེ་བསྒྱེས་ཏེ་ ཐབ་ཁ་ལས་ཕབས།
- དེ་གུར་ འོད་སི་ཕྱ་རུ་རུ་སྦེ་བཏོགས་མི་དེ་ཁྱབ་མཉམ་སྦེ་བླུགས་ཏེ་ ངལ་བཞག་ནི་དང་ཡང་ཅིན་ དེ་འཕྲོ་ལས་བཟའ་རུང་བཏུབ་ཨིན། གལ་སྲིད་ཨེ་མ་འཚོགས་ཐལ་བ་ཅིན་ སྐྱོན་གོང་གསལ་བཞིན་དུ་ཐོནམ་ཨིན།
- ཁུ་བ་ཡོདཔ་སྦེ་བཟོ་ནི་ཨིན་པ་ཅིན་ ཨེ་མ་དུམ་དུམ་སྦེ་ཟིལ་ཏེ་ཡོད་མི་ཚུ་ཚོད་རྫ་ནང་བླུགས།
- ཆུ་ཁོདམ་ གསུམ་དཔྱ་གཅིག་དང་ཕྱེད་དང་གཉིས་གང་འཚམས་ (༡ དང ༡.༥/༣) བླུགས།
- དེ་གུ་ལུ་ གོང་བཞིན་རྫས་སྦྱོར་ཚུ་བླུགས་ཏེ་ ཚོདམ་འཚོག་ཧིང་བལྟ་ཞིབ་འབད་ནི་ཚུ་གོང་གསལ་དང་འདྲ། ལ་ལུ་ཅིག་གིས་ ཚོདམ་ས་ཁར་ཕབས་ཞིནམ་ལས་རྐྱངམ་གཅིག་ སྐྱ་སྒོགཔ་དང་འོད་སི་ཚུ་བླུགས་ཏེ་ ཁ་བཅད་བཞག་སྲོལ་ཡང་ཡོད།
བཤུར་སྐམ་དར་ཚི་འདི་
- ཆུ་འཁྱུ་ཐངས་ཚུ་ཅོག་འཐད་རུང་ ཚོདམ་བཟོ་བའི་སྐབས་ གོང་གསལ་ཨེ་མ་དམརཔོ་སྐམ་བཟུམ་སྦེ་ ཁུ་བ་མེད་པར་སྐམ་སྦེ་བཟོ་སྲོལ་མེད། བཤུར་སྐམ་གྱི་ཨེ་མ་དར་ཚི་འདི་ ཆུ་ཀུ་སྦེ་ལགཔ་གིས་ཟིལ་ཏེ་ ཚོད་རྫ་ནང་བླུགས།
- དེ་གུར་ མར་ཁུ་དང་ཚྭ། དར་ཚི་་ཚུ་མང་ཧིང་རང་གི་བློ་འདོད་དང་འཁྲིལ་ཏེ་བླུགས།

- ཆུ་འདི་འབདན་ ཁུ་བ་ཡོདཔ་སྦེ་བཟོ་དགོཔ་ལས་བརྟེན་ ཆུ་གསུམ་དཔྱ་གཅིག་དང་ཕྱེད་དང་གཉིས་གང་འཚམས་ (༡ དང ༡.༥/༣) བླུགས།
- མ་འཚོགཔ་ཅིག་ལས་ རྫས་སྦྱོར་ཚུ་ལེགས་ཤོམ་སྦེ་བསྒྱེས་ཏེ་སར་ཕབས་བཞག་དགོ། ཚོད་བསྲེ་ཐེབས་བླུགས་ནི་ཚུ་ གོང་གསལ་ཚོདམ་ཚུ་དང་འདྲ།
ཧོན་ཚོད་དར་ཚི་འདི་
- ཨེ་མ་དམརཔོ་སྐམ་དང་ཧོནམ་གང་རུང་ གོང་གསལ་ལྟར་དུ་
- ཆུ་འཁྱུ་སྟེ་ཕྱ་རུ་རུ་སྦེ་ཟིལ་བཞག།
- ཧོན་ཚོད་ཚུ་ལེགས་ཤོམ་སྦེ་ཆུ་གིས་གཤལ་ཏེ་ ཨེ་མ་བཟུམ་སྦེ་བཏོག་ཞིནམ་ལས་ཚོད་རྫ་ནང་བླུགས།
- དེ་གུར་ རང་གི་ཁམས་དང་འཁྲིལ་ ཚོད་བསྲེ་གཞན་བླམ་བན་ད་དང་སྒོགཔ་དང་སྐྱ་སྒོགཔ་ཚུ་བླུགས།
- ཆུ་འདི་འབདན་ ཧོན་ཚོད་ལས་ཐོནམ་ཨིནམ་ལས་བརྟེན་ གསུམ་དཔྱ་ཕྱེ་དང་གཅིག་ (.༥/༣) དེ་ཅིག་བླུགས།
- མར་ཁུ་དང་ཚྭ། དེ་ལས་ དར་ཚི་ཚུ་བླུགས་ཞིནམ་ལས་ མེ་བཏེག་སྟེ་ཚོདམ་བཙོ་དགོཔ་ཨིན། འཚོག་ཧིང་གི་ཐད་ ཨེ་མ་ལུ་མེན་པར་ཧོན་ཚོད་ཀྱི་མདོག་ལུ་བལྟ་སྟེ་ཤེས་དགོཔ་ཨིན།
- ཧོན་ཚོད་ཀྱི་བཀྱག་ སེར་ཁམས་ལུ་མ་འགྱུར་བའི་ཧེ་མ་ལས་ མེ་མར་ཕབས།
- དར་ཚི་ལ་སོགས་པའི་རྫས་སྦྱོར་ཚུ་དང་མཉམ་གཅིག་ གཟར་རུ་གིས་བསྒྱེས་ཞིནམ་ལས་ ཐབ་ཁ་ལས་ཕབས་བཞག་དགོ། གལ་སྲིད་ ཧོན་ཚོད་འཚོགས་ཐལ་བ་ཅིན་ ཧོན་ཚོད་ཀྱི་ཁ་དོག་སེར་ཁ་ལུ་གྱུར་བ་ཅིན་ ཐབ་དཔོན་ཉམས་མྱོང་མེད་པའི་བརྡ་མཚོན་ཨིན།
ནགས་སྐྱེས་དར་ཚི་བཟོཝ་ད་ལུ་

- ཆུ་འཁྱུ་སྟེ་ཕྱ་རུ་རུ་སྦེ་ཟིལ་ཏེ་ གྲ་སྒྲིག་སྦེ་བཞག།
- ནགས་སྐྱེས་དང་སྟོན་སྐྱེས་ག་ཅི་ར་ཨིན་རུང་ ལེགས་ཤོམ་སྦེ་སེལ་ཏེ་ གློགཔ་གནགཔ་ཚུ་སྤུས་ཙ་སྦེ་འཁྱུ།
- བར་ན་ལས་གཤགས་ཏེ་ དུམ་དུམ་སྦེ་བཏུབ་སྟེ་ཚོད་རྫ་ནང་བླུགས།
- དེ་གུར་ ཆུ་ཡང་ཧོན་ཚོད་ཨེ་མ་དར་ཚི་གི་རྩིས་རྐྱབ་སྟེ་ གསུམ་དཔྱ་ཕྱེད་དང་གཅིག་ (.༥/༣) དེ་ཅིག་བླུགས།
- དེ་གི་ཐོག་ཁར་ ལྷན་ཐབས་ཀྱི་ཚོད་བསྲེ་གཞན་ཚུ་བླུགས།
- ཨེ་མ་དང་མར་ཁུ། ཚྭ་དང་དར་ཚི་ཚུ་ཡང་བླུགས་ཏེ་བཙོ་དགོཔ་ཨིན། འཚོག་ཧིང་གི་ཐད་ ཨེ་མ་ལུ་མེན་པར་ནགས་སྐྱེས་ཀྱི་མདོག་ལུ་བལྟ་སྟེ་ཤེས་ཚུགས། འདི་ཡང་ མདོག་སེར་ཁམས་ལུ་མ་འགྱུར་བའི་ཧེ་མ་ལས་ མེ་མར་ཕབས།
- རྫས་སྦྱོར་ཚུ་དང་མཉམ་གཅིག་ ལེགས་ཤོམ་སྦེ་བསྒྱེས་ཞིནམ་ལས་ ཐབ་ཁ་ལས་ཕབས་བཞག་དགོ།
ཤ་མུ་དར་ཚི་བཟོ་ཐངས་ཡང་
- ཧ་ལམ་གོང་གསལ་ཧོན་ཚོད་དང་ནགས་སྐྱེས་དར་ཚི་དང་འདྲ། འདི་ཡང་
- ཨེ་མ་ཚུ་གྲ་སྒྲིག་འབད་དེ་ ཤ་མུ་ཚུ་ཡང་ ཅོག་དཐཔ་སྦེ་ཟིལ་ཏེ་ཚོད་རྫ་ནང་བླུགས།
- དེ་གུར་ ཨེ་མ། ཚོད་བསྲེ་གཞན་ཚུ་བླུགས།
- ཤ་མུ་གིས་ཡང་ཆུ་འཐོན་ནི་ལུ་ལྷན་ཐབས་འབདཝ་ལས་ ཆུ་གསུམ་དཔྱ་ཕྱེད་དང་གཅིག་ (.༥/༣) བླུགས།
- དེ་གུར་ ཚྭ། མར་ཁུ། དར་ཚི་ཚུ་བླུགས་ཏེ་བཙོ་དགོཔ་ཨིན། གོང་གསལ་ ཨེ་མ་དར་ཚི་དང་ཧོན་ཚོད། དེ་ལས་ ནགས་སྐྱེས་ཀྱི་ཚོདམ་བཟུམ་སྦེ་ བཀྱག་ལུ་བལྟ་སྟེ་མི་ཤེསཔ་ལས་བརྟེན་ དུས་ཡུན་སྐར་མ་ ༤ དང་ ༥ དེ་ཅིག་བཙོ་བའི་མཐའ་མར་ ལེགས་ཤོམ་སྦེ་བསྒྱེས་ཏེ་ཕབས་དགོཔ་ཨིན།
ཀེ་བ་དར་ཚི་འདི་འབདན་ བཟོཝ་ད་བྱ་རིམ་དུམ་འདྲ་ཅིག་གོང་གསལ་དང་མི་འདྲ།
- ཧེ་མ་ར་ཀེ་བ་ག་དེ་ཅིག་དགོ་ནི་ཨིན་ན་ བཟའ་མིའི་གྱངས་ཁ་དང་འཁྲིལ་ འཐུ་ཞིནམ་ལས་པགས་ཀོ་བཤུབས།
- ཆུ་འཁྱུ། བཞི་བཀག་རྐྱབ་སྟེ་ཆུང་ཀུ་སྦེ་བཏོགས།
- དོ་རུང་ཚར་ཅིག་ ཆུ་གིས་གཤལ་གཏང་ཞིན་ན་ ཚོད་རྫ་ནང་བླུགས་ཏེ་ཐབ་ཁར་བཀལ།
- ཚོ་ཏོ་དང་ཚྭ་དུམ་གྲ་ཅིག་བླུགས་ཏེ་ བཙོ་དགོ།
- དེ་ཅིག་གི་བར་ན་ ཨེ་མ་དམརཔོ་སྐམ་དང་བཤུར་སྐམ། དེ་ལས་ ཧོནམ་གང་རུང་དུམ་ཁ་སྦེ་བཏོགས་ཏེ་ དེ་བཟུམ་སྦེ་ བླམ་བན་ད་དང་སྒོགཔ་ཚུ་ཡང་ གྲ་སྒྲིག་འབད་དེ་བཞག་དགོཔ་ཨིན།
- ཀེ་བ་རྙིངམ་དང་གསརཔ་བཙོཝ་ད་ དུས་ཡུན་མགྱོགས་ལྷོད་ཀྱི་ཁྱད་པར་ཡོད་རུང་ གཟར་རུ་གིས་དཀྲུགསཔ་ད་ ཀེ་བ་ཧ་ལམ་ཆག་འགྱོ་ནི་འབདཝ་ད་
- ཨེ་མ་དང་མཉམ་གཅིག་ཚོད་བསྲེ་གཞན་བླམ་བན་ད། སྒོགཔ་དང་དར་ཚི། དེ་ལས་ མར་ཁུ་དང་ཚྭ་ཡང་བླུགས་དགོ་པ་ཅིན་ དེ་ཚུ་ཡང་ཁ་སྣོན་རྐྱབ།
- རྫམ་ཁ་བཅད་དེ་ ཀེ་བ་ཚུ་བརྡལ་འགྱོ་ནི་དང་ཆག་འགྱོ་ནི། དེ་ལས་ ཨ་མའི་མདོག་ལ་སོགས་པ་ཚུ་ལུ་བརྟག་ཤིང་དཔྱད།
- དེ་སྦེ་འགྱོ་བ་ཅིན་འཚོགས་པའི་རྟགས་ཨིནམ་ལས་ ལེགས་ཤོམ་སྦེ་དཀྲུགས་ཏེ་ ས་ཁར་ཕབས་དགོཔ་ཨིན།
གོང་གསལ་ཨེ་མ་དར་ཚིའི་ཚོདམ་གི་རིགས་ཚུ་ནང་ ལ་ལུ་ཅིག་གིས་ ཚོདམ་ཐབ་ཁ་ལས་ཕབས་རནམ་ད་རྐྱངམ་གཅིག་ སྐྱ་སྒོགཔ་བླུགས་སྲོལ་དང་ འདི་ཡང་ དར་ཚིའི་རུལ་དྲི་ཡོད་པ་ཅིན་ཁ་མནན་ནི་དང་ དེ་མེན་པ་ཅིན་ བྲོཝ་ཐེབས་བཏོན་ནིའི་ཁེ་ཕན་ཡོདཔ་ཨིན། དོ་རུང་ ད་རེས་ནངས་པ་ ཨེ་མ་དར་ཚི་ཚོདམ་གིས་མ་ཚད་པར་ ཚོདམ་ག་ར་ཐབ་ཁ་ལས་ཕབས་ཞིནམ་ལས་ དྲིམ་ཞིམ་ཏོག་ཏོ་མནམ་ནི་དང་ བྲོཝ་ཡང་ཧེང་བཀལ་བཏོན་ནིའི་དོན་ལུ་ འོད་སི་དང་སྒོགཔ་དུང་ཅུང་ཚུ་ཕྱ་རུ་རུ་སྦེ་བཏུབ་མི་ཚུ་ བླུགས་ཏེ་ཁ་བཅད་བཞག་སྲོལ་ཡང་ཡོད། ལ་ལུ་ཅིག་གིས་ ས་སྒ་ཚུ་ཡང་བརྡུང་སྟེ་ཐེབས་སྦེ་བླུགས་སྲོལ་ཡང་ཡོདཔ་ཨིན། དེ་མ་ཚད་ ཚོདམ་ཁུ་བ་ཡོད་མེད་ཀྱི་ཁྱད་པར་ཡང་ འབྲུག་ནུབ་ཕྱོགས་པ་མང་ཤོས་ཀྱིས་ ཚོདམ་ཁུ་བ་ཆེནམོ་ཅིག་མེད་པར་ སྐམ་སུ་སྦེ་བཟོ་སྲོལ་ཡོདཔ་དང་ དབུས་ཕྱོགས་དང་ཤར་ཕྱོགས་ཚུ་གིས་འབད་བ་ཅིན་ ཚོདམ་ཁུ་བ་ཡོདཔ་སྦེ་ར་བཟའཝ་ཨིནམ་ལས་ སླབ་སྲོལ་ལུ་ཡང་ ཤར་ཕྱོགས་པའི་ཚོདམ་བཟུམ་སྦེ། ཟེར་ ནུབ་ཕྱོགས་ཀྱི་མི་ཚུ་གིས་ཞན་མདོག་བལྟ་བའི་བློ་སྦེ་ དཔྱེ་གཏམ་སློབ་སྲོལ་ཡོདཔ་ཨིན།
དེ་ཚུ་གིས་ཡང་མ་ཚད་པར་ སྲན་ཅུམ་དར་ཚི་དང་ དོ་ལོམ་དར་ཚི། ཁག་ཏེམ་དར་ཚི་ལ་སོགས་པ་ཡང་བཟོ་ནི་ཡོདཔ་ལས་ བཟོ་ཐངས་ཀྱི་བྱ་རིམ་ཚུ་ཧ་ལམ་གཅིག་མཚུངས་འབད་ཡོདཔ་ལས་ ལུགས་སུ་སྦེ་མ་བཀོད།
དམར་ཟས་ཀྱི་ཨེ་མ་དར་ཚི།
ཤ་སྐམ་དར་ཚི་བཟོ་ནིའི་དོན་ལུ་
- ནོར་ཤ་སྐམ་ཆུང་ཀུ་སྦེ་བཏོགས།
- ཆུ་འཁྱུ་ཞིནམ་ལས་འཚོགཔ་འཇམ་ནི་གི་དོན་ལུ་ ཆུ་ནང་དུམ་གྲ་ཅིག་སྦང་བཞག་ནི་ཅིག་དང་ གཞན་མི་འདི་ ཤ་སྐམ་མ་བཏོག་པའི་ཧེ་མ་ གྱི་ལྟག་གིས་བརྡུང་སྟེ་བཏོགས།
- དེ་ལས་ ཆུ་ཚན་ནང་འཁྱུ་སྟེ་ མར་ཁུ་དང་ཚྭ་དུམ་གྲ་ཅིག་བླུགས།
- ཆུ་ཡང་ ནོར་ཤ་འཚོགས་ནི་དང་ཁུ་བ་ལུས་ནིའི་ཕོ་ཚོད་ལེན་ཏེ་ གསུམ་དཔྱ་གཅིག་དང་ཕྱེད་དང་གཉིས་གང་འཚམས་ (༡ དང ༡.༥/༣) བླུགས་ཏེ་བཙོ་དགོཔ་ཨིན།
- ཤ་སྐམ་དེ་ ལགཔ་གི་མཛུབ་མོ་གིས་འདོགས་ཏེ་ འཇམ་ཧིང་དང་སེན་མོ་བཏབ་པའི་སྐབས་ གཅིག་གིས་གཅིག་ལུ་རེག་ཚུགསཔ་དང་ ཡང་ཅིན་ ཤ་ཕར་ཚུར་གཤགས་ཚུགས་པ་ཅིན་ ཧ་ལམ་ཅིག་འཚོགས་པའི་རྟགས་ཨིན།
- དེ་གིས་ཤུལ་ལས་ དེ་གུར་ཨེ་མ་དམརཔོ་སྐམ་དང་བཤུར་སྐམ། དེ་ལས་ ཨེ་མ་ཧོནམ་ག་དགའ་མི་འདི་ བཞི་བཀག་རྐྱབ། སྐེད་པ་ལས་བཏོགས་ཡོད་མི་དང་ དེ་དང་མཉམ་གཅིག་བླམ་བན་ད་ ༡། སྒོགཔ་ ༡། ས་སྒ། སྐྱ་སྒོགཔ་ཤག་ ༤ དང་ ༥ དེ་ཅིག་བཀག་བཀགཔ། དར་ཚི། དེ་ལས་ མར་ཁུ་དང་ཚྭ་མ་སྦྱོར་བ་ཅིན་དོ་རུང་ བླུགས་ཏེ་བཙོ་དགོ།
- དེ་ལས་ ཨེ་མ་ཚུ་མ་འཚོགསཔ་ཅིག་ལས་ ལེགས་ཤོམ་སྦེ་བསྒྱེས་ཏེ་ ཐབ་ཁ་ལས་ཕབས་དགོཔ་ཨིན།
ནོར་ཤ་རློནམ་གྱི་དར་ཚི་བཟོ་ནིའི་དོན་ལུ་ཡང་
- ཨེ་མ་དང་ལྷན་ཐབས་ཀྱི་ཚོད་བསྲེ་གཞན་ཚུ་ གྲ་སྒྲིག་འབད་ནི་འདི་གོང་གསལ་ ཚོདམ་ཚུ་དང་མ་འདྲཝ་མེད། ཨིན་རུང་
- ནོར་ཤ་གི་ཐད་ལུ་ ཁམས་ཏོག་ལས་དུམ་གྲ་ཅིག་ཆུ་ཀུ་སྦེ་ ཨེན་རྩི་གུར་བཀལ་ཏེ་ གྱི་ཅུང་དང་ཀ་ཀྲ་ལ་གང་རུང་གིས་བཏོགས།
- ས་དང་ཐལཝ་ལ་སོགས་པ་ མི་གཙང་བའི་རིགས་ཚུ་དག་ནིའི་དོན་ལུ་ ཆུ་ཚན་གྱིས་ལེགས་ཤོམ་སྦེ་ཆུ་འཁྱུ།
- ཚོད་རྫ་ནང་ ཆུ་གསུམ་དཔྱ་གཅིག་ (༡/༣) དེ་ཅིག་བླུགས།
- དེ་གུར་ མར་དང་ཚྭ་དུམ་གྲ་རེ་བླུགས་ཏེ་བཙོ་དགོ།
- ཤ་དེ་ ནོར་གཞོནམ་དང་གླང་རྒས་ཀྱི་ཤའི་ཁྱད་པར་འདི་ མགྱོགས་པར་འཚོགས་མི་འཚོགས་ལུ་བལྟ་སྟེ་ཤེས་ཚུགསཔ་ཨིནམ་དང་ འཚོགས་ཧིང་བལྟ་ཐངས་ཡང་གོང་གསལ་ནོར་ཤ་སྐམ་དང་འདྲ།
- ཤ་དེ་ ཧ་ལམ་འཚོགས་ཞིནམ་ལས་ ཨེ་མ་ལ་སོགས་པའི་ཚོད་བསྲེ་གི་རིགས་ཚུ་བླུགས།
- ཆུ་དགོཔ་མི་དགོཔ་བརྟག་སྟེ་ དགོ་པ་ཅིན་ གསུམ་དཔྱ་གཅིག་ (༡/༣) དེ་ཅིག་བླུགས།
- དེ་གི་ཐོག་ཁར་ ཚོ་ཏོ། ཚྭ་ཁ་སྣན་དགོཔ་ཡོད་པ་ཅིན་བླུགས།
- དེ་མ་ཚད་ དར་ཚི་ཚུ་ཡང་བླུགས་ཏེ་བཙོ་དགོཔ་ཨིན།
- ཚོདམ་ཐབས་ཁ་ལས་ཕབས་ནི་ཡང་ ཨེ་མ་དར་ཚི་སྤྱིར་བཏང་བཟུམ་སྦེ་ ཨེ་མའི་བཀྱག་དང་འཚོགས་ཧིང་ལུ་བལྟ་བའི་མཐར་ ལེགས་ཤོམ་སྦེ་གཟར་རུ་གིས་བསྒྱེས་ཏེ་བཞག་དགོཔ་ཨིན།
ཕག་ཤ་བསིལ་སྐམ་དར་ཚི་འདི་
- ཕག་ཤ་གྲ་སྟེ་བསིལ་སྐམ་རྐྱབ་བཞག་མི་ཚུ་ ཁམས་ཏོག་ལས་ཆུང་སུ་ གོང་གསལ་ཤ་སྐམ་དང་ནོར་ཤའི་ཚད་སྦེ་བཏོགས་ཞིན་ན་ སྤུས་རྩ་སྦེ་ཆུ་ཚན་གྱིས་ཐེངས་ ༢ དང་ གསུམ་འཁྱུ་སྟེ་ཚོད་རྫ་ནང་བླུགས། གལ་སྲིད་ བསིལ་སྐམ་ཐལ་དྲགས་པ་ཅིན་ བསིལ་དྲི་དག་ནིའི་དོན་ལུ་ ཕ་ཤ་ནང་བུལ་ཏོག་བླུགས་ཏེ་ཆུ་འཁྱུ།
- དེ་གུར་ ཆུ་གསུམ་དཔྱ་གཅིག་དང་ཕྱེད་དང་གཉིས་གང་འཚམས་ (༡ དང ༡.༥/༣) བླུགས།
- ཚྭ་དུམ་གྲ་ཅིག་ཡང་བླུགས་ཏེ་ ལེགས་ཤོམ་སྦེ་འཚོགསཔ་སྦེ་བཙོ་དགོ། གསོ་བའི་བསླབ་བྱ་དང་འཁྲིལཝ་ད་ ཕག་ཤ་ནང་གཟུགས་ཁམས་ལུ་གནོད་པའི་འབུ་སྲིན་གྱི་རིགས་མངམ་ཡོདཔ་ལས་ དེ་ཚུ་བསད་ཐབས་ལུ་ སྤུས་ཙ་སྦེ་བཙོ་དགོཔ་ཨིནམ་ལས་ གོང་གསལ་ ཆུ་མ་སྐམ་ཚུན་བཙོ་བ་ཅིན་ལེགས་ཤོམ་ཨིན་མས།
- དེ་ཅིག་གི་བར་ན་ ཨེ་མ་དང་སྒོགཔ། བླམ་བན་ད་ཚུ་ཤ་སྐམ་དར་ཚི་བཟུམ་སྦེ་ གྲ་སྒྲིག་འབད།
- དེ་ལས་ ཆུ་སྐམ་སུ་འཚམས་ཅིག་ཁར་ ཨེ་མ་དག་ཚོད་བསྲེ་གཞན་ཚུ་བླུགས།
- དེ་མ་ཚད་ ཚྭ་ཡང་ཁ་སྣོན་རྐྱབ་སྟེ་བཙོ་དགོཔ་ཨིན། མར་ཁུ་གི་ཐད་ལུ་ ཕག་ཤ་ལས་འཐོནམ་ལས་བརྟེན་ མ་བླུགས་རུང་བཏུབ་ཨིན་རུང་ མི་ལ་ལུ་ཅིག་ ཚོདཔ་ཧུམ་ཆོབ་ཆོབ་སྦེ་བཟའ་ནི་ལུ་སྤྲོ་བ་ཡོད་མི་ཚུ་གིས་ ཚོ་ཏོ་ཡང་ཁ་སྐོང་བླུགས་སྲོལ་ཡོདཔ་ཨིན།
འཚོགས་ཧིང་ ཨེ་མ་ལུ་བལྟ་ཞིནམ་ལས་ མཇུག་ར་ གཟར་རུ་གིས་རྫས་སྦྱོར་ཚུ་ལེགས་ཤོམ་སྦེ་བསྒྱེས་ཏེ་ ཐབ་ཁ་ལས་ཕབས་ཨིན།

གཡུས་སྒོ་ཚུ།/མི་སྡེ་ཚུ།
འབྲུག་མི་ ག་ར་གིས་འཛུགས་སྐྱོང་དང་བཟའ་སྤྱོད་འབད་སྲོལ་ཡོདཔ་ལས་ ད་རེས་ནངས་པ་ མི་སྡེ་ལོགས་སུ་ཅིག་མེདཔ་ཨིན། ཨིན་རུང་ཨེ་མའི་མིང་གནས་དང་འཐོན་ཁུངས་ལས་དཔྱད་པ་ཅིན་ དང་ཕུ་ལས་ ཝང་གི་ཨེ་མ་ཨོ་ཀྲོ་དང་ སྟོད་པའི་ས་འབོད་སྒར་པའི་ཨེ་མ་ཟེར་ ཐུགམ་ཕུ། སྤ་རོ་པའི་ཨེ་མའམ་རྡོ་སྒར་པའི་ཨེ་མ་ཟེར་ སྤ་རོ། ཤར་གྱི་ཨེ་མ་ དབང་འདུས་ཕོ་བྲང་། སྐྱབས་ཆ་པའི་ཨེ་མ་ཟེར་ ཆུ་ཁ། དེ་ལས་ ཤར་ཕྱོགས་པའི་ ཨུར་ཀ་བང་ག་ལ་ཟེར་ བཀྲ་ཤིས་གཡང་རྩེ་རྫོང་ཁག་ཚུ་ཨིན་མས།
ཞིབ་འཚོལ་འབད་མི། ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།