ལམ་སྲོལ་ཆ་ཤས།
Elements
ཀོཝ།
[
རྫོང་ཁ།
]
- རྒྱལ་ཁབ།
- འབྲུག།
- ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
- རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།
- ས་གནས།
- འབྲུག་རྒྱལ་ཁབ་ཀྱི་གཡུས་ཚན་ཆ་མཉམ་མའི་ནང་ ཟ་སྦྱོད་འབད་སྲོལ་ཡོད།
- ངོས་བཟུང་འབད་བའི་ལོ།
- ༢༠༢༢
འགྲེལ་བཤད།
དང་ཕུ་ ཕམ་ཚུ་སྡོད་གངས་རི་ནགས་དང་སྤང་གསུམ་ནང་ལུ་སྡོདཔ་ད་ མི་ཚེ་འཚོ་བ་སྐྱོང་ཐབས་ལུ་ འབྲས་ཤིང་རྐྱངམ་གཅིག་ལུ་བརྟེན་ཏེ་མེན་པར་ སེམས་ཅན་ཚུ་བསད་དེ་གཟུགས་ཁར་ཕན་ནུས་ཡོད་པའི་ ཤ་ཁྲག་གི་རིགས་ཚུ་སྤྱོད་དེ་ རིམ་གྱིས་ མཐའ་སྐྱོང་འཐབ་བཏུབ་དང་འགྲོ་བ་མི་དང་འབྲེལ་བ་འཐབ་བཏུབ་པའི་སེམས་ཅན་ཚུ་ངོས་འཛིན་འབད། གཡོག་ཚུ་བཀོལ་ཏེ་ སོ་ནམ་ཞིང་ལཱ་འབད་ནི་ཚུ་གིས་མ་ཚད་པར་ དེའི་འཐོན་སྐྱེད་ཚུ་ག་ར་སྤྱོད་དེ་ མི་དང་སེམས་ཅན་གཉིས་གཅིག་གིས་གཅིག་ལུ་ རྟེན་བྱུང་གི་ཆོས་ཅིག་ལུ་གྱུར་ཏེ་འདུག། འབྲུག་རྒྱལ་ཁབ་ནང་ཨིན་པ་ཅིན་ གངས་ལྗོངས་ཧི་ལ་ཡའི་རི་སུལ་ཚུ་ནང་ གཞི་ཆགས་པའི་འགྲོ་བ་མི་ཅིག་འབདཝ་ལས་བརྟེན་ དེ་ནང་ལུ་ རྩྭ་ཆུ་འཛོམས་པའི་རྐྱེན་གྱིས་ མི་དང་སྒོ་ནོར་སེམས་ཅན་ནོར་དང་རྟ། ཕགཔ་དང་བྱ། དེ་ལས་ ར་དང་ལུག་ཚུ་འཚོ་སྐྱོང་འཐབ་སྟེ་ མི་ཚེ་འཚོ་བ་སྐྱོང་ནི་དང་ འགྲོ་འགྲུལ་འཐབ་ནི་ཚུ་ལུ་ བཀོལ་སྤྱོད་འབད་དེ་ཡོདཔ་ཨིན། བཀོལ་སྤྱོད་འབད་ཐངས་ཀྱི་ནང་ལས་ ནོར་ཚུ་ན་འཐདན་མི་དང་འབྲེལ་བ་ཡོདཔ་ལས་ འབྲུག་མི་ཚུ་གིས་ནོར་མ་གསོ་མི་དང་ ནོར་ཁྲལ་མ་འབག་མི་དང་ཕུ་ཆེནམོ་ཅིག་མིན་འདུག། ནོར་ཚུ་གསོན་པོ་སྦེ་སྡོད་པའི་རིང་ལུ་ ཨོམ་གྱི་འཐོན་སྐྱེད་དང་ གླང་གིས་ཞིང་ལཱ་ཚུ་དུས་ཚོད་དང་བསྟུན་ཏེ་འབད་ནི་ལུ་གྲོགས་རམ་འབདཝ་མ་ཚད་ ཤི་ཞིནམ་ལས་དེའི་ཤ་དང་ཁྲག དེ་ལས་ པགས་ཀོ་ཚུ་ ག་ནི་ཡང་ཆུད་ཟད་མ་གཏང་པར་ བཀོལ་བཏུབ་མི་རིགས་ཚུ་མཁོ་བའི་ལག་ཆས་ཚུ་བཟོ་ནི་དང་ དེ་ལས་གཞན་མི་ཚུ་ ཟས་སྦེ་ལོངས་སྤྱོདཔ་ཨིན། འཕྲལ་འཕྲལ་སྐབས་ བཞེས་སྒོ་བཟོ་ནིའི་དོན་ལུ་དམིགས་བསལ་སྦེ་ ནོར་གྱི་པགས་ཀོ་སྐམ་བཞག་མི་ཚུ་ མེ་གཏང་སྟེ་ ཚོདམ་སྦེ་བཟོ་མི་ཀོཝ་གི་སྐོར་ལས་ ཞིབ་འཚོལ་འབད་དེ་ པགས་ཀོ་སྐམ་ཐངས། མེ་གཏང་ཐངས། སྤུ་ཀྲེག་ཐངས། དེ་ལས་ཚོདམ་མ་འདྲཝ་ག་དེ་སྦེ་ར་བཟོ་སྲོལ་ཡོདཔ་ཨིན་ནའི་སྐོར་ལས་ ཧེ་མ་བྲིས་ཏེ་ཡོད་པའི་དཔེ་དེབ་ཚུ་ལུ་ དབྱེ་དཔྱད་འབད་དེ་རྒྱབ་ཁུངས་བཅོལ། དེ་གུར་ གཡུས་མི་རྒས་ཤོས་ཚུ་དང་འདྲིས་གཏུགས་འབད་དེ་ འབྲུག་པའི་བཞེས་ཉམས་སྲུང་དང་དར་ཁྱབ་ཀྱི་དོན་ལུ་ བསྡུ་སྒྲིག་འབད་ནིའི་རྩིས་རྐྱབ་ཨིན།
ནོར་རྒས་གཞོན་གྱི་པགས་ཀོ་གིས་ མི་ཚུ་ལུ་སོ་ནམ་ཞིང་ལཱ་དང་འབྲེལ་བའི་དུས་རྒྱུན་མཁོ་བའི་ལག་ཆས་ ལེ་ཤ་ཅིག་བཟོ་སྟེ་ལག་ལེན་འཐབ་སྲོལ་ཡོད་དོ་བཟུམ་སྦེ་ བཞེས་སྒོ་སྦེ་བཟོ་ནིའི་དོན་ལུ་ཡང་ ནོར་རྒས་གཞོན་གྱི་ཀོཝ་ལུ་གདམ་ཁ་རྐྱབ་སྲོལ་ཡོདཔ་ཨིན། སྒོ་ནོར་གྱི་རིགས་ལས་ ས་ཁ་མཐོ་སའི་འབྱོགཔ་ཚུ་གིས་འབད་བ་ཅིན་ གཡག་གི་པགས་ཀོ་ཚུ་ཨིནམ་དང་ དེ་ལས་ ས་དམར་སར་སྡོད་མི་དང་མཐའ་ནོར་གསོ་མི་ཚུ་གིས་ བ་དང་གླང་། བའུ་ཅུང་ཚུ་གི་པགས་ཀོ་ཚུ་མ་གཏོགས་ སྒོ་ནོར་སེམས་ཅན་གཞན་གྱི་པགས་ཀོ་དཔེར་ན་ ར་དང་ལུག་བཟུམ་གྱིས་མཆོད་ཆ་དང་སྙན་ཆའི་རིགས་བཟོ་ནི་དང་ གདན་སྦེ་ལག་ལེན་འཐབ་ནི། དེ་ལས་གཞན་ རྟ་བཟུམ་གྱི་ཤ་དང་པགས་ཀོ་གཉིས་ཆ་ར་ ལོངས་སྤྱོད་སྲོལ་མེདཔ་ཨིན། ལ་ནོར་དང་མཐའ་ནོར་གྱི་ཀོཝ་དང་ རྒས་གཞོན་གྱི་ཀོཝ་གཉིས་ངོས་བཟུང་ནི་ཡང་ ལ་ནོར་གཡག་གི་པགས་ཚུ་འབད་བ་ཅིན་ རྒྱ་སྟུག་སུ་མཚམས་དང་ ཚོདམ་བཙོ་བའི་སྐབས་ཡང་ སྟུག་ཚད་སྦོམ་དང་ཀོཝ་ལས་འཐོན་པའི་ཞག་ཡང་ གར་དྲགས་སྦེ་ཐོན་སྲོལ་ཡོདཔ་དང་ མཐའ་ནོར་གྱི་ཀོཝ་འདི་ སྟུག་ཚད་གཡག་གི་བཟུམ་ཅིག་མེད་པའི་ཁར་ ཞག་ཡང་ནེ་ཅིག་མི་ཐོནམ་མ་ཚད་ ཞིམ་ཧིང་གི་ཐད་ཡང་ལ་ནོར་གྱི་ཀོཝ་ར་དྲགཔ་ཨིན། ཀོཝ་ལུ་བལྟ་སྟེ་ ནོར་རྒས་གཞོན་གྱི་ཁྱད་པར་ཡང་ ཀོཝ་གི་སྟུག་ཚད། སྤུ་དང་འཚོག་ཧིང་གི་དུས་ཚོད་ཚུ་ལུ་བལྟ་སྟེ་ འཇམ་ཏོག་ཏོ་སྦེ་ཤེས་ཚུགསཔ་ཨིན།

དོན་དག།
ཀོཝ་འདི་ དམར་ཟས་ཚོདམ་གི་རིགས་ལས་རྡིག་ཤོས་ཅིག་དང་ དེའི་ནང་ལས་ སྤགས་ཀྱི་གྲས་ཁ་ལས་ཞིམ་ཤོས་ཅིག་དང་རྡིག་ཤོས་ཅིག་སྦེ་ འབྲུག་མི་ཆེ་འབྲིང་ཆུང་གསུམ་གྱིས་བརྩིཝ་ཨིན། ཀོཝ་ཚོདམ་དེ་ཚུ་གིས་ འབྲུག་པའི་ཚོདམ་ཨིན་པའི་ངོ་རྟགས་སྟོནམ་མ་ཚད་ དང་ཕུ་འབད་བ་ཅིན་ ཀོཝ་ཀྱི་ཚོདམ་མགྱོནམ་ལུ་དྲངས་ནི་དང་ བཟའ་ཚང་ནང་བཟའ་ནིའི་གོ་སྐབས་ཡོད་པ་ཅིན་ སྒོ་ནོར་ཚུ་ཡོད་པའི་བརྡ་མཚོན་སྟོནམ་ལས་ མི་དྲག་དྲགཔ་གི་གྲངས་སུ་ཚུད་དོ་ཡོདཔ་སྦེ་བརྩིཝ་ཨིན། ལོངས་སྤྱོད་ནིའི་དུས་ཚོད་ཡང་ ཨེ་མ་དར་ཚིའི་ཚོདམ་བཟུམ་སྦེ་ དུས་རྒྱུན་སྦེ་སྤྱོད་སྲོལ་མེད་རུང་ ད་རེས་ནངས་པ་ མཐུན་རྐྱེན་འཛོམས་པའི་རྐྱེན་གྱིས་ རང་བཟའ་ནིའི་ཁམས་ཡོད་པ་ཅིན་ནང་བཟའ་དགོ་མནོརཝ་ཅིག་བཟོ་ནི་དང་ དེ་མེན་པ་ཅིན་ ཕྱི་ལས་མགྱོནམ་ཚུ་ལུ་འབྲུག་པའི་བཞེས་སྒོའི་ངོ་སྟོན་འབད་ནི་དང་ དེ་ལས་ རྒྱལ་ཡོངས་དང་ལུང་ཕྱོགས། གཡུས་གོའི་དུས་སྟོན་སྐབས། ལོ་མཆོད་དང་ཆོ་ག་རིམ་གྲོ། ལོ་གསར་དང་ དེ་ལས་ ལ་ལུ་གིས་ གཤིན་པོ་ཟས་བསྔོ་ཚུ་བཀྲམ་པའི་སྐབས་ལུ་ཡང་ བཟའ་བའི་ཟས་ཀྱི་རིགས་ནང་ བཙུགས་སྲོལ་ཡོདཔ་མ་ཚད་ དབང་འདུས་ཕོ་བྲང་རྫོང་ཁག་ སྒང་སྟེང་རྒེད་འོག་གི་གཡུས་ཚན་ཚུ་ནང་ཨིན་པ་ཅིན་ གཤིན་པོའི་དགེ་རྩའི་ བདུན་ཚིགས་དང་པ་དང་གཉིས་པ་བཅུ་བཞི། བདུན་ཚིགས་གསུམ་པ་ཉི་ཤུ་རྩ་གཅིག་ཚུ་ནང་ ནོར་ཤི་བའི་ཀོཝ་ཡོདན་རང་ལས་དང་ གལ་སྲིད་མེད་རུང་རང་གི་གཉེན་ཉེཝ་དང་ ཁྱིམ་ཚང་གདང་རེ་ཚུ་ལས་འཚོལ་ཞིན་ན་ ཚོདམ་དམར་རུ་སྦེ་བཟོ་སྟེ་ སེམས་གསོ་འབད་བར་འོང་མི་ཚུ་ལུ་དྲངས་སྲོལ་ཡོདཔ་དང་ བཞི་བཅུ་ཞེ་དགུ་གི་སྐབས་ལུ་ཡང་ ཀོཝ་ཡོད་པ་ཅིན་དྲངས་སྲོལ་ཡོདཔ་ཨིན་མས།
གནས་ཚུལ་ཐེབས་ དང་ཕུ་འབད་བ་ཅིན་ བོད་གངས་ཅན་ལྗོངས་ལས་ཕར་ ཕྱག་དཔེ་གཟིགས་པར་བྱོན་མི་འབྲུག་མི་ཚུ་དང་ གཞན་ཡང་ འབྲུག་མི་གནས་བསྐོརཔ་ཚུ་གིས་རྒྱགས་སྐལ་སྒྲིག་པའི་སྐབས་ ཆུམ་དང་ཚོད་བསྲེ། དེ་ལས་ ཤའི་རིགས་ཚུ་དུས་ཡུན་རིངམོ་སྦེ་ ལ་དང་ལུང་བརྒལ་ཏེ་འགྲོ་འགྲུལ་འབད་དགོཔ་ལས་ རྒྱགས་སྐལ་དེ་བཟུམ་ཚུ་ ལྗིད་ལྕི་ནི་དེ་གིས་ དེ་བསྒང་གི་ཕམ་ཚུ་གིས་ ནོར་གྱི་པགས་ཀོ་ཚུ་ལེགས་ཤོམ་སྦེ་སྐམ་སྟེ་ གྲ་དུམ་སྦེ་བཏོག་ཞིནམ་ལས་མེ་གཏང་། སྤུ་དང་འཚིགས་འཚིགསཔ་ཚུ་ཀྲེག་བཀོ་སྟེ་ ཕྱེ་སྦེ་རྡུང་། དེལས་ རྩམ་ཁུག་ནང་བླུགས། དེ་དང་མཉམ་གཅིག་ ཨ་ཕྱེ་ལ་སོགས་པའི་རྫས་སྦྱོར་ཚུ་ལོགས་སུ་སྦེ་འབག་སྲོལ་ཅིག་དང་ གཞན་མི་འདི་ ཀོཝ་ཕྱེ་སྦེ་རྡུང་པའི་སྐབས་ར་ ཨེ་མ་སྐམ་དང་ཚྭ། ཐིང་ངེར་ཚུ་ཡང་མཉམ་གཅིག་རྡུང་སྟེ་ རྩམ་ཁུག་ནང་འདེགས་ཏེ་འབག་འགྱོ་སྲོལ་ཡོདཔ་ཨིན་ཟེར་ རྒས་ཤོས་ཚུ་གིས་བཤད་ནི་ཡོདཔ་ཨིན།
འ་ནི་ཀོཝ་གི་ཕྱེ་དེ་ རང་ཞག་སྡོད་སའི་ས་སྒོ་ནང་ལྷོད་དེ་ ཧོད་ནང་ཆུ་ཚན་བཀོལ། འཁོལ་ཞིནམ་ལས་ དེ་ནང་ལུ་ཀོཝ་ཕྱེ་དེ་བླུགས། དེ་གུར་རྫས་སྦྱོར་ཚུ་བླུགས་ཏེ་བཙོཝ་ད་ ཕྱེ་ཐུརམ་གང་གིས་ཐུགཔ་རྫམ་གང་འཐོན་སྲོལ་དང་ དེ་གིས་ མི་གཉིས་གསུམ་ཙམ་ཕོཝ་བགྲང་ཚུགསཔ་མ་ཚད་ རང་རྐྱངམ་གཅིག་ཨིན་པ་ཅིན་ གནས་བསྐོར་དུས་ཡུན་མ་རྫོགསཔ་ཚུན་ ལང་ཚུགས་པའི་ཁེ་ཕན་ལུགས་ཚུ་བཤདཔ་ཨིན་མས། དེ་བཟུམ་མའི་ དམིགས་བསལ་སྦེ་ཀོཝ་ཕྱེ་གི་ཐུགཔ་སྦེ་བཟོ་སྟེ་ ལོངས་སྤྱོད་ནི་འདི་ ད་རེས་ནངས་པ་ལག་ལེན་འཐབ་སྲོལ་མེདཔ་ལས་ འབྲུག་མི་གནའ་བོའི་བཟའ་ལུགས་ཅིག་ཨིན་མས།

རྒྱུན་སྤེལ་ཐབས་རིག།
ནོར་གྱི་པགས་ཀོ་བཤུབས་ཐངས་དང་སྐམ་ཐངས།
ནོར་ཤི་ཤིཝ་ཨིན་རུང་འདྲ་ ཡང་ན་ བཙུགས་བཙུགསཔ་ཨིན་རུང་ ཤ་གྲ་བའི་སྐབས་
- ནོར་ གང་རྐྱལ་འབད་རྐངམ་ལགཔ་ཚུ་ཡར་ལྷོང་།
- གྱི་ཅུང་རྣོས་ཅན་ཅིག་གིས་ བྱང་ཁོང་སྦུག་ལས་སྦེ་ པགས་ཀོ་ཨོལ་ལྐོག་ཁ་ཐུག་ལས་བཤུབས།
- དེ་ལས་ བྱང་ཁོག་ལས་སྦེ་སྨད་ཕྱོགས་ ཆབས་གསང་འཐོན་ས་ཚུན་གྲ་ཞིནམ་ལས་
- རང་གི་བདེ་སྡུག་དང་འཁྲིལ་ཏེ་ གཡས་གཡོན་གང་རུང་ལས་འབད་ རྐང་ཅུང་ཚིགས་ཏོ་ཚུན་གྲ།
- རིམ་གྱིས་ཤ་གུར་འགྲམ་མ་རྐྱབ་པར་ པགས་ཀོ་དང་ཤའི་བར་ཡོད་པའི་ ཚིལ་ལུ་ནང་ལས་སྦེ་སྤྲིང་ཡི་ར་ སྒལ་ཚིགས་གུར་བཀལ།
- དེ་ལས་ ལོགས་གཡོན་ལས་ཡང་ དེ་སྦེ་ར་བཤུགས་ཏེ་སྒལ་ཚིགས་གུར་ལྷོདཔ་ད་
- ཞོག་གཡས་གཡོན་ གོང་རུང་ཁ་ཐུག་པགས་ཀོ་དཔྱང་ཡོད་མི་གུ་ལུ་ ལ་ལི་སྒྱུར།
- སྒལ་ཚིགས་ཀྱི་པགས་ཀོ་ཡང་བཤུབས།
- ཉམས་མྱོང་ཡོད་མི་ཚུ་གིས་འབད་བ་ཅིན་ པགས་ཀོ་གུར་ས་རེག་མ་བཅུགས་པར་ དྲནམ་བཏོན་ཏེ་ འགྲོས་ཀྱིས་སྦེ་བཤུབས་དགོཔ་ཨིན།
དེ་སྦེ་ པགས་ཀོ་གུར་ས་དང་རྩྭའི་རིགས་ཚུ་རེག་པ་ཅིན་ པགས་ཀོ་དེ་ཆུ་གཤལ་ནི་དང་ ས་ཚུ་འཕྱག་བཀོ་ནི་ཚུ་མེད་པར་ ཕྲང་ཕྲང་ར་སྤང་ནང་ཙོག་ཕུར་ལག་ལེན་འཐབ་ཐོག་ སྤྲིང་སྟེ་སྐམ་ནི་དང་ཡང་ཅིན་ གདངམ་གུ་ལས་དཔྱང་སྟེ་སྐམ་དོ་ཡོདཔ་ཨིན། གནད་དོན་ག་ཅི་ལས་བརྟེན་ཏེ་ ས་རེག་མི་ཚུ་འཕྱག་མ་བཀོཝ་སྨོ་ཟེར་བ་ཅིན་ ཤ་གུར་སྦྱར་ཏེ་ འཇམ་ཏོག་ཏོ་སྦེ་འགྱོ་མ་བཏུབ་ལས་བརྟེན་ཏེ་ཨིན། ཉིམ་ནང་ཧ་ལམ་ཅིག་སྐམ་ཞིནམ་ལས་ ནམ་སྤྱོད་ནི་ཨིན་ན་དང་འཁྲིལ་ཏེ་ ཁྱིམ་གྱི་ཡང་ཐོག་གམ་གཤམ་བར་ནང་གི་ ཁྱིམ་ཐོག་གི་གདིང་རི་ཚུ་གུ་ལས་ དཔྱང་སྟེ་སྐམ་བཞག་སྲོལ་ཡོདཔ་ཨིན།
པགས་ཀོ་དང་ཀོཝ་གི་མིང་གནས་ཀྱི་ཁྱད་པར།
ད་རེས་ནངས་པ་ ན་གཞོན་ཚུ་ གཡུས་ཁར་ཆེནམོ་ཅིག་མ་སྡོད་ནི་དེ་གིས་དང་ བཞེས་སྒོ་དང་འབྲེལ་བའི་ལཱ་ནང་ གྲལ་གཏོགས་ཉུང་པའི་སྐྱོན་གྱིས་ པགས་ཀོ་དང་ཀོཝ་གི་མིང་གནས་ཀྱི་ཁྱད་པར་འཕྱེ་མ་ཚུགསཔ་ཐལ་ཏེ་ རྒྱུ་གཙོ་བོ་ནོར་གྱི་པགས་ཀོ་དང་ དེའི་འཐོན་སྐྱེད་ལུ་ཀོཝ་ཟེར་མེན་པར་པགས་ཀོ་ཟེར་ སླབ་ཐངས་འཛོལ་བའི་སྐྱོན་གྱིས་ ད་ལྟོ་ལས་ རྫོང་ཁའི་ངག་གཤིས་ཚུ་བཅོས་ཁ་མ་རྐྱབ་པ་ཅིན་ ནམ་ཕུགས་ལུ་ མིང་གནས་ཉམས་པའི་ཉེན་ཁ་ཡོདཔ་ཨིན། རྫོང་ཁའི་ངག་གཤིས་དང་འཁྲིལ་ཏེ་ བྲིས་སྲོལ་ པགས་ཀོ། ལྤགས་ཀོ། ཀོཝ་ཟེར་མ་འདྲཝ་སྦེ་ལག་ལེན་འཐབ་སྲོལ་ཡོད་མི་འདི་ཡང་ པགས་ཀོ་ཟེར་མི་འདི་ སེམས་ཅན་གང་རུང་གི་པགས་ཀོ། ནོར་གྱི་པགས་ཀོ། རྟ་དང་ལུག་གི་པགས་ཀོ་ཟེར་ སེམས་ཅན་སྤྱི་མིང་དང་སྒེར་མིང་གཉིས་ཀྱི་རྩ་བར་ འབྲེལ་སྒྲ་བཙུགས་ཏེ་ལག་ལེན་འཐབ་པའི་སྐབས་ འབྲི་ཐངས་ཡིག་སྡེབ་ པགས་ཀོ་ཟེར་འབྲི་སྲོལ་དང་ པགས་ཀོ་སྤྱི་མིང་འབད་ཡང་ལག་ལེན་འཐབ་ཨིན།
དེ་ལས་ ལྤགས་ཀོ་ཟེར་འབྲི་ནི་ཨིན་པ་ཅིན་ གོང་གསལ་སྤྱི་མིང་སྒེར་མིང་གང་རུང་གཉིས་ལུ་ འབྲེལ་སྒྲ་ལག་ལེན་མ་འཐབ་པར་ གཞི་དང་འབྲེལ་བའི་མིང་སྦེ་ དཔེར་ན་ ནོར་ལྤགས་། སྟག་ལྤགས། ལྤགས་ཀོའི་ལྷམ། ལྤགས་པའི་ཐགཔ། ཟེར་འབྲི་ནི་དང་ དེ་མ་ཚད་ སྤྱི་མིང་ ལྤགས་པ་ཟེར་འབྲི་ནིའི་དོན་ལུ་ ཡིག་སྡེབ་དེ་ལག་ལེན་འཐབ་ཨིན། པགས་ཀོ་ཚུ་བཞེས་སྒོ་སྦེ་སྤྱོད་བཏུབ་བཟོ་བའི་འཐོན་སྐྱེད་ དཔྱེ་འབད་བ་ཅིན་ གཡག་གི་ཀོཝ། ནོར་གྱི་ཀོཝ་ཟེར་བེད་སྤྱོད་གཏང་སྲོལ་ཡོདཔ་ཨིན། དེ་བཟུམ་སྦེ་ ཤར་ཕྱོགས་ཚངས་ལའི་སྐད་ནང་ཡང་ དེ་སྦེ་ར་ པགས་ཀོ་ལུ་ ‘ལག་པ་’ དང་ དེའི་ཚོདམ་ལུ་ ‘མོམ་ནང་’ ཟེར་ ཐ་སྙད་སོ་སོ་སྦེ་ལག་ལེན་འཐབ་སྲོལ་ཡོདཔ་ཨིན་མས། ཨིན་རུང་ དབུས་ཕྱོགས་རྫོང་ཁག་ཚུ་གིས་འབད་བ་ཅིན་ པགས་ཀོ་ལུ་ ‘པགས་པ་’ དང་ ཀོཝ་གི་ཚོདམ་ལུ་ ‘པགས་པའི་ཚོད་མ་’ ཟེར་སླབ་སྲོལ་དང་ ལྷོ་མཚམས་པ་ཚུ་གི་བཞེས་སྒོའི་ལུགས་སྲོལ་ནང་ལུ་ ཀོཝ་གི་ཚོད་བཟོ་ནིའི་སྲོལ་མེདཔ་ལས་ བཞེས་སྒོའི་མིང་གནས་ལོགས་སུ་ཅིག་མིན་འདུག།
པགས་ཀོ་མེ་གཏང་ཐངས།
- པགས་ཀོ་སྐམ་བཞག་ས་ལས་འཐུ་སྟེ་ གྱི་ཅུང་དང་ཀ་ཀྲ་ལ་ལག་ལེན་འཐབ་ཐོག་ རྒྱ་ཚད་གྲུ་བཞི་ཁྱུ་གང་གི་ཚད་སྦེ་བཏོག།
- ཧོད་ཅིག་ནང་ཆུ་ཁོདམ་ནང་སྦང་བཏབ་སྟེ་ མཉེན་ཏོང་ཏོ་མ་འགྱོཝ་སྦེ་བཞག་དགོཔ་ཨིན། དེ་སྦེ་བཞག་དགོ་མི་འདི་ པགས་ཀོ་མེ་གཏངམ་ད་ ནང་གི་ཤ་ཚུ་མི་འཚིགས་ནིའི་དོན་ལུ་དང་ མི་གཙང་བའི་ས་དང་ཐལཝ་ཚུ་ཡང་ ཆུ་འཁྱུ་ནིའི་བྱ་རིམ་ཅིག་ཨིན།
- པགས་ཀོ་མེ་གཏངམ་ད་ཡང་ པགས་ཀོ་སྤུ་ཡོད་མི་འདི་གང་རྐྱལ་སྦེ་མེ་གུར་བཀལ།
- པགས་ཀོ་དེ་མེའི་དྲོད་ཀྱིས་བཀུགས་གཏངམ་ལས་ ཤིང་གི་འཁརཝ་བར་ནང་བཙུགས་ཏེ་ དེ་གུ་ལས་སྤུར་བཅུགས་དགོ།
- འཁརཝ་གུར་སྤུར་ཡོད་པའི་པགས་ཀོ་གི་ སྤུ་ཚུ་མེ་གཏང་ཡི་ར་ ཀ་ཀྲ་ལ་གིས་ཧིང་སང་ས་སྦེ་ཀྲེག།
- དེ་སྦེ་ སྤུ་འཚིགས་མི་ཚུ་ཀྲེག་ནིའི་ལཱ་འདི་ ལོག་ཅི་ལོག་ཅི་ར་འབད་དགོ།
པགས་ཀོ་མེ་གཏང་སྟེ་ སྤུ་མེད་པར་བཀྱག་སེར་ཁམས་ལུ་འགྱུར་བའི་བསྒང་ལས་བཞག་སྟེ་ དེ་ལས་ གཞན་པགས་ཀོ་གྲ་དུམ་ཚུ་རིམ་པ་བཞིན་དུ་མེ་གཏང་དགོཔ་ཨིན། པགས་ཀོ་མེ་གཏང་ཚར་ཞིནམ་ལས་ དེའི་མིང་གནས་ཡང་ ནོར་གྱི་པགས་ཀོ་ཟེར་མེན་པར་ ཀོཝ་ཟེར་སླབ་ཨིན། ཨིན་རུང་ ནོར་གཞོནམ་དང་བའུ་ཅུང་གི་པགས་ཀོ་ཨིན་པ་ཅིན་ པགས་ཀོ་སྲབ་ནི་དེ་གིས་འཚིགས་ནིའི་ཉེན་ཁ་ཡོདཔ་ལས་ མེ་ཤུགས་སྦེ་མ་གཏང་པར་འཚིགས་བཅུག་སྟེ་ མགྱོགས་པར་སྦེ་ཀྲེག་སྲོལ་ཡོདཔ་ཨིན།
ཀོཝ་བཙོ་ཐངས།
- བཟའ་ཚང་གི་འཐུས་མི་དང་ མགྱོནམ་གི་གྱངས་ཁ་དང་འཁྲིལ་ཏེ་ ཀོཝ་ག་དེ་ཅིག་གིས་ལང་ནི་ཨིན་ན་ཕོ་ཚོད་ལེན་ཞིནམ་ལས་
- མ་བཙོ་བའི་ཧེ་མ་ཟངས་གཞོང་ནང་ལུ་ ཆུ་ཚན་དྲོད་མཉམ་ལྡནམ་ཅིག་བླུགས།
- ཀོ་ཕྱི་ནང་མེད་པར་ལེགས་ཤོམ་སྦེ་ ཆུ་སོར་ཡི་ར་མ་དགཔ་ཚུན་ཆུ་འཁྱུ་དགོཔ་ཨིན།
- ཀོཝ་ཤོང་པའི་རྫམ་ཅིག་ནང་སྦེ་ ཆུ་གསུམ་དཔྱ་གཉིས་ (༢/༣) བླུགས།
- དེ་གུར་ ཚྭ་བླུགས་ཏེ་བཙོཝ་ཨིན། ལ་ལུ་གིས་ཀོཝ་མགྱོགས་པར་འཚོག་ནིའི་དོན་ལུ་ བུལ་ཏོག་ཡང་བླུགས་ནི་ཡོད་རུང་ དེ་འཕྲོད་བསྟེན་ལུ་ལེགས་ཤོམ་མེན་ཟེར་སླབ་ཨིན། ལ་ནོར་དང་མཐའ་ནོར་གྱི་ཀོཝ་ག་ཅི་ར་ཨིན་རུང་ ནོར་རྒས་གཞོན་གྱི་ཁྱད་པར་དང་ ཀོཝ་བཙོ་བའི་སྐབས་ འཚོག་ཧིང་གི་དུས་ཡུན་ལུ་བལྟ་སྟེ་ཤེས་ཚུགསཔ་ཨིན། འཚོག་ཧིང་ག་དེ་སྦེ་ཤེས་ཚུགས་ག་ཟེར་བ་ཅིན་ རྫམ་ཁ་བཅད་དེ་འཁོལ་ཞིནམ་ལས་
- ཁབ་ཏོ་འཕྱེ་སྟེ་ གཟན་སྐྱ་གིས་འབད་ཀོཝ་ཚུ་ཤོ་མཉམ་སྦེ་ འཚོག་བཅུག་ནིའི་དོན་ལུ་དཀྲུགས།
- ཁ་ལུ་ཡོད་མི་ཀོ་ཚུ་གཤམ་ལུ་བཙུགས་ཏེ་ རྫམ་གྱི་གཤམ་ལུ་སྦྱར་ཡོད་མེད་ལྟ་རྟོག་འབད་དགོ།
- ཀོཝ་ཧ་ལམ་ཅིག་འཚོགས་པའི་བརྡ་མཚོན་ཡང་ ལགཔ་གི་སེན་མོ་གིས་བཏབ་པའི་སྐབས་ སེན་མོ་གཅིག་གིས་གཅིག་ལུ་རེག་ཚག་ཚག་འགྱོཝ་ཨིན།
རྫམ་ཐབ་ཁ་ལས་ས་ཁར་ཕབས།
- དེ་གུ་ལུ་ ཆུ་ཁོདམ་བླུགས་ནི་དང་ ཡང་ཅིན་ གཟར་ཁར་འབག་སྟེ་ ཐེངས་གཉིས་པ་ཆུ་འཁྱུ་དགོཔ་ཨིན། དེ་སྦེ་འཁྱུ་དགོ་མི་ཡང་ དང་པ་ འཚིགས་དྲི་མི་མནམ་ནི་དང་ དེ་ལས་ ཀོཝ་ཚུ་མཉེན་ཏོང་ཏོ་ཐལ་ཏེ་ ཀོཝ་གི་ནང་ཤ་ནང་ཡོད་པའི་ས་དང་ ཤ་མ་ལེགསཔ་ཚུ་ བཏོན་བཀོ་ནི་ཚུ་འཇམ་ཏོག་ཏོ་ཡོད་ནི་དེ་གིས་ཨིན།
- དེ་ལས་ གསོལ་དཔོན་ནམ་ཐབ་དཔོན་གྱི་བློ་འདོད་དང་འཁྲིལ་ཏེ་ ཀོཝ་འདི་སྤགས་སྦེ་བཟོ་ནི་ཨིན་ན། སྒྱེས་སྒྱེསཝ་སྦེ་བཟོ་ནི་ཨིན་ན་དང་ ཡང་ཅིན་ ཀོཝ་དམར་རུ་སྦེ་བཟོ་ནིའི་ལཱ་བསྐོར་དང་བསྟུན་ བཏོགས་ཏེ་ ཚོདམ་དངོས་གཞི་བཟོ་ནིའི་གྲ་སྒྲིག་འབདཝ་ཨིན།
ཀོཝ་གི་ཚོདམ་མ་འདྲཝ།
རྒྱལ་ཁབ་ནང་ལུ་བཞེས་སྒོའི་ཚོདམ་ དམར་རྫས་སྤགས་ཀྱི་གྲས་ཁ་ལས་ ཀོཝ་གི་ཚོདམ་ སྤགས། སྒྱེས་སྒྱེཝ། དམར་རུ་གང་རུང་ཚུ་བཟོ་སྟེ་ རང་གི་བཟའ་ཚང་ནང་བཟའ་ནི་དང་ གཞན་སྐུ་མགྲོན་ཚུ་བྱོན་པའི་སྐབས་ལུ་ གསོལ་སྒྱེས་སྦེ་དྲངས་ནི་ཨིན་རུང་ ཚོདམ་རྡིག་ཤོས་དང་སྤྲོ་བ་ཆེ་ཤོས་ཅིག་སྦེ་བརྩིཝ་ཨིན།
ཀོཝ་གི་སྤགས་འདི་ཡང་
- གོང་ལུ་བཀོད་པའི་ཀོཝ་ཧ་ལམ་ཅིག་སྦེ་བཙོ་བཙོཝ་དང་ ཆུ་གཤལ་རྐྱབ་ཡོད་མི་དེ་ སྤགས་ཀྱི་རིང་ཐུང་རང་གི་བློ་འདོད་དང་འཁྲིལ་ཏེ་ དཔྱ་མཐོ་གང་དང་དེ་ལས་ཕྱེད་དང་ རྒྱ་འབད་བ་ཅིན་ སོར་གཉིས་དང་གསུམ་སྦེ་གྲ།
- སྤགས་སྦེ་གྲ་མི་ཀོཝ་དེ་ཚུ་ ཚོད་རྫ་ནང་བླུགས།
- ལེགས་ཤོམ་སྦེ་འཚོག་ནིའི་དོན་ལུ་ ཆུ་གསུམ་དཔྱ་གཅིག་དང་ཕྱེད་དང་གཅིག་ (༡.༥ དང་ ༡/༣) གང་འཚམས་བླུགས།
- དེ་གུར་ ཚྭ་དུམ་གྲ་ཅིག། ས་སྒ་པགས་ཀོ་བཤུབས་ཏེ་བརྡུངས་ཡོད་མི་ཚུ་བླུགས་ཏེ་བཙོ།
- ཆུ་དུམ་གྲ་ཅིག་སྐམ་པའི་སྐབས་ འཚོགས་ཧིང་འདི་ཡང་ ཀོཝ་གི་ཞག་འཐོན་ནི་དང་ ཀོཝ་གི་མཐའམ་ཚུ་གཞིག་ནི་ཚུ་མཐོང་པའི་བསྒང་ལས་ ཀོཝ་འཚོགས་པའི་རྟགས་ཨིན།
- དེ་གུ་ལུ་ ཚོ་ཏོག་མང་སུ་འཚམས་ཅིག། ཨེ་ཕྱེ་དང་སྐྱ་སྒོགཔ་བརྡུངས་ཡོད་མི། དེ་ལས་ ཚྭ་ཡང་ཁ་སྐོང་བླུགས།
- རྫམ་ཁ་མ་བཅད་པར་ གཟན་སྐྱ་གིས་ཐེངས་གཅིག་ རྫས་སྦྱོར་ཚུ་ལེགས་ཤོམ་སྦེ་སྒྱེས་བཞག།
- ཆུ་མ་སྐམ་ཚུན་དང་ ཀོཝ་རྫམ་ནང་སྦྱར་མ་བཅུག་པར་འཕྲལ་འཕྲལ་ར་ རྫ་ཤབ་ལག་ལེན་འཐབ་ཐོག་ རྫམ་ཐབ་ཁ་ལས་འཐུ་ཡི་ར་ ཀོཝ་ཚུ་སྤྱི་སྙོམ་སྦེ་ཁྱབ་སྟེ་བཟོ་དགོཔ་ཨིན།
- དེ་སྦེ་ ཚོདམ་གྱི་ཆུ་སྐམ་ཞིནམ་ལས་ བརྔོ་བའི་སྒྲ་ཐོན་ནིའི་འགོ་བཙུགས་པའི་བསྒང་ལས་
- ཐབ་ཁ་ལས་ཕབས་རན་པའི་བརྡ་ཨིན་རུང་ གསོལ་དཔོན་ཉམས་མྱོང་ཅན་ཚུ་གིས་ ཆུ་སྐམ་རུང་ཀོཝ་གི་ཞག་ཡོདཔ་སྦེ་བཞག་སྲོལ་ཡོདཔ་ཨིན།
- ཐབ་ཁ་ལས་མ་ཕབས་པའི་སྔ་གོང་ལས་ ཐིང་ངེར་བརྡུངས་བརྡུངསཔ་དུམ་གྲ་ཅིག་བླུགས།
- དོ་རུང་ཚར་གཅིག་ཁྱབ་ཞིནམ་ལས་ ས་ཁར་ཕབས།
- དེ་གུ་ལས་ དུང་སྒོགཔ་དང་འོད་སི་ཕྱ་རུ་རུ་སྦེ་བཏོགས་བཞག་མི་དེ་བླུགས།
- དྲངས་གཞག་རྐྱབ་མ་རནམ་ཚུན་ ཁ་བཅད་དེ་བཞག་དགོཔ་ཨིན།
- དྲངས་ནིའི་དུས་ཚོད་རནམ་ད་ སྒོགཔ་ཚུ་ལེགས་ཤོམ་སྦེ་སྒྱེས་ཏེ་དྲངས་པའི་སྐབས་ ས་སྒ། སྐྱ་སྒོགཔ། འོད་སི་གི་དྲིམ་ཚུ་གིས་ཀོཝ་གི་དྲིམ་མར་མནན་བཞག་པའི་གུར་ ཚོདམ་གི་བྲོཝ་ལྷན་ཐབས་བཏོནམ་མ་ཚད་ ཐིང་ངེར་གིས་ཡང་ཕན་གྲོགས་འབདཝ་ཨིན། ཀོཝ་གི་ཞག་ཡོད་མི་ཚོདམ་འདི་ བལྟཝ་ད་ཁུ་བ་ཤན་ཐག་ནར་ནར་སྦེ་མཐོང་པའི་ཁར་ བཟའཝ་ད་ཡང་ མར་ཁུ་ཆོབ་ཆོབ་སྦེ་མེད་པར་ཞིམ་ཏོག་ཏོ་སྦེ་བཟོ་མི་འདི་ གཡུས་ལུགས་ཅིག་ཨིན།
- གསོལ་དཔོན་ལ་ལུ་ཅིག་གིས་འབད་བ་ཅིན་ ཀོཝ་དེ་ཧེ་མ་ལས་ལེགས་ཤོམ་སྦེ་བཙོ་བཞག་ཞིནམ་ལས་ ཕྲང་ཕྲང་ས་ར་ མར་ཁུ་བླུགས།
- ཨེ་མ་ཧོནམ་གཉིས་གསུམ་དེ་ཅིག་བཀག་སྟེ་ དུམ་སྦེ་བཏོགས་མི་དང་མཉམ་གཅིག་ སྒོགཔ། བླམ་བན་ད་ལ་སོགས་པའི་ རྫས་སྦྱོར་ཚུ་ཡང་བླུགས་ཏེ་བརྔོ་།
- ཚོས་གཞི་སེར་ཁམས་ལུ་འགྱུརཝ་ད་ ཀོཝ་ཆུ་འཁྱུ་སྟེ་བླུགས།
- ཨེ་ཕྱེ་དང་ཚྭ་ ཚུ་བླུགས་ཏེ་མཉམ་གཅིག་བརྔོ་བའི་མཇུག་ལུ་
- ཐིང་ངེ་། དུང་སྒོགཔ་དང་འོད་སི་ཚུ་བླུགས་ཏེ་ ཐབ་ཁ་ལས་ཕབས་སྲོལ་ཡང་ཡོད་རུང་ ཀོཝ་གུར་ ཆུ་དུམ་གྲ་ཅིག་བླུགས་ཏེ་མ་བཙོཝ་ལས་བརྟེན་ ཀོཝ་གི་ཞག་མེད་པར་མར་ཁུ་འོང་དོ་ཡོདཔ་ལས་ བཟའཝ་ད་ཡང་ ཁམས་འཕོག་རྐྱབ་སི་སི་སྦེ་འོངམ་ཨིནམ་ལས་ ཚོདམ་དེ་བཟུམ་བཟོ་སྲོལ་འདི་ འཕྲལ་ཁམས་ཅིག་གི་བཟོ་ལུགས་ཅིག་ཨིན། དོ་རུང་ ཀོཝ་གི་ཞག་བཅོས་མའི་སྒོ་ལས་བཏོན་ཐངས་ཡང་ ཀོཝ་དང་རྫས་སྦྱོར་གཞན་ཚུ་བརྔོ་བའི་སྐབས་ལུ་ ནག་ཕྱེ་ཐུརམ་གང་ཙམ་གྱི་སྐྱོ་མ་བཟོ་ཞིན་ན་ དེ་གུར་ བླུགས་ཏེ་བཟོ་སྲོལ་ཡང་ཡོད་རུང་ གོང་གསལ་རང་བཞིན་ལས་ཐོན་མི་དེ་རང་ བྲོཝ་གི་བཅུད་ཆེཝ་ཨིན།
ཀོཝ་སྒྱེས་སྒྱེསཝ་འདི་འབད་བ་ཅིན་
- ཀོཝ་བཙོ་བཙོཝ་འཐུ་ཞིནམ་ལས་ ཕྱ་རུ་རུ་སྦེ་ རིང་ཐུང་སོར་གང་དང་རྒྱ་ཚད་སོར་ཕྱེད་སྦེ་བཏོགས།
- ཆུ་འཁྱུ་སྟེ་རྫམ་ནང་བླུགས།
- མར་ཁུ་ལ་སོགས་པའི་རྫས་སྦྱོར་དང་ ལྷན་ཐབས་ཀྱི་ཚོད་བསྲེ་གཞན་ཚུ་བླུགས།
- ཆུ་བླུགས་ཏེ་བཙོ་ནི་དང་སྐམ་བརྔོ་རྐྱབ་སྟེ་བཟོ་ནི་བྱ་རིམ་ཚུ་དང་ ཞག་ཡོད་མེད་ཀྱི་ཞིམ་ཧིང་གི་ཁྱད་ཆོས་ཚུ་ གོང་གི་སྤགས་དང་འདྲ་རུང་ མིང་གི་ཐ་སྙད་དང་འཁྲིལ་ཏེ་ ཀོཝ་གྲ་དུམ་ཆུང་ཀུ་སྦེ་བཏོགས་སྟེ་ ཁུ་བ་མེདཔ་སྦེ་རྫས་སྦྱོར་གཞན་ཚུ་དང་ ལེགས་ཤོམ་སྦེ་སྒྱེས་ཏེ་བཟོཝ་ལས་བརྟེན་ ཚོདམ་གྱི་མིང་ཡང་ ཀོཝ་སྒྱེས་སྒྱེསཝ་ཟེར་སླབ་ཨིན།
ཀོཝ་དམར་རུ་གི་ཚོདམ་འདི་ཡང་
ཀོཝ་གི་ཚད་གཞི་བཏོགས་ཐངས། རྫས་སྦྱོར་དང་ཚོད་བསྲེ་གཞན་ཚུ་བླུགས་ཐངས་ཅོག་འཐད་རུང་ ཁྱད་པར་འདི་ བཙོ་བའི་སྐབས་ལུ་ཚོདམ་ཁུ་བ་ཡོདཔ་སྦེ་བཟོ་ནི་འདི་ཨིནམ་ལས་ དམར་རྫས་དང་འབྲེལ་བའི་ཚོདམ་གྱི་རིགས་ག་ཅི་ར་ཨིན་རུང་ ཚོདམ་ཁུ་བ་ཡོདཔ་སྦེ་བཟོ་བ་ཅིན་ ‘དམར་རུ་’ ཟེར་སླབ་ཨིནམ་དང་ དེ་བཟུམ་སྦེ་ ད་ལྟོ་ ཀོཝ་གི་ཚོདམ་ཁུ་བ་ཡོདཔ་སྦེ་བཟོ་མི་ལུ་ཡང་ ཀོཝ་དམར་རུ་ཟེར་སླབ་ཨིན། བཟོ་ཐངས་མ་འདྲཝ་གཉིས་ཡོད་མི་ཡང་ ཀོཝ་དང་ལྷན་ཐབས་ཀྱི་རྫས་སྦྱོར་གཞན་ཚུ་དང་ ཆུ་བླུགས་ཏེ་མཉམ་གཅིག་བཙོ་ནི་དང་ གཞན་མི་འདི་
- ཧེ་མ་ར་ མར་ཁུ་ནང་སྒོགཔ་དང་ཨེ་མ་དུམ་སྦེ་བཏོགས་མི། ས་སྒ་དང་སྐྱ་སྒོགཔ་རྡུང་མི་ཚུ་བརྔོ་།
- མདོག་སེར་ཁམས་ཐལཝ་ད་ ཀོཝ་བླུགས།
- ཨེ་ཕྱེ་ཡང་བླུགས་ཏེ་མཉམ་གཅིག་སྦྱོར།
- མཇུག་ར་ ཁུ་བ་ག་དེ་ཅིག་དགོ་ནི་ཨིན་དང་འཁྲིལ་ཏེ་ ཆུ་བླུགས་སྦེ་བཟོཝ་ཨིན།
- ཕབས་རན་སྐབས་ ཐིང་ངེར་དང་དུང་སྒོགཔ།
- དེ་ལས་ འོད་སི་བླུགས་ནི་དང་སྦྱོར་ཐངས་ཀྱི་དུས་ཚོད་ཚུ་ མ་འདྲཝ་མེདཔ་ཨིན།

གཡུས་སྒོ་ཚུ།/མི་སྡེ་ཚུ།
འབྲུག་པའི་མི་མང་ཤོས་ཀྱིས་ ཟ་སྤྱོད་འབད་སྲོལ་ཡོདཔ་ལས་ མི་སྡེ་ལོགས་སུ་ཅིག་མེད།
ཞིབ་འཚོལ་པ། ཡེས་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།