ལམ་སྲོལ་ཆ་ཤས།
Elements
རླུང་མ་མས་ཁུར།
[
རྫོང་ཁ།
]
- རྒྱལ་ཁབ།
- འབྲུག།
- ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
- རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།
- ས་གནས།
- སྤུངས་ཐང་ཁ་རྫོང་ཁག་ནང་ རྒེད་འོག་ ༡༡ ཡོད་ས་ལས་ རྫོང་ཁག་ལྟེ་བ་ལས་ དུས་ཡུན་ཆུ་ཚོད་ ༡ གི་རིང་ལུ་ སྣུམ་འཁོར་ནང་འཛུལ་འགྱོཝ་ད་ ས་གཞི་གསེར་གྱི་གཞོངམ་དང་འདྲཝ་སྦེ་ ཆགས་ཏེ་ཡོད་པའི་ཤེལ་རྔ་སྦྱིས་མེད་རྒེད་འོག་ལྟེ་བ་འདི་ནང་ལྷོདཔ་ཨིན། རྒེད་འོག་འདི་ནང་ ཁྱིམ་གུང་ ༢༨༤ དང་ མི་རློབས་འབད་བ་ཅིན་ ༡༢༥༧ དེ་ཅིག་ཡོདཔ་དང་ རྒེད་འོག་འདི་གིས་ བྱང་ཕྱོགས་ལུ་སྟོད་ཝང་རྒེད་འོག་དང་། ལྷོ་ཕྱོགས་ལུ་ གླིང་མུ་ཁ་རྒེད་འོག་དང་ དབང་འདུས་ཕོ་བྲང་རྫོང་ཁག། དེ་ལས་ ནུབ་ཕྱོགས་ལུ་ འཛོམས་མི་རྒེད་འོག་གི་ས་མཚམས་ཚུ་དང་ཅིག་ཁར་མཐུད་དེ་ཡོདཔ་ཨིན། རྒེད་འོག་འདི་ནང་ ས་ཆ་བརྒྱ་ཆ་ ༦༠ དེ་ཅིག་ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་དང་ རྒྱ་ཆ་ ༣༠ དེ་ཅིག་ ཆུ་ཞིང་སྦེ་ཟ་སྤྱོད་འབདཝ་ཨིན་མས། གཡུས་ཚན་མང་རབ་ཅིག་ སྤྱི་འོག་ལྔ་ནང་འགོ་བཀྲམ་འབད་དེ་ཡོདཔ་དང་ ཁུབ་སྦྱིས་ཚོགས་ས་སྤྱི་འོག་གི་ དགའ་ར་ཚོགས་ས་གཡུས་ཚན་འདི་ རྒེད་འོག་ལྟེ་བ་གི་ཉེ་འདབས་ལུ་ཆགས་ཏེ་ཡོདཔ་ལས་ ལཱ་དང་བྱ་བ་ག་ཅི་ར་འབད་རུང་ བྱ་སྟབས་བདེ་ཏོག་ཏོ་འབྱུང་དོ་ཡོད་པའི་ཁར་ གཡུས་སྒོ་འདི་ཁར་ འབྲུ་སྣ་དགུའི་རིགས་ཚོ་དོ་ཡོདཔ་ཨིན་རུང་ གཡུས་མི་ཚུ་གི་འཚོ་བ་གཙོ་བོ་འདི་ ཆུམ་དང་ ཆུམ་གྱི་ཐོན་བསྐྱེད་མཛརཝ་དང་། མས་ཁུར། དེ་ལས་ ཚོད་བསྲེ་ཚུ་ལུ་བརྟེན་ཏེ་ རང་མགོ་རང་འདྲོང་སྦེ་སྡོད་ཡོདཔ་ཨིན་མས། རླུང་མ་མས་ཁུར་འདི་ ཡོངས་གྲགས་ལུ་ སྤུ་ན་ཁ་རྫོང་ཁག་ ཤེལ་རྔ་སྦྱིས་མེད་རྒེད་འོག་གི་གཡུས་སྒོ་ཁག་གི་མི་སེར་ཚུ་གིས་ སྔོན་དང་ཕུ་རང་སོའི་ལོ་ཆོག་རནམ་ད་ ལོ་གསར་ཉི་ལོག་སྐབས་རྐྱངམ་གཅིག་ བཟོ་སྲོལ་ཡོདཔ་ཨིན་པས། ཨིན་རུང་ ད་རེས་ནངས་པ་ཚོང་འབྲེལ་གྱི་དོན་ལུ་ ས་སྒོ་གཞན་ཡང་ རྟ་ལོག་ནོརབུ་སྒང་དང་། ལོག་པའི་ས། སྟོད་པའི་ས་གི་ས་གནས་ནང་ལས་ཕར་ཡང་ བཟོ་དོ་ཡོདཔ་ཨིན་མས།
འགྲེལ་བཤད།
རླུང་མ་མས་ཁུར་འདི་ སྲབ་འཕྲོས་འཕྲོས་སྦེ་ རླུང་མ་གིས་འཇམ་ཏོག་ཏོ་སྦེ་འབག་ཚུགས་པའི་དོན་དང་ སླབ་སྲོལ་གཅིག་ལས་འབད་བ་ཅིན་ མས་ཁུར་འདི་ རླུང་མ་ནང་ལུ་ལེགས་ཤོམ་སྦེ་བསྐམ་དགོཔ་ལས་ དེ་ལུ་གཞི་བཞག་སྟེ་ རླུང་མ་མས་ཁུར་ཟེར་སླབ་ཨིན་ཟེར་ཡང་བཤདཔ་ཨིན་པས།
རླུང་མ་མས་ཁུར་ཟེར་མི་འདི་ ཆུམ་གྱི་རིགས་ཚུ་ ཕྱེ་འཐག་ཞིནམ་ལས་ རང་གི་མཁོ་འདོད་དང་འཁྲིལ་བའི་ཚོས་གཞི་བཟོ་ནིའི་དོན་ལུ་ ཚོན་གྱི་ཕྱེ་ཚུ་བླུགས་ཏེ་བསྣད་ཞིན་ན་ ཐད་སྒོར་སྒོ་དང་ སྲབ་འཕྲོས་འཕྲོས་སྦེ་བཟོཝ་ཨིན་མས། དེ་ལས་ རླུང་མ་ནང་ལེགས་ཤོམ་སྦེ་བསྐམ་བཅུག་ཞིནམ་ལས་ སྦ་ཟེ་ནང་ འདེགས་བཞག་ཞིནམ་ལས་ ཚོགས་ཕུལ་རནམ་ད་ མར་ཁུ་ནང་བརྔོ་ཏེ་ དཀོན་མཆོག་ལུ་ཕུལ་ནིའི་ ཚོགས་རྫས་འབད་ལག་ལེན་འཐབ་ཨིན།

དོན་དག།
རླུང་མ་མས་ཁུར་འདི་ ཡོངས་གྲགས་ལུ་ དཀོན་མཆོག་གསུམ་ལུ་ མཆོད་པ་ཕུལ་ནིའི་ཚོགས་རྫས་སྦེ་ ལག་ལེན་འཐབ་ཡོདཔ་ལས་ ང་བཅས་རའི་རྒྱལ་ཁབ་འདི་ ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་འབདཝ་ལས་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་འགོ་འདྲེན་འཐབ་པའི་སྐབས་ མང་སུ་སྦེ་མཁོ་མངགས་འབད་མི་འཐོནམ་ལས རླུང་མ་མས་ཁུར་འདི་ ཚོང་འབྲེལ་གྱི་དོན་ལུ་ ཡོངས་གྲགས་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས། དེ་ལས སྤྲོ་ཟས་དང་ ཇ་རྩམ་སྦེ་ཡང་ བཀལ་སྲོལ་ཡོདཔ་ཨིན།
རྒྱུན་སྤེལ་ཐབས་རིག།
རླུང་མ་མས་ཁུར་འདི་བཟོ་ནི་འདི་ དང་ཕུ་ཕམ་ཚུ་གི་སྐབས་ལས་རང་ ལག་ལེན་འཐབ་སྟེ་ ཡོད་པའི་ལམ་སྲོལ་ཅིག་འབདཝ་ལས་བརྟེན་ ལཱ་ཁག་སྦེ་ལྷབ་སྦྱང་འབད་མ་དགོ་པར་རང་བཞིན་གྱིས་སྦྱང་བ་ཚུད་དེ་ རིམ་པ་བཞིན་དུ་ཕ་བརྒྱུད་བུ་བརྒྱུད་སྦེ་ ལག་ལེན་འཐབ་ཡོད་རུང་ ད་རེས་ནངས་པ་ ཨ་ལུ་ཚུ་ཆུང་ཀུ་བསྒང་ལས་ སློབ་གྲྭ་ནང་ལས་ཕར་ཤེས་ཡོན་སྦྱང་སྡོདཔ་ལས་ ལམ་སྲོལ་འདི་ ལྷབ་སྦྱང་འབད་ནི་ལུ་ གདོང་ལེན་འབྱུང་དོ་ཡོདཔ་ཨིན་མས། ཨིན་རུང་ ད་རེས་ནངས་པ་ རླུང་མ་མས་ཁུར་འདི་ དུས་སྟོན་ཚུ་གི་དོན་ལུ་རྐྱངམ་གཅིག་མེན་པར་ ཚོང་འབྲེལ་གྱི་དོན་ལུ་ཡང་ ལག་ལེན་འཐབ་དོ་ཡོདཔ་ལས་ མས་ཁུར་བཟོ་ནིའི་ལམ་སྲོལ་འདི་ དར་ཁྱབ་འགྱོ་སྟེ་ཡོདཔ་ཨིན་མས། ལྷག་པར་དུ་ རྒྱལ་ཁབ་ཀྱི་འགྱུར་བ་དང་འཁྲིལ་ ཐབས་ཤེས་འཇམ་ཏོག་ཏོ་ཚུ་འཐོན་ཏེ་ཡོདཔ་ལས་ མས་ཁུར་བཟོ་ནིའི་རྒྱུན་འདི་ དར་ཁྱབ་སྦོམ་སྦེ་འགྱོ་སྟེ་ཡོདཔ་ཨིན་མས།
མས་ཁུར་བཟོཝ་ད་ དགོས་མཁོའི་ཅ་ཆས་དང་རྫས་སྦྱོར།
- བབས་ཕྱེ།
- ཚོན་ཕྱེ།
- མར་ཁུ།
- ཀ་ལ་རྫམ། ཐབ་ཁར་ཆུ་བཀོལ་ནིའི་དོན་ལུ་ལག་ལེན་འཐབ་ཨིན།
- ཟངས་གཞོང་། ཕྱེ་བསྣད་ནིའི་ཧོད་འབད་ལག་ལེན་འཐབ་ཨིན།
- སྦ་ཟེ། མས་ཁུར་འདེགས་ནིའི་ཧོད།
- རེ་ལྡེ། རླུང་མ་མས་ཁུར་བསྐམ་ནིའི་དོན་ལུ་མཁོ་བའི་ཧོད།
- ཨེན་ཅུ་དང་སྒྲིལ་ཤིང་། རླུང་མ་མས་ཁུར་སྲབ་འཕྲོས་འཕྲོས་དང་ སྒོར་སྒོ་སྦེ་བསྒྲིལ་ནིའི་དོན་ལུ་དགོཔ་ཨིན།
- རླུང་འཁོར། རླུང་མ་མས་ཁུར་བསྐམ་ནིའི་ཅ་ཆས།
- སྦ་ཟེ་། རླུང་མ་མས་ཁུར་འདེགས་ནིའི་ཧོད།
རླུང་མ་མས་ཁུར་བཟོ་ཐངས།
- ངངམ་བྱཱ་དང་། རྟ་མགྲིན་ཚེ་རིང་། གཞན་ཡང་ཆུམ་རིགས་ག་ཅི་ར་ཨིན་རུང་ ཞག་གཅིག་ ཆུ་ནང་སྦང་བཞག་ཞིནམ་ལས་ བཙགས་ཏེ་ཧིའུ་ནང་བརྡུང་དགོ། འདི་ལུ་ བབས་ཕྱེ་ཟེར་སླབ་ཨིན།
- བབས་ཕྱེ་འདི་ གསིག་མ་ནང་བླུགས་ཏེ་ལེགས་ཤོམ་སྦེ་གསིག་དགོ།
- དེ་ལས་ ཐབ་ཁར་ཆུ་འཁོལ་བཅུག་ཞིནམ་ལས་ བབས་ཕྱེ་འདི་བླུགས་ཏེ་ ཚོཔ་ཅིག་ས་ཁར་ཕབ་སྟེ་ དྲོན་གོང་བཟུམ་སྦེ་སྤུས་ཙ་སྦེ་བསྣད་དགོ།
- དྲོན་གོང་འདི་ འཇམ་ཅུག་ཅུ་འབད་བཞག་ནིའི་དོན་ལུ་ ཆུ་ཤོག་གཅིག་ནང་ བཙུགས་བཞག་ཞིནམ་ལས་ རང་གི་དགོས་མཁོ་བསྟུན་པའི་ཚོས་གཞི་བཟོ་ནིའི་དོན་ལུ་ ཚོན་ཕྱེ་ཚུ་བླུགས་ཏེ་ བསྣད་དགོ།
- དེ་ལས་ ཚད་གཞི་དང་འཁྲིལ་ ཨེན་ཅུང་ ཡང་ན་ ཅན་སྟེགས་གུར་བཀལ་ཏེ་ སྒྲིལ་ཤིང་གིས་སྲབ་འཕྲོས་འཕྲོས་དང་ སྒོར་སྒོ་སྦེ་བསྒྲིལ་དགོ།
- དེ་ཚུ་ རེ་ལྡེ་ནང་བརྡལ་ཞིནམ་ལས་ རླུང་མ་ནང་ ལེགས་ཤོམ་སྦེ་སྐམ་བཅུག་དགོ།
- དེ་ལས་ རང་གི་དགོས་མཁོ་དང་འཁྲིལ་ ནམ་དགོཔ་ཅིག་བརྔོ་སྟེ་ལག་ལེན་འཐབ་ཨིན།

གཡུས་སྒོ་ཚུ།/མི་སྡེ་ཚུ།
ཤེལ་རྔ་སྦྱིས་མེད་རྒེད་འོག་ ཁུབ་སྦྱིས་ཚོགས་སའི་མི་བརྒྱུད་འདི་ཡང་ ཝང་ཚོ་ཆེན་བརྒྱད་པའི་མི་བརྒྱུད་ངོ་མ་ཅིག་ཨིན་མས། ཝང་ཚོ་ཆེན་བརྒྱད་ཚུ་ཡང་ ཅང་། ཀ་ཝང་། དཀར་སྦྱིས། བརཔ། སྟོདཔ། སྦྱིས་མེད། སྨད་ཝང། དེ་ལས་ སྟོད་ཝང་ ཚུ་ལུ་སླབ་ཨིན། ད་ལྟོའི་བར་ན་ཡང་ ཝང་ཚོ་ཆེན་བརྒྱད་ཀྱི་མི་སེར་ཚུ་ ཞབས་དྲུང་རིན་པོ་ཆེ་མཆོག་ལུ་དམག་དཔུང་གི་ཞབས་ཏོག་ཕུལ་བའི་ཚུལ་ལུ་ འབྲུག་སྤུངས་ཐང་བདེ་བ་ཆེན་པའི་ཕོ་བྲང་ནང་ལུ་ ལོ་བསྟར་གནང་སྲོལ་ཡོད་པའི་ མགོན་པོའི་དབང་ཆོག་རྒྱས་པའི་སྒྲུབ་མཆོད་ཆེན་མོ་འདི་ཁར་ དཔའ་མཛངས་པའི་ཆས་བསྒྲིགས་ཏེ་ འགྱོ་སྲོལ་ཡོདཔ་ཨིན་མས།
དུས་དང་ཕུ་འབད་བ་ཅིན་ ཝང་གཞི་འགྱོཝ་ཟེར་ གནམ་དགུན་སྤུངས་ཐང་ཁ་ ཤེལ་རྔ་སྦྱིས་མེད་རྒེད་འོག་དང་ གནམ་དབྱར་ ཐིམ་ཕུ་རྫོག་ཁག་ སྨད་ཝང་རྒེད་འོག་ གནམ་སྲས་གླིང་ལུ་སྡོདཔ་ཨིན་མས། ཨིན་རུང་ ད་རེས་ནངས་པར་ ལམ་སྲོལ་འདི་ རྒྱུན་ཆད་ཡོད་མི་འདི་ཡང་ རྒྱལ་ཁབ་ཀྱི་སྲིད་བྱུས་ལམ་ལུགས་དང་ ས་གནས་ཀྱི་བཅད་མཚམས་ལས་བརྟེན་ ཁྱིམ་གཅིག་ནང་གི་ ནང་མི་བཟའ་ཚང་ཚུ་ལུ་ ས་གཞི་ཚུ་ སྐལཝ་བགོ་བཤའ་སྦེ་སྤྲོད་དེ་ ལ་ལུ་ཅིག་ སྤུ་ན་ཁ་ཤེལ་རྔ་སྦྱིས་མེད་རྒེད་འོག་དང་ ལ་ལུ་ཐིམ་ཕུ་གནམ་སྲས་གླིང་ལུ་སྦེ་ སོ་སོ་སྡོད་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ དཀོན་མཆོག་མཆོདཔ་ཟེར་ ལོ་རེའི་བར་ན་ཚར་རེ་ སྙན་དར་ཕུལ་ནི་དང་ ཕམ་བུ་གཞིའི་བརྩེ་གདུང་དང་ཆ་བཞག་ཚུ་ བརྩི་ནིའི་སྔར་སྲོལ་བཟང་པོ་འདི་ མ་ཉམས་པར་ཡོདཔ་ཨིན་མས།
ལུང་པ་འདི་ནང་དར་ཏེ་ཡོད་པའི་ རླུང་མ་མས་ཁུར་འདི་ རྟ་ལོག་ནོརབུ་སྒང་ལུ་ཡང་ ཡོངས་གྲགས་སྦེ་བཟོ་དོ་ཡོདཔ་ཨིན་རུང་ དུས་ཚོད་འ་ནེམ་ཅིག་ཁར་ མི་ངོམ་འདི་གིས་ ཁྱབ་སྤེལ་བཏང་ཡོདཔ་ཨིན་ཟེར་བའི་ལོ་རྒྱུས་ཚུ་ ངག་ཐོག་དང་ཡིག་ཐོག་ལུ བྲིས་བཞག་བཞགཔ་ཅིག་མེད་དེ་འབད་རུང་ ཕ་བརྒྱུད་བུ་བརྒྱུད་སྦེ་ དར་ཁྱབ་འགྱོ་ཡོད་མི་འདི་ མ་ཉམས་པར་བཞག་ཡོད་པའི་ དངོས་མེད་ལམ་སྲོལ་གྱི་རིགས་ཅིག་ཨིན་པའི་ བརྩི་ཁུངས་བསྐྱེད་དེ་ཡོདཔ་ཨིན་མས།
ཞིབ་འཚོལ་འབད་མི། ལྷམ་ཅུ། སྒྲིག་སློབ་གཙོ་འཛིན་འོགམ།