ལམ་སྲོལ་ཆ་ཤས།
Elements
- རྒྱལ་ཁབ།
- འབྲུག།
- ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
- སྔར་སྲོལ་ལག་བཟོའི་རིག་རྩལ།
- ས་གནས།
- དར་དཀར་བཀྲ་ཤིས་གཡང་རྩེ་རྫོང་ཁག་ (དར་དཀར་ན།) འདི་ འབྲུག་རྒྱལ་ཁབ་ཀྱི་ནུབ་ཕྱོག་དང་ལྷོ་ཕྱོགས་མཚམས་ལུ་ ཆགས་ཡོད་པའི་མཐའ་ཟུར་གྱི་རྫོང་ཁག་ཅིག་ཨིན། རྫོང་ཁག་དེ་ནང་ རྒེད་འོག་ ༡༤ ཡོདཔ་དང་ ས་རྒྱ་འབད་བ་ཅིན་ ཨིསི་ཀྭེཡར་ཀི་ལོ་མི་ཊར་ ༡་༣༨༩ དེ་གི་ནང་ལུ་ སྤྱི་ལོ་ ༢༠༠༥ གི་མི་རྩིས་ཐོ་བཀོད་དང་འཁྲིལ་ མི་རློབས་གྱངས་ཁ་ ༡༨་༢༢༢ ཡོདཔ་སྦེ་ཨིན་མས། མི་སེར་ཚུ་ཡང་ མང་ཤོས་ཅིག་སོ་ནམ་དང་ སྒོ་ནོར་སེམས་ཅན་གྱི་འཐོན་སྐྱེད་ཚུ་ལུ་བརྟེན་ཏེ་ འཚོ་བ་སྐྱོང་དོ་ཡོདཔ་དང་ ས་ཆའི་མཐོ་དམན་ཡང་ རྒྱ་མཚོ་ལས་ མི་ཊར་ ༦༠༠ ལས་ ༣་༨༠༠ གྱི་བར་ན་ཆགས་ཡོདཔ་ལས་ སྐྱེ་ལྡན་རིགས་སྣའི་བྱེ་བྲག་ཡང་ གནམ་གཤིས་བསིལ་དྲོད་ སྙོམ་ཏོག་ཏོ་ལས་འགོ་བཙུགས་ མཐའ་མཚམས་ ཚ་དྲོད་དང་ལྡནམ་སྦེ་ཡོདཔ་ལས་ བརྒྱ་ཆ་ ༧༩ དེ་ཅིག་ ཚན་དན། ཨ་གུར། སྟོང་ཕུ། སཱལ་ལ་སོགས་པ་ཚུ་ཡོདཔ་ཨིན། ཨིན་རུང་ ད་ལྟོ་རང་འཐག་གི་ཞིབ་འཚོལ་འདི་ བཀྲ་ཤིས་སྡིངས་རྒེད་འོག ནོར་བུ་གླིང་གཡུས་ཚན་ མིང་གནས་རྙིངམ་ ལོ་དམ་བྷ་ཟེར་མི་ གཡུས་ཚན་ནང་འབདཝ་ལས་ དོ་ནང་ལུ་ གཞིས་བཅགས་མི་གཡུས་མི་མང་ཤོས་ཅིག་ ལྷོ་མཚམས་པའི་རིགས་ཨིན། མ་གཞི་ བཟོ་རིག་ལག་ཤེས་འདི་ ལྷོ་མཚམས་པའི་གཞིས་བཅགས་ཀྱི་གཡུས་སྒོ་ཚུ་ནང་ལུ་མ་དོ་བར་ འབྲུག་ཤར་ཕྱོགས་ལུང་ཕྱོགས་ཀྱི་གཡུས་ཚན་ཚུ་ནང་ཡང་ ཁྱབ་ཆེཝ་སྦེ་ལག་ལེན་འཐབ་སྲོལ་ཡོདཔ་ཨིན།
- ངོས་བཟུང་འབད་བའི་ལོ།
- 2022
འགྲེལ་བཤད།
ལྷོ་མཚམས་པའི་ཁ་སྐད་ལས་ འབྲུ་སྣའི་རིགས་ཚུ་ཕྱེ་ཐགས་ནི། པགས་ཀོ་བཤུབས་ནི། ཕུད་རྡོག་ཆུང་སུ་སྦེ་བཟོ་ནིའི་ གནའ་བོའི་ལུགས་ཀྱི་ཅ་ཆས་ རང་འཐག་ལུ་ ཇ་ཏོ་ཟེར་ བྱག་དང་ཆུ་གི་མཐའམ་བདའ་སྟེ་ འཐོབ་སྲོལ་ཡོད་པའི་ རྡོ་ག་ནི་བ་སྲ་ཀྲ་ཚུ་ལས་ ཁབ་ཏོག་ཆུང་སུ་དང་མབ་ཏོག་དུམ་གྲ་ཅིག་སྦོམ་སུ་སྦེ་ དཔྱེ་བཞེས་སྒོ་བཟའ་ནིའི་ཧོད་ ཟླ་པ་བཟུམ་སྦེ་ དབྱིབས་ཐད་སྒོར་སྒོར་སྦེ་འོངམ་ཨིནམ་དང་ ཁབ་ཏོག་གི་སྦུག་ཕྲང་སྟེ་ འབྲུ་ཚུ་ཨ་ཙི་རེ་སྦེ་བླུགས་ནིའི་དོན་ལུ་ ཁ་ཕོརཔ་བཟུམ་བཟོ་བའི་སྦུག་ལས་དོང་བཏོན། དེ་ལས་ ལགཔ་གིས་སྒྱིར་ནིའི་དོན་ལུ་ ཁབ་ཏོག་གི་མཐའམ་ལུ་དོང་སྤེད། དེ་ནང་ ཤིང་ཇུ་རིལམོ་ཅིག་བཟུང་ཤིང་སྦེ་བཙུགས་ཏེ་འོངམ་ཨིན་མས།
རང་འཐག་བཟོ་ནིའི་དོན་ལུ་ རྡོ་སྤྱི་རིགས་སྣ་ཚོགས་ཀྱིས་བཟོ་མི་བཏུབ་དོ་ཨིནམ་དང་ རྡོའི་རིགས་ཡང་ལྷམ་པ་མ་འདྲཝ་ གཉིས་རྐྱངམ་གཅིག་ལས་བཟོ་སྲོལ་ཡོདཔ་ཨིན་མས། རྡོ་རབ་འདི་ ཁ་དོག་གནགཔོ་སྦེ་ ལྷོ་མཚམས་པའི་ཁ་སྐད་ལས་ ཀུ་རིང་རྡོ་དེ་ཨིནམ་སྦེ་ཆ་བཞགཔ་ཨིནམ་དང་ གཞན་མི་འདི་ རྡོ་དཀརཔོ་གུར་གནགཔོ་གི་ཐིག་ཁྲ་སྦེ་ཡོད་མི་ཚུ་ འབྲིང་སྦེ་བརྩིཝ་ཨིན་མས། དེའི་བྱེད་ལས་ཡང་ སྤྱིར་བཏང་འབྲུ་སྣའི་རིགས་ཚུ་ ཕྱེ་འཐག་ནི་དང་དཀྲུམ་ནིའི་དོན་ལུ་ རང་འཐག་སོ་སོ་སྦེ་བཟོ་དོ་ཡོདཔ་དང་ འདི་ཡང་ གེ་ཟ་ཚུ་འཐག་ནི་ཨིན་པ་ཅིན་ རང་འཐག་གི་རྡོ་ལེབ་གཉིས་ཀྱི་ནང་ལུ་ ཁྲ་བཀོད་རྩུབ་སུ་འཚམས་ཅིག་བཟོ་དགོཔ་དང་ དེ་ལས་ མེནམ་བྱཱ་དང་ཀར་ནག་གི་ཕྱེ་འཐག་ནི་ཨིན་པ་ཅིན་ ཁྲ་བཀོད་ཀྱི་རིས་མོ་མཇམ་སུ་འཚམས་སྦེ་བཟོ་སྟེ་འོངམ་མ་ཚད་ སྦོམ་ཆུང་འབད་བ་ཅིན་ གེ་ཛ་འཐག་མི་ལས་དུམ་གྲ་ཅིག་ ཆུང་སུ་སྦེ་འོངམ་ཨིན་མས། དེ་སྦེ་ བཟོ་དབྱིབས་དང་སྦོམ་ཆུང་ག་ཅི་འབད་བཟོཝ་ཨིན་ན་ཟེར་བ་ཅིན་ གེ་ཛའི་འབྲུ་ཚུ་ཕུད་རྡོག་སྦོམ་པའི་གུར་ སྐམས་ཏེ་སྲ་ཀྲ་སྦེ་འོངམ་ཨིནམ་དང་ དེ་འཐག་ནིའི་དོན་ལུ་རང་འཐག་སྦོམ། ལྗིད་ལྕི་དྲག་སྦེ་དགོཔ་དང་ དེ་ལས་ གཞན་ཚུ་འབྲུའི་ཕུད་རྡོག་ཡང་ཆུང་སུ། དེ་ལས་ ཕྱེ་སྦེ་འཐག་ནི་ལུ་ ལག་ལེན་འཐབ་ལས་བརྟེན་ རྒྱ་ཆུང་སུ་སྦེ་བཟོཝ་ཨིན་མས། དེ་གུར་ རྒྱུག་ཆུ་ལག་ལེན་འཐབ་སྟེ་ རྡོ་གི་རང་འཐག་ལུ་ཆུ་འཐག་ཟེར་ རྡོ་གི་རྒྱ་སྦོམ་ཆུང་དང་ མི་གི་ལགཔ་གིས་ སྒྱེར་དགོ་མི་དགོ་གི་ཁྱད་པར་ཙམ་ལས་ དེ་གི་ལཱ་འབད་ཐངས་དང་འཐོན་སྐྱེན་བཏོན་ཐངས་ལུ་ ཁྱད་པར་མེདཔ་ཨིན།
རྒྱུ་རྡོ་ལས་བསྒྲུབས་པའི་རང་འཐག་དང་ཆུ་འཐག་ཚུ་ ལག་ལེན་འཐབ་ནི་འདི་ འཛམ་གླིང་ནང་ལུ་མི་རབས་ཆགས་ཏེ་ མི་ལོ་ ས་ཡ་ ༣་༣ གྱི་ཧེ་མ་ རྡོ་ཆས་སྤྱོད་པའི་ལོ་ཚིགས་འགོ་བཙུགས་ཏེ་ ཤུལ་ལས་ སོ་ནམ་གྱི་ལཱ་འགོ་བཙུགས་ལོ་ཚིགས་ ༡༡་༧༠༠ ལས་ འཚོ་བ་འབྲུ་སྣ་ལ་སོགས་པའི་ཕྱེ་འཐག་སྟེ་ ལོངས་སྤྱོད་མི་ལས་ཚུར་ ལག་ཆས་དེ་ཚུ་ གསར་བཏོད་འབད་ཡོད་དོ་བཟུམ་སྦེ་ འབྲུག་རྒྱལ་ཁབ་ནང་ཡང་ ནང་བཅུད་ཀྱི་སེམས་ཅན་དང་ འགྲོ་བ་མི་རིགས་ཆགས་མི་ལས་ཚུར་ ཁྱིམ་ཆས་དང་སོ་ནམ་དང་འབྲེལ་བའི་ གཡུས་ལུགས་ཀྱི་མཁོ་ཆས་རྙིང་ཤོས་ཅིག་ཨིནམ་ རྩོད་པ་དང་འབྲལ་བའི་དོན་ཚན་ཅིག་ཨིན། ལག་ཆས་དེ་ ད་ལྟོའི་བར་ན་ཡང་ མཐའ་ཟུར་གྱི་གཡུས་ག་ཏེ་ལུ་ཡང་ ཁྱིམ་གྱི་སྒོ་ཁར་དང་སྦ་ཁེ་ལོགས་ལུ་ རང་འཐག་མཐོང་སྲོལ་དང་ དེ་བཟུམ་སྦེ་ གཡུས་ཀྱི་སྦུག་དང་འཇུག ཡང་ཅིན་ ཟུར་ཁ་ལུ་རྒྱུག་ཆུ་ཡོད་སར་དང་ ཡང་ཅིན་ ལུངམ་གི་ནང་ལས་རྒྱུག་ཆུ་འདྲངས་ཏེ་ ཆུ་འཐག་གི་ཁྱིམ་བཟོ། ནང་ན་ལུ་ཆུ་འཐག་བཙུགས་ཏེ་ འབྲུ་སྣའི་རིགས་ཚུ་འཐོན་སྐྱེད་མ་འདྲཝ་ཚུ་བཏོན་ནི་ལུ་ གཡུས་མི་དམང་གིས་ད་ལྟོའི་བར་ན་ཡང་ ཧཱ་དང་དགའ་ས་རྫོང་གི་འོག་ ཆོས་ལེགས་གཡུས་ཚན་གྱི་ལྟག་ལུ་ དཔལ་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངཁ་དབང་རྣམ་རྒྱལ་གྱི་ཕྱག་བཟོ་ ཆུ་འཐག་གཡས་བསྐོར་མ་དང་ དེ་བཟུམ་སྦེ་ བུམ་ཐང་རྫོང་ཁག་ གཏམ་ཞིང་ལྷ་ཁང་དང་ཆོས་འཁོར་བཞུགས་བྲག་ (ཤུག་བྲག) དགོན་པའི་ཉེ་འདབས་ལུ་ གཏེར་སྟོན་ཆེན་མོ་པདྨ་གླིང་པའི་ཕྱག་བཟོ་ ཆུ་འཐག་གཡས་བསྐོར་མ་ཚུ་ ལག་ལེན་འཐབ་བཞིན་དུ་ཡོདཔ་ཨིན། དང་ཕུ་ ལག་བཟོ་མཁནམ་ཚུ་གིས་རང་འཐག་བཟོ། དེ་ཚོང་སྒྱུར་དང་ འབྲུ་སྣའི་རིགས་གཞན་ཚུ་དང་བརྗེ་སོར་འབད་དེ་ འཚོ་བ་སྐྱོང་སྲོལ་ཡང་ཡོདཔ་ཨིན། བཟོ་རིགཔ་ལག་ཤེསཔ་ཚུ་གིས་ དེ་བསྒང་འབད་བ་ཅིན་ མཁོ་འདོད་དང་འཁྲིལ་ཏེ་ རང་འཐག་དང་ཆུ་འཐག་ ཆེ་ཆུང་སྣ་ཚོགས་བཟོ་སྐྲུན་འབད་སྲོལ་ཡོད་ཡང་ ད་རེས་ནངས་པ་འབད་བ་ཅིན་ གློག་འཕྲུལ་རང་འཐག་སྣ་ཚོགས་ཐོན་ནི་དེ་གིས་ བཟོ་རིག་ལག་ཤེས་འདི་ ཉམས་ཉེན་གྱི་དུམ་ཁར་ལྷོད་དེ་ཡོདཔ་ཨིན།

དོན་དག།
རང་འཐག་འདི་གིས་ རྒྱུ་མ་ཤེས་མི་ཚུ་ལུ་ དགོས་ཁུངས་ཟེར་རུང་རྒྱུ་རྡོ་གིས་བཟོ་བཟོཝ་ཅིག་དང་ དེ་གིས་འབྲུག་སྣའི་རིགས་ཚུ་ འཐོན་སྐྱེད་མ་འདྲཝ་བཏོན་ནི། དེ་ལས་ བཟོ་སྐྲུན་གྱི་རིག་རྩལ་ཅིག་ཡོདཔ་ཨིན་མི་ལས་ གཞན་མི་སྡེ་དང་ལམ་སྲོལ་གྱི་དགོས་ཁུངས་ ག་ནི་ཡང་ སྣང་དག་མི་སྐྱེདཔ་ཨིན། ཨིན་རུང་ ལམ་སྲོལ་དང་མི་བརྒྱུད་རིག་པའི་ཡོན་ཏན་དང་ལྡན་མི་ཚུ་གིས་ རང་འཐག་དེ་གིས་ མི་བརྒྱུད་སྦྲགས་ནི། ས་དང་རྡོ་གི་གཏེར་ཚུ་ངོས་འཛིན་འབད་ནི། མི་ངོ་རྐྱང་དང་མི་སྡེ་གི་བར་ན་ མཐུན་ལམ་དང་གཅིག་སྒྲིལ་བཟོ་ནི། རང་འགོ་རང་འདྲོངས་སྦེ་འཚོ་བ་སྐྱོང་ནི། དཔལ་འབྱོར་གོང་འཕེལ་ལུ་ལྷན་འཐབ། དེ་ལས་ ཆུ་འཐག་གི་མི་སྡེ་གཅིག་མཐུན་དང་ གཅིག་སྒྲིལ། ཞི་བདེའི་ངང་ལུ་གནས་ནི། དེ་ལས་ རང་དང་གཡུས་ཀྱི་ངོ་རྟགས་དང་ གཏམ་ལོ་རྒྱུས་ཚུ་གི་སྒྲུབ་བྱེད་ཀྱི་རྟེན་སྦེ་ བཞག་ནི་ལ་སོགས་པ་ཚུ་ལུ་ཕན་ཐོགས་ཡོདཔ་ཨིན།
དེ་བཟུམ་སྦེ་ར་ རང་འཐག་དེ་གིས་ དང་ཕུ་ འབྲུག་པའི་ལམ་སྲོལ་གྱི་རིགས་སྣ་ཅིག་འབདཝ་ལས་ དེ་གིས་ རྒྱལ་ཁབ་ཀྱི་ངོ་རྟགས་བདག་འཛིན་འབད་ནི། དེ་དང་འབྲེལ་བའི་བཟོ་སྐྲུན་གྱི་རིག་རྩལ། བཟོ་ཆས། ངོས་འཛིན། དེ་ལས་ དེ་དང་འབྲེལ་བའི་གཏམ་ལོ་རྒྱུས། མི་བརྒྱུད་འདྲངས་ནི། མི་སྡེའི་འཚོ་བའི་གནས་སྟངས། མི་སྡེའི་ཤེས་བྱ་ཚུ་བདག་འཛིན་འབད་ནི་ལུ་ ཕན་ཐོགས་ཚུགསཔ་མ་ཚད་ བཟོ་རིགསཔ་ངོ་རྐྱང་རང་ལུ་ གུས་ཞབས་དང་བརྩི་མཐོང་། དེ་ལས་ རང་འཐག་བདག་འཛིན་འབད་མི་ལུ་ཨིན་རུང་ དཔལ་འབྱོར་གོང་འཕེལ་ལུ་ཕན་པ། འཚོ་རྟེན་ལུ་ཕན་པ། ཕ་བརྒྱུན་བུ་བརྒྱུད་ཀྱི་གཏམ་རྒྱུན་དང་ལཱ་བཤུལ་ཚུ་དྲན་ནི། དེ་ལས་ ཁྱིམ་ཚང་མི་སྡེ་དང་གཡུས་སྡེ་ཚུ་ནང་ མཐུན་ལམ་དམ་ཟབ་བཟོ་ནི་ ལ་སོགས་པའི་ཁེ་ཕན་ལེ་ཤ་ཡོདཔ་ཨིན། ཨིན་རུང་ རྒྱལ་ཁབ་གོང་འཕེལ་དང་ འཕྲུལ་རིག་འཐོན་སྐྱེད་ཚུ་ལས་བརྟེན་ ནང་ཕུ་གི་སྲོལ་རྒྱུན་འདི་ ཉམས་ནིའི་དུས་ཚོད་ལུ་ལྷོད་དེ་ཡོདཔ་ཨིན།

རྒྱུན་སྤེལ་ཐབས་རིག།
རང་འཐག་བཟོ་ནི་འདི་ དུས་རྒྱུན་ ཨ་པ་གི་ལཱ་བུ་གིས་རྒྱུན་བཟུང་དོ་བཟུམ་སྦེ་མེན་པར་ གལ་སྲིད་ ལག་ཤེས་དེ་ལུ་སྤྲོ་བ་དང་ དང་འདོད་ཡོད་པ་ཅིན་ མི་ག་ར་ཨིན་རུང་ ལྷབ་སྦྱངས་འབད་བཏུབ་པའི་ཡོན་ཏན་ཅིག་ཨིན། ཡོན་ཏན་དེ་ རོགས་ལག་ཤེས་མཁནམ་ཚུ་གིས་ རྡོ་ངོས་འཛིན་འཐབ་ཐངས། ལག་ཆས་ལག་ལེན་འཐབ་ཐངས། དེ་ལས་ བཟོ་བའི་སྐབས་ཀྱི་བྱ་རིམ་ཚུ་ལེགས་ཤོམ་སྦེ་བལྟ་ཞིནམ་ལས་ རིམ་གྱིས་སྦྱངས་བ་དང་ཉམས་མྱོང་ཚུ་ཚུདཔ་ཨིན་རུང་ གཙོ་བོ་ར་ ལྷབ་མི་སློབ་ཕྲུག་གི་རྒྱུད་ལུ་ སྤྲོ་བ་དང་སྙིང་རུས་དགོཔ་ཁག་ཆེཝ་ཨིན་མས། དཔྱེ་འབད་བ་ཅིན་ སྒོ་བཞི་རྒེད་འོག་ རྡོ་འགག་ལས་ཨིན་མི་ བཟོ་རིགཔ་ཅིག་གིས་ ཁོ་གིས་རང་འཐག་བཟོ་ནི་འདི་ ཁོ་རའི་ཁྱིམ་ཚང་ཅིག་གིས་བཟོ་མི་ལུ་དཔྱེ་བལྟ་སྟེ་ ལྷབ་སྦྱངས་འབད་ཞིནམ་ལས་ བདུན་ཕྲག་གཅིག་གི་ནང་ལུ་ རང་འཐག་གཅིག་བསྒྲུབས་ཡོད་མི་ལུ་དཔྱད་པ་ཅིན་ ལག་རྩལ་འདི་ ཨཔ་ལག་ཆུ་མཱན་བཟུམ་སྦེ་ ཕའི་ཡོན་ཏན་བུ་གིས་འཛིན་དགོ་པའི་ལམ་སྲོལ་ཅིག་མེན་པས། བཟོ་རིག་ལག་ཤེས་ཀྱི་འཐོན་སྐྱེད་ཚུ་ ད་རེས་ནངས་པ་འཕྲུལ་ཆ་ཚུ་ལས་བརྟེན་ ཆེནམོ་ཅིག་མཐོང་སྲོལ་མེད་རུང་ ཁོང་ཚུ་གིས་མཁོ་འདོད་སྐྱེད་མི་འཐོནམ་ད་རྐྱངམ་གཅིག་ རིག་རྩལ་གཡོག་བཀོལཝ་ཨིན་མས།
རང་འཐག་བཟོ་ནིའི་རྒྱུ་ རྡོ་ཚུ་གཙང་ཆུའི་མཐའམ་བདའ་སྟེ་འཚོལ་ཞིནམ་ལས་ ཁྱིམ་ནང་སྒྱེལ་པར་འབག་འོང་ཏེ་ ལག་ཆ་ཆེ་ཆུང་མ་འདྲཝ་ ཁག་ལྔ་དེ་ཅིག་ལག་ལེན་འཐབ་སྟེ་ བཟོ་སྐྲུན་འབད་ནི་འགོ་བཙུགསཔ་ཨིན་མས། གལ་སྲིད་ རྡོ་སྦོམ་སྦེ་ཡོད་པ་ཅིན་ རྡོ་ཐོཝ་གིས་བཀག་སྟེ་ ཐད་སྒོར་བཟོ་ནི་དང་དོང་སྤེད་ནི། དེ་ལས་ ཁབ་ཏོག་མབ་ཏོག་གི་ནང་གི་ཁྲ་རིས་ བཏོན་ནིའི་དོན་ལུ་ གཡུས་སྐད་ལས་ ཅི་ནུ་ཟེར་ རྡོ་གཟོང་ཆེ་ཆུང་ཚུ་ལག་ལེན་འཐབ་སྟེ་བཟོ་བའི་མཐར་ ལག་བཟུང་གི་ཤིང་བཙུགས་ཏེ་ འཐོན་སྐྱེད་བཏོན་སྲོལ་འདུག། རྡོ་རིགས་མ་འདྲཝ་ལེ་ཤ་ཅིག་ཡོད་མི་ནང་ལས་ དྲག་ཤོས་དང་རབ་འདི་ ཆུ་རྡོ་གནགཔོ་སྦེ་ཡོད་མི་ ལྷོ་མཚམས་པའི་ཁ་སྐད་ལས་ ཀུ་རིང་ ཟེར་མི་འདི་ར་བརྩིཝ་ཨིན་མས།

གཡུས་སྒོ་ཚུ།/མི་སྡེ་ཚུ།
ཇ་ཏོའམ་རང་འཐག་བཟོ་ནི་འདི་ བཀྲ་ཤིས་སྡིངས་རྒེད་འོག་ ནོར་བུ་གླིང་གཡུས་ཚན་ནང་ལུ་ ད་ལྟོ་བར་ཡང་གནས་ཏེ་འདུག། རིག་རྩལ་དང་ལྡན་མི་དཀོན་དྲག་ཅན་ཅིགཔོ་འདི་ ཨཔ་ལག་ཆུ་མཱན་བོམ་ཇཱན་འདི་ཨིནམ་དང་ ཁོ་གི་རྒྱུད་ལུ་ཡོད་པའི་ལག་ཤེས་འདི་ ཁོ་རའི་གཡུས་ནང་ལུ་རྐྱངམ་གཅིག་མེན་པར་ ཉེ་འདབས་ཀྱི་གཡུས་ཚན་གི་ ཉམས་ཉེན་ཅན་གྱི་ལམ་སྲོལ་འདི་ མི་ཉམས་རྒྱུན་སྐྱོང་འཐབ་མི་ཅིག་ཨིན་མས། ཁོ་གི་ཡོན་ཏན་འདི་ ཁོ་རའི་ཨ་པ་ལས་ལྷབ་སྦྱངས་འབད་དེ་ ད་ཚུན་གྱི་རིང་ལུ་ མི་ལོ་བཅུ་ཐམ་དེ་ཅིག་གི་ཉམས་མྱོང་ཡོདཔ་ལས་ རང་འཐག་ཚུ་ཡང་ ཁོ་རའི་དོན་ལུ་མ་ཚད་གཡུས་ཚན་དང་ གཞན་ཡང་ཉེ་འདབས་ཀྱི་རྒེད་འོག་ཚུ་ལུ་ཡང་ བཟོ་སྟེ་བྱིན་དོ་ཡོདཔ་ཨིན་མས། དེ་སྦེ་ རང་འཐག་བཟོ་ཚུགས་པའི་རྒྱུ་རྐྱེན་ཅིགཔོ་འདི་ མཁོ་ཆས་རྡོ་ཚུ་ དར་དཀར་ཆུ་གི་མཐའ་བདའ་སྟེ་ འཇམ་ཏོག་ཏོ་སྦེ་འཐོབ་ཚུགས་མི་ལུ་བརྟེན་ཏེ་ སྲོལ་རྒྱུན་དེ་གནས་ཏེ་ཡོདཔ་ཤེས་ཚུགས་པས།
ཞིབ་འཚོལ་འབད་མི། ཀུན་བཟང་དབང་མོ། བརྡ་ལེགས་ཐང་སློབ་ཆུང་བ། བཀྲ་ཤིང་སྡིངས་རྒེད་འོག། དར་དཀར་ན་རྫོང་ཁག། སྐད་སྒྱུར་ ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།

བརྡ་དོན་འབྱུང་ཁུངས།