ལམ་སྲོལ་ཆ་ཤས།
Elements
- རྒྱལ་ཁབ།
- འབྲུག།
- ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
- རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།
- ས་གནས།
- རྐང་ཚིགས་ལག་ཚིགས་བཙུགས་ནི་དང་ བཟོ་ནིའི་རིག་རྩལ་དང་ལྡན་པའི་མི་ཚུ་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་ ༢༠ གི་གཡུས་ཚན་ཚུ་ནང་ལས་ཕར་ཡོདཔ་ཨིན་རུང་ གྱངས་ཁ་ཆོདཔ་ཅིག་ལས་མེདཔ་ཨིན། དེ་བཟུམ་སྦེ་ ཀྲོང་གསར་རྫོང་ཁག བྲག་སྟེང་རྒེད་འོག་ གཡུས་ས་གཡུས་ཚན་ནང་ལུ་ཨིན་རུང་ གཡུས་ལུགས་ཀྱི་སྨན་བཅོས་ཞབས་ཏོག་ཕུལ་མི་ ཨཔ་ཐུགས་བརྟན་དང་ ཨཔ་སངས་རྒྱས་རྒས་ཤོས་ཁོང་གཉིས་རྐྱངམ་གཅིག་ར་ཨིན་མས། གཡུས་མི་ཚུ་གིས་ར་འབད་རུང་ ཁོང་རའི་རྐང་ཚིགས་ལག་ཚིགས་ འབལ་འགྱོ་མི་རིགས་ཚུ་ སྨན་ཁང་ནང་འགྱོཝ་ལས་འདི་ གཡུས་མི་ཚིགས་བཙུགས་མི་ཚུ་བསྟེན་ཏེ་ བཅོས་ཁ་རྐྱབ་མི་ལུ་ཡིད་ཆེས་ཡོདཔ་མ་ཚད་ དྲག་ནིའི་དུས་ཡུན་ཡང་མགྱོགས་པའི་གུར་ ཟད་འགྲོ་ཚུ་ཡང་ ཉུང་སུ་སྦེ་གནས་པའི་ཁེ་ཕན་ཚུ་བཤད་ནི་འདུག།
- ངོས་བཟུང་འབད་བའི་ལོ།
- 2016
འགྲེལ་བཤད།
གཡུས་མི་རྒས་ཤོས་ཅིག་དང་ གཡུས་ལུགས་ཀྱི་རྐང་ཚིགས་ལག་ཚིགས་བཙུགས་ནི་དང་སྒྲིག་ནི་ལུ་ ཉམས་མྱོང་ཅན་ཅིག་ཨིན་མི་ ཨཔ་ཐུགས་བརྟན་འདི་ ཀྲོང་གསར་རྫོང་ཁག བྲག་སྟེང་རྒེད་འོག་གི་ གཡུས་སའི་གཡུས་ཚན་ནང་ རང་ལུགས་ཀྱི་སྨན་བཅོས་ཐབས་ཤེས་ཀྱི་ཞབས་ཏོག་ཕུལ་མི་ སྐད་ཅན་མིང་ཅན་ཅིག་ཨིན་མས། ཁོ་ལུ་ དེ་བཟུམ་མའི་མཁས་མཆོག་འདི་ མི་ལོ་ ༤༠ གི་ཉམས་མྱོང་ཡོདཔ་དང་ ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ དང་ཕུ་ འབྲུག་མི་ཚུ་ མི་གི་རྐང་ལག་འབལ་འགྱོ་མི་ཚུ་ལོག་བཙུགས་ནི་དང་ ཆག་དཀྲུམ་ཤོར་མི་ཚུ་ སྒྲིག་ཁམས་རྐྱབ་ནི་གི་ཡོན་ཏན་དང་འབྲེལ་བའི་ སྤྱིར་བཏང་དྲུང་འཚོ་ལྷབ་སྦྱང་འབད་བར་ ཆེད་དུ་མངགས་ཏེ་ བོད་གངས་ཅན་གྱི་ལྗོངས་ལས་ཕར་ དཀའ་སྡུག་སྤྱད་དེ་འགྱོ་སྲོལ་ཡོདཔ་ སྦེ་བཤད་ཅི། ཨིན་རུང་ གཡུས་ཚན་ལ་ལུ་ཅིག་གི་ནང་བཟུམ་སྦེ་ གཡུས་ལུགས་ཀྱི་རིག་པ་དང་ཉམས་མྱོང་གི་ཐོག་ལས་ བཅོས་ཁ་རྐྱབ་ཚུགས་མི་གཅིག་ ཨཔ་ཐུགས་བརྟན་གྱི་ཚེ་འདས་ཨ་པ་ཨིནམ་དང་ ད་ལྟོ་ ཨཔ་ཐུགས་བརྟན་གྱི་རྒྱུད་ལུ་ཡོད་མི་མཁས་མཆོག་ཚུ་ཡང་ ཁོ་རའི་ཨཔ་ལས་ཐོབ་པའི་ཡོན་ཏན་ཚུ་ཨིན་མས།
ཨཔ་ཐུགས་བརྟན་གྱིས་ ཧེ་མ་ཁོ་རའི་ཨ་པ་གིས་གཡུས་མི་ཚུ་ལུ་ རྐང་ཚིགས་ལག་ཚིགས་ཚུ་ བཅོས་ཁ་རྐྱབ་སྟེ་བྱིན་པའི་སྐབས་ ལེགས་ཤོམ་སྦེ་བལྟ་བཞག དེ་ལས་ ཁ་སྐོང་བསླབ་བྱ་དང་ཡོན་ཏན་ཚུ་གནང་པའི་གུ་ལུ་ ལག་ལེན་མང་སུ་སྦེ་འཐབ་པའི་བསྒང་ལས་ ཉམས་མྱོང་ཚུ་ཡང་ངམ་ངམ་ཤུགས་ཀྱི་ཐོབ་ཡོདཔ་ཨིན་མས། ཁོ་གིས་ ལོ་གཅིག་གི་ནང་ལུ་ མི་ཉུང་མཐའ་ ༡༠ ལས་ ༡༥ གི་བར་ན་ལུ་ སྨན་བཅོས་ཀྱི་གྲོགས་རམ་ཕུལ་དོ་ཡོདཔ་མ་ཚད་ ཁོ་གིས་ཕན་པའི་ཞབས་ཏོག་བསྒྲུབས་མི་ལུ་ མི་ཆ་མཉམ་གྱིས་ཡིད་ཆེས་དང་ངལ་རངས་སྦོམ་སྐྱེདཔ་ཨིན་མས། དེ་འབདཝ་ལས་བརྟེན་ ཨཔ་ཐུགས་བརྟན་གྱིས་ཡང་ ཉམས་རྐྱེན་བྱུང་མི་མི་དྲག་ཞན་ག་ར་ཨིན་རུང་ འཚེར་སྣང་དང་གླ་ཆ་ཚུ་ག་ནི་ཡང་མ་ལེན་པར་ བྱམས་པ་དང་སྙིང་རྗེའི་སྒོ་ལས་ མི་ཚུ་ལུ་ཞབས་ཏོག་ཕུལ་དོ་ཡོདཔ་མ་ཚད་ ཁོ་གིས་བཤད་མི་ནང་ ཧེ་མ་འབད་བ་ཅིན་ མང་ཤོས་ཅིག་ན་གཞོན་ཚུ་དང་ ཨ་ལུ་ཆུང་ཀུ་ཚུ་བཅོས་ཁ་རྐྱབ་སྲོལ་ཡོདཔ་དང་ འདི་ཡང་ ཨ་ལུ་ཚུ་གཟུགས་སྟོབས་རྒྱས་པའི་བསྒང་འབདཝ་ལས་ དྲག་ནི་ལུ་མགྱོགས་སུ་ཡོདཔ་དང་ མི་རྒས་ཤོས་ཚུ་ཨིན་པ་ཅིན་ དྲག་པའི་དུས་ཡུན་ཡང་ རིང་སུ་སྦེ་འགོར་དོ་ཡོདཔ་མ་ཚད་ གལ་སྲིད་རྐྱེན་ཆ་སྦོམ་འབད་ཡོད་པ་ཅིན་ དྲག་ནི་ལུ་ལོ་ངོ་གཅིག་ཡང་འགོར་དོ་ཡོདཔ་སྦེ་བཤད་ནི་འདུག། ནདཔ་ཚུ་ཁོ་འབད་སར་འོངམ་ད་ དང་པ་ར་ ནདཔ་གི་སྐྱེས་ལོ་དང་ རྐངམ་དང་ལགཔ་གི་རྩ་ཚུ་ཞིབ་ཞིབ་སྦེ་ དཔྱད་པ་གཏང་ཞིནམ་ལས་རྐྱངམ་གཅིག་ གནས་སྟངས་ཚུ་ག་དེ་སྦེ་ཨིན་ན་ངོས་འཛིན་འབད་དེ་ བཅོས་ཁ་རྐྱབ་བྱིན་དོ་ཡོདཔ་ཨིན་མས།

དོན་དག།
ང་བཅས་ཚུ་ནམ་ར་འབད་རུང་ རྐང་ཚིགས་ལག་ཚིགས་ཚུ་ སྔར་ག་ཨིནམ་སྦེ་བཟོ་ནིའི་དོན་ལུ་ སྨན་བཅོས་འབད་ཤེས་མི་དང་ ཚིགས་བཅུགས་ཚུགས་མི་ཚུ་ལུ་ ལགཔ་སྟོངམ་འབད་མེན་པར་ ཕྱག་མཇལ་ཁྱོསམ་དང་བཅས་འབག་འགྱོ་ཞིནམ་ལས་ ཁོང་ཚུ་ལས་རྒྱབ་སྐྱོར་ཞུ་སྟེ་ མཐུན་ལམ་དམ་ཟབ་སྦེ་བཟོཝ་ཨིན། འདི་ཡང་ གཡུས་ལུགས་ཀྱི་ཤེས་བྱའི་ཐབས་རིག་དང་ལྡན་པའི་ མི་ཚུ་གིས་ གཡུས་ཚན་འདི་ནང་ལུ་ ཁོང་གི་ཡོན་ཏན་དང་ཉམས་མྱོང་ཚུ་ལག་ལེན་འཐབ་ཐོག་ལས་ ཕན་བཏགས་ཚུགསཔ་མ་ཚད་ གཡུས་མི་ཚུ་གི་བར་ན་ གཅིག་མཐུན་དང་གཅིག་སྒྲིལ། ཞི་བདེ་སྔར་ལས་ལྷགཔ་སྦེ་བཟོ་ཚུགས་པའི་ནུས་པ་ཡོདཔ་དང་ ཁོང་ཚུ་གིས་ ཉམས་རྐྱེན་འབྱུང་མི་ཚུ་ལུ་ཡང་ དུས་ནམ་ར་འབད་རུང་ ཞབས་ཏོག་ཕུལ་ཆོག་ཆོ་སྦེ་སྡོད་དོ་ཡོདཔ་མ་ཚད་ དེ་བཟུམ་མི་ཡོན་ཏན་དང་ཉམས་མྱོང་ཚུ་ ལྷབ་འདོད་དང་སྦྱངས་འདོད་ཡོད་པའི་ན་གཞོན་ཡོད་རུང་ སྟོན་བྱིན་ནིའི་རེ་བ་དང་བཅསཔ་སྦེ་ སྡོད་དོ་ཡོདཔ་ཨིན་མས།
རྒྱུན་སྤེལ་ཐབས་རིག།
ད་རེས་ནངས་པའི་ བརྡ་དོན་འཕྲུལ་ཆའི་བློ་རིག་ལས་བརྟེན་དང་ ཕྱི་པའི་གསོ་བའི་ཞབས་ཏོག་ཚུ་ཐོབ་པའི་མཐུན་རྐྱེན་ཚུ་ལས་བརྟེན་ གཡུས་ལུགས་ཀྱི་ཤེས་བྱ་རིག་རྩལ་ཐབས་ལམ་ཚུ་ ན་གཞོན་ཚུ་གིས་ལྷབ་སྦྱང་འབད་དེ་ རྒྱུན་བཟུང་ནིའི་སྤྲོ་བ་མི་སྐྱེད་དོ་ཡོདཔ་ཨིན། ཨིན་རུང་ སྔོ་རྩྭ་དང་སྐྱེ་ལྡན་རིགས་སྣ་དང་འབྲེལ་བའི་ སྨན་གྱི་ཡོན་ཏན་དང་དེའི་ནུས་པ། དེ་ཚུ་ ངོས་འཛིན་འབད་ནི་ཚུ་གི་སྐོར་ལས་ གཙོ་བོ་ར་ སྔོ་སྨན་གྱི་རིགས་ཚུ་མི་ཉམས་སྲུང་སྐྱོབས་འབད་ཐབས་ལུ་དམིགས་ཏེ་ རྒས་ཤོས་ཚུ་གིས་ན་གཞོན་ཚུ་ལུ་ བསླབ་སྟོན་འབད་དེ་བྱིན་དོ་ཡོད་རུང་ དུས་ནམ་ཅིག་གི་ཚེ་ གཡུས་ལུགས་ཀྱི་ཤེས་བྱ་རིག་རྩལ་ཚུ་དང་ ཨཔ་ཐུགས་བརྟན་བཟུམ་ཚུ་ལུ་ དག་སྣང་རིམ་གྱིས་ཡལ་འགྱོ་བའི་བསྒང་ལས་ རྒྱལ་ཁབ་ཀྱི་ག་ནི་བ་ཕྱུག་པའི་ དངོས་མེད་ལམ་སྲོལ་གྱི་བྱེ་བྲག་གཅིག་ ཉམས་འགྱོ་བའི་དུས་ལུ་ལྷོདཔ་ཨིན་ཟེར་ ཚ་གྱང་དང་བཅས་ཨཔ་ཐུགས་བརྟན་གྱིས་བཤདཔ་ཨིན་མས།
གཡུས་སྒོ་ཚུ།/མི་སྡེ་ཚུ།
གཡུས་ཚན་དེ་ནང་ལུ་ཡོད་པའི་ རྒས་ཤོས་དག་པ་ཅིག་རྐྱངམ་གཅིག་ལུ་ གཡུས་ལུགས་ཀྱི་སྨན་བཅོས་འབད་ཐངས་ཀྱི་ རིག་པ་དང་ལྡན་སྦེ་ཡོདཔ་མ་ཚད་ ལ་རྒྱུན་བཟུང་མི་ཅིག་ཡང་ཨིན། ཁོང་ཚུ་ཡང་ གཡུས་ཁའི་མི་ཉམས་མྱོང་ཅན་ཚུ་ལས་ ཁ་རྒྱུན་རྣ་རྒྱུན་སྦེ་ལྷབ་སྦྱངས་འབད་ཡོད་པའི་གུར་ ཁོང་ར་ཚུ་གིས་ཡང་ རིག་པ་དང་གནས་སྐབས་ཀྱི་ཐོག་ལས་ བཅོས་ཁ་རྐྱབ་ཐངས་ཚུ་སྦྱངས་ཡོདཔ་མ་གཏོགས་ གཞུང་འབྲེལ་སྦེ་ནང་པའི་སྨན་ཁང་གི་གཙུག་སྡེ་ཚུ་ནང་ལས་ ནང་སྦྱོང་དང་ལུས་སྦྱོང་གི་བཤེས་བྱ་ཚུ་སྦྱངས་ཡོདཔ་མེན་པས། ཨིན་རུང་ དེ་བཟུམ་མའི་ གཡུས་ལུགས་ཀྱི་ཤེས་བྱ་རིག་རྩལ་ཚུ་ མ་འོངས་པ་ལུ་ གཡུས་ཚན་ཚུ་ནང་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ཀྱི་ངོ་རྟགས་ དངོས་མེད་ལམ་སྲོལ་གྱི་རིགས་སྣ་གཅིག་ ཡལ་འགྱོ་ནིའི་ཉེན་ཁ་ཡོདཔ་སྦེ་མཐོང་ཚུགས་པས།
ཞིབ་འཚོལ་འབད་མི། སྐལ་བཟང་སྒྲོལ་དཀར། སྟག་རྩེ་འབྲིང་རིམ་སླབ་གྲྭ་གོང་མ། བྲག་སྟེང་རྒེད་འོག། ཀྲོང་གསར་རྫོང་ཁག། སྐད་སྒྱུར་ ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།
ཞིབ་འཚོལ་འབད་མི། སྐལ་བཟང་སྒྲོལ་དཀར། སྟག་རྩེ་འབྲིང་རིམ་སླབ་གྲྭ་གོང་མ། བྲག་སྟེང་རྒེད་འོག། ཀྲོང་གསར་རྫོང་ཁག། སྐད་སྒྱུར་ ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།
བརྡ་དོན་འབྱུང་ཁུངས།