ལམ་སྲོལ་ཆ་ཤས།
Elements
- རྒྱལ་ཁབ།
- འབྲུག།
- ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
- མི་སྡེའི་ལག་ལེན་དང་། ཆོས་ཕྱོགས་ཀྱི་མཛད་སྒོ། དུས་སྟོན་རྩིས་སྲུང་།
- ས་གནས།
- ལྷ་གསོལ་འདི་ ཧེ་མ་འབད་བ་ཅིན་ ཀྲོང་གསར་རྫོང་ཁག་གི་ སྟང་སི་སྦིས། ནུབ་སྦིས། བྲག་སྟེང་དང་གླང་མཐིལ་རྒེད་འོག་གི་ གཡུས་ཚན་ཆ་མཉམ་གྱི་ནང་ལུ་ འགོ་འདྲེན་འཐབ་སྲོལ་ཡོད་རུང་ གཡུས་ཚན་མང་ཤོས་ཅིག་ནང་བཤོལ་བཞག་སྟེ་ དུས་སྟོན་བརྩི་སྲུང་ཞུ་སྲོལ་མེདཔ་དང་ ད་ལྟོ་ཡོད་པའི་ལྷ་གསོལ་ཚུ་ཡང་ ཡལ་འགྱོ་ནིའི་གནས་སྟངས་ལུ་ལྷོད་དེ་ཡོདཔ་སྦེ་ རྒས་ཤོས་ཚུ་གིས་བཤད་ནི་འདུག། ཨིན་རུང་ བྲག་སྟེང་རྒེད་འོག་གི་ སྟག་རྩེ་དང་གཡུས་ས་གཡུས་ཚན་ནང་གི་ ལྷ་གསོལ་བཟུམ་འབད་བ་ཅིན་ མི་ཚུ་གིས་ད་ལྟོའི་བར་ན་ཡང་ ས་གནས་ཀྱི་ཡུལ་ལྷ་གཞི་བདག་ཚུ་ལུ་ དད་པ་དང་དག་སྣང་ཚུ་ཤུགས་སྦེ་ཡོདཔ་ལས་ ལྷ་གསོལ་འདི་གིས་ གཡུས་གོ་དེ་གི་མི་སེར་ཚུ་གི་ རེ་འདོན་ཚུ་འགྲུབ་ཚུགས་པའི་ ཡིད་ཆེས་ཡོདཔ་སྦེ་བཤད་ནི་འདུག།
- ངོས་བཟུང་འབད་བའི་ལོ།
- 2022
འགྲེལ་བཤད།
ལྷ་བོན་ཡང་ཅིན་ ལྷ་འབོད་ཟེར་མི་འདི་ ཀྲོང་གསར་རྫོང་ཁག་ བྲག་སྟེང་རྒེད་འོག་གི་ སྟག་རྩེ་དང་གཡུས་ས་གཡུས་ཚན་ཚུ་ནང་ལུ་ འགོ་འདྲེན་འཐབ་དུས་སྟོན་ཁྱད་དུ་འཕགས་པ་ཅིག་ཨིན། མིང་གནས་ཀྱི་འགྲེལ་བཤད་ཡང་ ལྷ་ཟེར་བ་ཅིན་ སྲུང་མ་ལུ་གོ་ནི་དང་ བོན་ཟེར་བ་ཅིན་ བོན་པོའི་ཆོས་ལུགས་ལུ་གོ་སྲོལ་དང་ དེ་ལས་ འབོད་ཟེར་བའི་མིང་ཚིག་གིས་འབོ་པའི་དོན་དང་ དེ་ལྷ་ལུ་སྦྱར་ཏེ་གོ་དོན་འགྲེལ་བ་ཅིན་ ལྷ་འབོ་ནི་དང་ཞུ་བའི་དོན་ཨིན་མས། ལྷ་བོན་དུས་སྟོན་གྱི་སྐབས་ལུ་ གཡུས་ཁའི་མི་ཚུ་གིས་ ཡུལ་གྱི་གཞི་བདག་ ཡུལ་བཙན་རྡོ་རྗེ་བྲག་བཙན་དང་ སྨན་མོ་བཀྲ་ཤིས་དབང་འཛོམས། དེ་ལས་ བོན་ལུགས་ཀྱི་ལྷ་ཆེན་འོ་དེ་གུང་རྒྱལ་ཚུ་ ལྷ་ཞུ་སའི་ས་སྒོ་ནང་སྦེ་ གནས་སྐབས་ཀྱི་དོན་ལུ་བཅའ་བསྒྲིགས་རྐྱབ་ཡོད་པའི་ ལྷ་ཁྱིམ་ནང་ལུ་ཞུཝ་ཨིན་མས། དེ་ནང་ལུ་གདན་འདྲེན་ཞུ་ཞིནམ་ལས་ མི་ཚུ་གིས་ད་ཚུན་གྱི་རིང་ལུ་ སྒེར་རྐྱང་རང་གི་མཐའ་དོན་ལུ་ ཉིན་གྱི་བྱ་ར། མཚན་མོའི་སྐྱབས་དང་སྡོང་གྲོགས་མཛད་གནང་མི་དང་ དུས་རྒྱུན་གྱི་བྱ་བ་ལམ་འགྲོ་ཚུ་ནང་ ལམ་སྟོན་མཛད་གནང་མི་ལུ་བཀའ་དྲིན་དགའ་ཚོར་ཞུ་ནི་དང་ དེ་མ་ཚད་ སྤྱིར་བཏང་གཡུས་ཚན་ནང་ལུ་ཨུན་པ་ཅིན་ ལོ་ཕྱུགས་རྟག་ཏུ་ལེགས། ཆར་ཆུ་དུས་སུ་བབས། ནད་ཡམས། མུ་གེ། རྒོད་ཁ་ལ་སོགས་པའི་བཀྲ་མ་ཤིས་པ་ཚུ་ཞི་སྟེ་ ཕུན་སུམ་ཚོགས་པའི་ངང་ལུ་གནས་བཅུག་མི་ལུ་ གཡུས་མི་ག་ར་གིས་མགྲིན་གཅིག་དབྱངས་གཅིག་གི་སྒོ་ལས་ བཀའ་དྲིན་དགའ་ཚོར་གྱི་གཏང་རག་ཕུལ་བའི་ཚུལ་ཨིན་མས།
དུས་སྟོན་འདི་ ལོ་བསྟར་བཞིན་དུ་ ཉིནམ་གསུམ་གྱི་རིང་ལུ་ གསོལ་མཆོད་ཕུལ་ནིའི་ལས་རིམ་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲུང་ཞུ་དོ་ཡོདཔ་དང་ དེའི་སྐབས་ལུ་ གཡུས་མི་དྲག་ཞན་བར་གསུམ་མེད་པར་ཆ་མཉམ་འཛོམས་ཏེ་ དོ་རུང་ད་ལས་ཕར་ཡང་ མི་ལུ་ན་ཚ། སྒོ་ནོར་སེམས་ཅན་ཚུ་ལུ་རྒོད་ཁ། ལོ་ཐོག་ཚུ་ལུ་ནད་ཡམས་དང་ སྤྱིར་སེམས་ཅན་ཚུ་ལུ་མུ་གེ་འབྱུང་མི་བཅུག་ནིའི་ སྨོན་བཏབ་ནིའི་དུས་ཚོད་བཟང་པོ་ཅིག་ཨིན་མས། དུས་སྟོན་གི་སྐབས་ལུ་ འགན་ཁུར་གཙོ་བོ་འབག་མི་འདི་ གཡུས་མི་རྒས་ཤོས་ཅིག་ཨིན་མི་ ཕ་ཇོ་ཟེར་མི་དང་ དེ་ལུ་ཆ་རོགས་འབད་མི་དཔའ་མཛངས་པ་ ན་གཞོན་ཕོ་རྒྱའི་རིགས་ཚུ་ཨིནམ་མ་ཚད་ ཨམ་སྲུ་ཚུ་གིས་ཡང་ གླུ་དང་གར་གྱི་མཆོད་པ་ཚུ་ཕུལ་ནིའི་དོན་ལུ་ གྲལ་ཁར་གཏོགས་ཏེ་ དགའ་སྤྲོ་སྟོན་ནིའི་དུས་ཚོད་ཅིག་ཡང་ཨིན་མས། དང་ཕུ་ཨིན་པ་ཅིན་ ལྷ་འབོད་ཀྱི་སྐབས་ལུ་ ནོར་སེམས་ཅན་ཚུ་དམར་བསད་འབད་དེ་ ཤ་དང་ཁྲག་གིས་མཆོད་པ་ཕུལ་སྲོལ་ཡོད་རུང་ སྲོལ་ངན་དེ་ ལོ་མང་རབས་ཅིག་གི་ཧེ་མ་ལས་ཤོལ་བཞག་སྟེ་ ད་རེས་ནངས་པ་འབད་བ་ཅིན་ ཤ་ཁང་ནང་ལས་ཤ་ཉོ་སྟེ་ གསོལ་མཆོད་པ་ཕུལ་སྲོལ་ཡོདཔ་ཨིན་མས།

དོན་དག།
ལྷ་འབོད་འདི་ གཡུས་ཚན་གཉིས་ནང་ ཉིནམ་གསུམ་གྱི་རིང་ལུ་བརྩི་སྲུང་ཞུཝ་ཨིན་མས། དེ་སྦེ་ འགོ་འདྲེན་འཐབ་དགོ་པའི་དགོས་དོན་ཡང་ གཡུས་ཚན་ནང་ལུ་ཁ་རྗེ་དང་བསོད་ནམས་རྒྱས་ཏེ་ མི་ནོར་སེམས་ཅན་ཚུ་ག་ར་ ཞི་བདེའི་ངང་ལུ་མཐུན་ཏོག་ཏོ་སྦེ་གནས་ནི་དང་ བསམ་པའི་དོན་ཚུ་ཡང་འགྲུབ་པའི་རེ་འདོད་བཅས་ཨིན་མས། དུས་སྟོན་གྱི་སྐབས་ལུ་ ཁྱིམ་གུང་རེ་ལས་ ན་གཞོན་དཔའ་རྩལ་ཅན་ཚུ་གིས་ ཆུ་ཚོད་བཞི་དེ་ཅིག་འགྱོ་དགོ་པའི་ས་ཁར་ ལྷ་ཞུ་སའི་ས་སྒོ་ནང་ལུ་འགྱོ་ཞིནམ་ལས་ བསང་དང་གསེར་སྐྱེམས་ཚུ་ཕུལ་ཏེ་ གླུ་དང་གཞས་ཚུ་གི་མཆོད་པ་ཕུལ་བའི་ཐོག་ལས་ ལྷ་གཡུས་ཁ་ལུ་གདན་འདྲེན་ཞུཝ་ཨིན་མས། དུས་སྟོན་དེ་གིས་ སྐྱབས་དང་སྡོང་གྲོགས་མཛད་མི་ལྷ་ལུ་ གསོལ་མཆོད་དང་གཏང་རག་ཕུལ་ནི་རྐྱངམ་གཅིག་གིས་མ་དོ་བར་ གཡུས་མི་ཚུ་སོ་ནམ་ལཱ་ཚུ་གིས་ལུས་དང་སེམས་ གདུང་སྟེ་སྡོད་མི་ཚུ་ལུ་ ངལ་འཚོ། ཞིམ་པའི་ཟས་ཟ། དགའ་བའི་གླུ་ལེན། སྐྱིད་པའི་བྲོ་འཁྲབ། མཉམ་གཅིག་དགའ་སྤྲོའི་ཉམས་སྟོན་ནིའི་དུས་ཚོད་ དཀོན་དྲག་ཅན་ཅིག་དང་ མི་སྡེ་ངོ་རྐྱང་ཚུ་གི་བར་ན་ མཐུན་ལམ་བཟོ་སྟེ་ གཅིག་སྒྲིལ་དང་གཅིག་མཐུན་གྱི་སྲོལ་བཟང་བཏོད་ནིའི་ བསྐལ་བཟང་གི་དུས་ཚོད་ཅིག་ཡང་ཨིན་མས།
རྒྱུན་སྤེལ་ཐབས་རིག།
དུན་སྟོན་དེ་གི་སྐབས་ལུ་ གཡུས་མི་རྒས་གཞོན་བར་གསུམ་ཆ་མཉམ་གྱིས་བཅའ་མར་གཏོགས་ཏེ་ ཐུན་མོང་མ་ཡིན་པའི་ལམ་ ལུགས་སྲོལ་ཚུ་ མི་ཉམས་རྒྱུན་སྐྱོང་དང་ སྲུང་སྐྱོབས་འབདཝ་ཨིན་རུང་ ད་ལྟོ་ འགན་ཁུར་གཙོ་བོ་ཅིག་སྦེ་བསྣམས་མི་ ཕ་ཇོའི་ཤེས་བྱ་དང་ཡོན་ཏན། ཉམས་མྱོང་ཚུ་ག་ར་ཁ་རྒྱུན་དང་རྣ་རྒྱུན་ཐོག་ལུ་འབདཝ་ལས་ དེ་ཚུ་ གཞོན་སྐྱེས་ཚུ་གིས་ ལྷབ་སྦྱང་འབད་དེ་མ་བཞག་པ་ཅིན་ ཕ་ཇོའི་རྒྱུན་ཉམས་སོང་པའི་བསྒང་ལས་ སྲོལ་རྒྱུན་འདི་ངམ་ངམ་ཤུགས་ཀྱིས་ཡལ་ནིའི་ཉེན་ཁ་ཡོདཔ་ཨིན་མས།
གཡུས་སྒོ་ཚུ།/མི་སྡེ་ཚུ།
ལྷ་གསོལ་གྱི་སྐབས་ལུ་ སྟག་རྩེ་དང་གཡུས་ས་གཡུས་ཚན་གྱི་མི་སེར་ ཆ་མཉམ་གཅིག་ཁར་འཛོམས་ དགའ་སྤྲོའི་སྒོ་ལས་ བཀའ་དྲིན་གཏང་རག་ཕུལ་ནིའི་དུས་ཁྱད་པར་ཅན་ཅིག་ཨིནམ་ལས་ ཁྱིམ་གུང་པ་ག་ར་གིས་ ཆུམ། ཨེ་མ། མར། དངུལ་རྐྱང་ཚུ་ག་ར་འདྲ་མཉམ་སྦེ་ ཉིནམ་གསུམ་གྱི་དུས་སྟོན་གྱི་དོན་ལུ་བསྡུ་བླང་འབད་སྲོལ་འདུག། ལྷ་གསོལ་དེ་ཡང་ གཙོ་བོ་ གཡུས་སྐད་ལས་ ཕ་ཇོ་ཟེར་མི་གིས་ གསོལ་མཆོད་ཕུལ་དོ་ཡོདཔ་ཨིན་རུང་ ཨཔ་ཕ་ཇོ་དེ་ ལོ་རྒས་སྟེ་མེད་པའི་ཤུལ་ལས་ ལུགས་སྲོལ་དེ་ཉམས་འགྱོ་ནི་ཨིན་པའི་ཚ་གྱང་ཚུ་ ད་ལྟོ་ལས་ལངས་ཏེ་ཡོདཔ་སྦེ་བཤད་ཅི།
ཞིབ་འཚོལ་འབད་མི། སྐལ་བཟང་སྒྲོལ་དཀར། སྟག་རྩེ་འབྲིང་རིམ་སླབ་གྲྭ་གོང་མ། བྲག་སྟེང་རྒེད་འོག། ཀྲོང་གསར་རྫོང་ཁག། སྐད་སྒྱུར་ ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།
ཞིབ་འཚོལ་འབད་མི། སྐལ་བཟང་སྒྲོལ་དཀར། སྟག་རྩེ་འབྲིང་རིམ་སླབ་གྲྭ་གོང་མ། བྲག་སྟེང་རྒེད་འོག། ཀྲོང་གསར་རྫོང་ཁག། སྐད་སྒྱུར་ ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།
བརྡ་དོན་འབྱུང་ཁུངས།