ལམ་སྲོལ་ཆ་ཤས།
Elements
- རྒྱལ་ཁབ།
- འབྲུག།
- ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
- ཟློས་གར།
- ས་གནས།
- འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་ ༢༠ གིས་མ་དོ་བར་ གཡུས་སྒོའི་བྱིན་ཅན་གྱི་ལྷ་ཁང་ དགོན་སྡེ་ཚུ་ནང་ལུ་ཡང་ དམིགས་བསལ་སྦེ་ རང་སོའི་ལོ་བསྟར་གྱི་ཚེས་བཅུའི་དུས་སྟོན་ ཚེས་བཅུ། རབ་གནས། མ་ཎི། མེ་དབང་། སྒྲུབ། སྒྲུབ་ཆེན་ཚུ་གི་སྐབས་ མི་དམང་ལུ་ གིང་ཚོགས་ལེན་གྱི་གར་འཆམ་ མཇལ་ཁ་གནང་སྲོལ་ཡོདཔ་ཨིན།
- ངོས་བཟུང་འབད་བའི་ལོ།
- 1971
འགྲེལ་བཤད།
གིང་དང་ཚོགས་ལེན་ (ཚོགས་གླིང་། ཚོགས་ལིང་།) ཟུང་འབྲེལ་གྱི་སྐུ་འཆམ་འདི་ གར་འཆམ་ཚུ་གི་གྲས་ལས་ མི་དམང་དྲག་ཞན་དང་ ལོ་ན་རྒས་གཞོན་ཆེ་ཆུང་མེད་པར་ ཆ་མཉམ་གྱིས་སྤྲོ་ཉམས་ཀྱི་སྒོ་ལས་ མཇལ་བའི་མཐོང་གྲོལ་གྱི་སྐུ་འཆམ་ཅིག་ཨིན། འདི་ཡང་ གིང་གི་ཕྱག་ལུ་ རྔ་ཤུགས་སྦེ་བརྡུང་སྟེ་ ཚོགས་ལེན་ཚུ་དང་མཉམ་གཅིག་ དམག་འཐབ་པའི་མཐོང་སྣང་ སྤུ་འཛིངས་འཛིངས་སྦེ་ཐལ་བའི་ ཉམས་དང་ལྡན་མི་ལས་བརྟེན་ཏེ་ཨིན།
སྐུ་འཆམ་གྱི་རྒྱབ་ཁུངས་ཡང་ ཆོས་འབྱུང་ཚུ་དང་འཁྲིལ་ཏེ་ དུས་རབས་ ༡༥ པའི་ནང་ལུ་བྱོན་པའི་ རིག་འཛིན་ཆེན་པོ་གཏེར་སྟོན་པདྨ་གླིང་པ་ (༡༤༥༠-༡༥༢༡) མཆོག་གིས་ ཉམས་སྣང་ལུ་སྦེ་ ཨྱོན་རིན་པོ་ཆེའི་ཞིང་ཁམས་ ནུབ་ཕྱོགས་རྔ་གཡབ་ ཟངས་མདོག་དཔལ་རའི་ཞིང་ཁམས་ རང་འབྱུང་སྤྲུལ་པའི་ཕོ་བྲང་ཆེན་པོའི་སྦུག་ལུ་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་ འཇའ་ལུས་ཡེ་ཤེས་ཀྱི་སྐུ་སྦེ་བཞུགས་རུང་ སྤྲུལ་པ་སྣ་ཚོགས་བཀྱེ་སྟེ་ འཇིག་རྟེན་ས་གསུམ་ག་རའི་ནང་བྱོན་ཏེ་ སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་མཛད། དེའི་མཐའ་འཁོར་ གཡས་གྲལ་ལུ་ རྒྱ་དང་བོད་ཀྱི་རིག་འཛིན་ཆེན་པོ་ཚུ་དང་ གཡོན་ཁ་ཐུག་ལུ་ འཕགས་བོད་གྱི་པཎ་གྲུབ། དེ་ལས་ བར་མཚམས་ལུ་ རྗེ་འབངས་ཉེར་ལྔ་གིས་གཙོ་པའི་ སྤྲུལ་པའི་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ཚུ་གིས་ གོང་བརྡ་སྙན་བརྒྱུད་གསུམ་གྱི་སྒོ་ལས་ འཕྲིན་ལས་མཛད་དེ་བཞུགས་ཡོདཔ་དང་། དེའི་ བར་སྣང་ཁམས་ལུ་ འཇའ་དང་འོད་ཟེར་གྱིས་འཁྲིགས་པའི་སྦུག་ལུ་ ཡི་དམ་དཔའ་བོའི་ལྷ་ཚོགས་དང་ མཁའ་འགྲོ་དཔའ་མོའི་ལྷ་ཚོགས་ སྐུ་ཞི་བ་དང་དྲག་པོའི་རྣམ་པ་དང་ལྡན་མི་ཚུ་གིས་ རྡོ་རྗེའི་གླུ་གར་མིག་འཕྲུལ་བཟུམ་སྦེ་སྒྱུར་བའི་སྒོ་ལས་ ཕྱི་ནང་གསང་བའི་མཆོད་སྤྲིན་དང་ མཆོག་དང་མཐུན་མོང་གི་དངོས་གྲུབ་ཚུ་ སྩོལ་བའི་འཕྲིན་ལས་ཀྱི་རྣམ་པ་གཟིགས་པ་དང་། དེ་མ་ཚད་ ཕྱིའི་སྒོ་བཞི་དང་སྒོ་མཚམས་བརྒྱད་ཀྱི་ ཆོས་སྐྱོང་ཕོ་རྒྱུད་དང་མོ་རྒྱུད་ཚུ་གིས་གཙོས་པའི་ བཀའ་ཉན་རྒྱལ་པོ་ཆེན་པོ་བཞི་དང་ ལྷ་སྲིན་སྡེ་བརྒྱད་ཆ་མཉམ་ར་ ཁྲོ་བའི་སྐུ་ལུ་བཞེངས་ཏེ་ དམག་དཔུང་ལུ་གདན་དྲངས་ཏེ་ བསྟན་པའི་དགྲ་བོ་ མུ་སྟེགས་པ་ཚུ་དང་དམ་སྲི་ལ་སོགས་པ་ཚུ་ སངས་རྒྱས་ཀྱི་བསྟན་པ་དང་དངོས་གྲུབ་ཚུ་བར་ཆད་རྐྱབ་མི་ དགྲ་དང་བགེགས་ཚུ་ ཆམས་ལུ་ཕབས་པའི་འཕྲིན་ལས་མཛད་པའི་ངོ་མཚར་ཆེ་བའི་བཀོད་པ་ཚུ་ མངོན་སུམ་སྦེ་གཟིགས་ཡོདཔ་མི་ཚུ་ འཇིག་རྟེན་གྱི་ཁམས་ནང་གི་ འགྲོ་བ་སེམས་ཅན་ཚུ་ལུ་ ཐུགས་བརྩེ་བ་དགོངས་ཏེ་བྱིན་རླབས་ཅན་གྱི་གར་འཆམ་ མཐོང་གྲོལ་གྱི་ཚུལ་ལུ་ གཞི་བཙུགས་མཛད་གནང་ཡོདཔ་ཨིན་མས།
དེ་མ་ཚད་ ཨྱོན་རིན་པོ་ཆེ་མཆོག་ འཇིག་རྟེན་ནང་ཞལ་བཞུགས་པའི་སྐབས་ལུ་ཡང་ བོད་ཀྱི་རྒྱལ་ཁབ་ཀྱི་ བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་ བཞེངས་པའི་སྐབས་ལུ་ཡང་ སངས་རྒྱས་ཀྱི་བསྟན་པ་ཁྱབ་སྤེལ་ལུ་ བར་ཆད་རྐྱབ་མི་ ལྷ་འདྲེ་གདུག་པ་ཅན་ཚུ་དམ་ལུ་བཏགས་ནིའི་དོན་ལུ་དང་ ཆོས་ཀྱི་རྒྱལ་པོ་ ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་དོན་འགྲུབ་ནིའི་དོན་ལུ་ གསང་བ་སྐུ་གསུམ་གྱི་བདག་ཉིད་ བླ་མའི་ལྷ་ཚོགས་རྣམས་ཀྱི་སྤྲུལ་པ་ཚུ་དང་ ནང་ཡི་དམ་དཔའ་བོ་དང་ མཁའ་འགྲོ་དཔའ་མོའི་ལྷ་ཚོགས་ཞི་དྲག་གི་གིང་ཚུ་དང་ ཕྱིའི་ཆོས་སྲུང་ངམ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱིས་གཙོས་ འཁོར་རྒྱལ་ཆེན་བཞི་དང་ ལྷ་སྲིན་སྡེ་བརྒྱད་བཅས་ཚོགས་ལེན་ལུ་སྤྲུལ་ཏེ་ དྲག་པའི་དམག་ལུ་དྲངས། བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་ཆ་མཉམ་ར་ ཐལ་བར་བརླགས་པའི་རྫུ་འཕྲུལ་གྱི་བཀོད་སྟོན་ཏེ་ གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པའི་ཉི་མ་ཤར། འགྲོ་བ་སེམས་ཅན་ལུ་ ཞི་བདེ་སྐྱིད་པའི་ཟླ་བ་འཕྲོ་བར་མཛད་པའི་ མཛད་རྒྱ་རླབས་ཆེན་དེ་ རྗེ་དྲན་གྱི་དོན་ལུ་ གར་འཆམ་འདི་གཞི་བཙུགས་མཛད་གནང་ཡོདཔ་ཨིན།
བྱིན་རླབས་ཅན་གྱི་གར་འཆམ་འདི་ དུས་རབས་ ༡༧ པའི་ནང་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ (༡༦༣༨-༡༦༩༦) མཆོག་གིས་ གཙོ་བོ་སྤྱི་བླ་དང་རྫོང་གཞི་ཁག་གི་ ཚེས་བཅུ་ཚུ་ནང་ལུ་གཞི་བཙུགས་མཛད་དེ་ རིམ་པ་བཞིན་དུ་ མི་དབང་སྡེ་སྲིད་དང་རྗེ་མཁན་རིམ་བྱོན་ཚུ་གིས་ ཕྱག་རྒྱུན་བཟུང་ཡོདཔ་མ་ཚད་ ལྷག་པར་དུ་ཡང་ མི་དབང་བརྒྱུད་འཛིན་ཚུ་གིས་ཁ་བསྐོང་སྦེ་ རྫོང་ཁག་ག་རའི་ནང་ལུ་ ལོ་བསྟར་གྱི་ཚེས་བཅུ་ ཤོས་སྙོམ་སྦེ་བཙུགས་ཏེ་ ད་ལྟོ་ མི་དམང་ཆ་མཉམ་གྱིས་ ར་སོའི་རྫོང་ཁག་གི་ཚེས་བཅུ་དུས་སྟོན་སྐབས་ གཏེར་སྟོན་མཆོག་གི་མཛད་བཤུལ་ བྱིན་རླབས་ཅན་གྱི་གར་འཆམ་མ་འདྲཝ་ལེ་ཤ་ཅིག་ མཇལ་ནིའི་གོ་སྐབས་ བསྐལ་བཟང་དུས་ཀྱི་ཚོར་སྣང་མྱོང་དང་མྱོང་བཞིན་པ་ཡོདཔ་ཨིན།

དོན་དག།
གིང་ཚོགས་ལེན་གྱི་སྐུ་འཆམ་འདི་གིས་ བསྟན་པའི་རུ་དགྲ་ དམ་སྲི། འབྱུང་པོ། བགེགས་རིགས། མུ་སྟེགས་པ་ཚུ་གི་རྒྱུད་ལུ་ སངས་རྒྱས་ཀྱི་བསྟན་པ་བཤིགས་གཏང་ནི། ཆོས་ཡང་དག་སྒྲུབ་མི་ཚུ་ལུ་ བར་ཆད་རྐྱབ་ནིའི་བློ་སྤོབས་ཉམས་བཅུག་སྟེ་ འཇིགས་ཤིང་སྤ་བཀོངས་ཏེ་ ཟིལ་གྱིས་གནོན་ཏེ་ སངས་རྒྱས་ཀྱི་བསྟན་པའི་རྒྱལ་མཚན་བཙུགས་པའི་བརྡ་སྟོནམ་ཨིན་མ་ཚད་ དད་ལྡན་སེམས་ཅན་ཚུ་ལུ་ ཨྱོན་རིན་པོ་ཆེ་དང་ གཏེར་སྟོན་རིན་པོ་པདྨ་གླིང་པའི་ རྫུ་འཕྲུལ་གྱི་མཛད་རྣམ་བྱིན་ཅན་རྗེས་སུ་དྲན་ནི། དེ་ལས་ གར་འཆམ་དེ་མཇལཝ་ཙམ་གྱིས་ མཐོ་རིས་དང་ཐར་པའི་ཡོན་ཏན་དྲན་ཏེ་ སངས་རྒྱས་ཀྱི་བསྟན་པ་ལུ་དད་པ་ལྷག་པར་དུ་སྐྱེད་ནི་དང་ སེམས་ཅན་ཚུ་གི་རྒྱུད་ལུ་ བགེགས་རིགས་ཀྱི་འཚེ་བ་དང་བར་ཆད་ཚུ་མེད་པར་ བདེ་སྐྱིད་ཀྱི་དཔལ་ལུ་རོལ་བའི་བརྡ་སྟོནམ་ཨིན།
རྒྱུན་སྤེལ་ཐབས་རིག།
གར་འཆམ་འདི་ གཙོ་བོ་ལྷབ་སྦྱང་འབད་མིའི་རྒྱུད་ལུ་སྤྲོ་བ་དགོཔ་མ་ཚད་ ལུས་རྩལ་དང་ལྕོགས་གྲུབ་ཡང་དགོཔ་ཨིན། དེ་གུར་ འཆམ་སློབ་ཅིག་བསྟེན་ཏེ་ ལད་སྲོལ་དཔེ་བཤུས་རྐྱབ་སྟེ་ ལག་པའི་ཕྱག་བརྒྱ། རྐང་པའི་སྟངས་སྟབས། ལུས་ཀྱི་མཉེན་བྱ། འཆམ་གྱི་རྩ་ཚིག་ཚུ་སེམས་ཁར་ངེས་དགོཔ་ཨིན། རབ་ཏུ་བྱུང་པ་ཅིན་ འཆམ་པའི་རྒྱུད་ལུ་བྱང་སེམས་ཀྱི་སྡོམ་པ་དང་ སེམས་སྐྱེད་ལེགས་ཤོམ་སྐྱེད་ཚུགས་མི་ཅིག་འབྱུང་ཚུགསན་ ལེགས་ཤོམ་ཨིན་རུང་ ད་རེས་ནངས་པ་ཁྱད་ཆོས་དེ་བཟུམ་ཚང་མི་ དཀོན་དྲགས་ཨིན།
གར་འཆམ་དེ་ནང་ལུ་ སྐུ་འཆམ་གནང་མི་སྡེ་ཚན་ཁག་གཉིས་སྦེ་ གིང་ཟེར་ འབོད་འཆམ་པ་ཚུ་གི་སྡེ་ཚན་གཅིག་དང་ དེ་ལས་ གཞན་མི་འདི་ ཚོགས་ལེན་ཟེར་ བཙུན་པ་དགེ་སློང་ཚུ་གི་སྡེ་ཚན་སྦེ་འོངམ་ཨིན། དང་པ་ གིང་ཟེར་མི་འདི་ ཞལ་འབགཔ་ཁྲོ་བོ་སྦེ་ མཆེ་བ་གཉིས་རྩེགས། སྤྱན་གསུམ་འབུར་དུ་ཐོན་པ། དཔྱལཝ་གུར་དོང་ཡོདཔ། སྙན་གུར་གཞའ་རིས་གྱི་བསིལ་གཡབ་ དབྱིབས་ཟླ་གམ་གྱིས་བརྒྱན་པ། སྤྱི་གཙུག་གི་ཐོར་ཅོག་གུར་ དར་ཅོག་གྲུ་གསུམ་བཙུགས་པ། ཕོ་མོའི་དབྱེ་བ་མཚོན་ནིའི་དོན་ལུ་ ཁ་དོག་དམརཔོ་དང་ཧོནམ་སྦེ་གཉིས་ཡོདཔ། ཁོས་སྟོད་གྱེན་མོའི་ཐོག་ཁར་ རྡོ་རྗེ་གོང་། སྨད་ལུ་གཟིག་དོརམ་དང་སྟག་གཤམ། ཕྱག་གཡོན་ལུ་རྔ་དང་གཡས་ལུ་རྔས་ཏོག་བསྣམས་ཏེ་ ཞབས་སྟོངམ་སྦེ་ཡོད་མི་ཚུ་ འབོད་འཆམ་རྐྱབ་མི་ཨིན་རུང་ དོན་ངོ་མ་འབད་བ་ཅིན་ སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེའི་ཞིང་ཁམས་ རང་གཡབ་ཟངས་མདོག་དཔལ་རིའི་ཞིང་ཁམས་ནང་གི་ ཡི་དམ་དཔའ་བོའི་ལྷ་ཚོགས་དང་ མཁའ་འགྲོ་དཔའ་མོའི་ལྷ་ཚོགས་ སྐུ་ཞི་བ་དང་དྲག་པོའི་རྣམ་པ་དང་ལྡན་མི་ཚུ་ཨིན། གིང་གི་སྐུ་འཆམ་འདི་ལུ་ མིང་གནས་གཞན་ སྤྲོ་གིང་ཟེར་ཡང་ཞུ་སྲོལ་ཡོདཔ་ཨིན།
དེ་ལས་ གཉིས་པ་ ཚོགས་ལེན་རྐྱབ་མི་གི་གྱངས་ཁ་འབད་བ་ཅིན་ འཆམ་པ་དང་འཁྲིལ་ཏེ་ མི་ ༡༡ དང་ ༡༧ གང་འཚམས་ཅིག་འཐོནམ་ཨིན། ཚོགས་ལེན་གྱི་ཞལ་འབགཔ་ཁྲོ་བོ་ ཁ་དོག་དམརཔོ་ཙང་ཙ་ཨིན་རུང་ ཕོ་མོའི་དབྱེ་བ་འདི་ ཕོའི་དཔྱལ་བར་སྡིག་པ་ར་ཛའི་རྣམ་པ་ཡོདཔ་དང་ མོའི་དཔྱལ་བར་སྦལཔ་སྦེ་འོངམ་ཨིན། ཕྱག་གཡས་གཡོན་གཉིས་ལུ་ ཕུར་པ་དང་བཉྫ་བསྣམས་ཏེ་ སྐུ་གཟུགས་ལུ་ཕོད་གོ་དང་རྡོ་རྗེ་གོང་བཞེས། ཞབས་ལུ་ ཀོ་ལྷམ་བཞེས་ཏེ་རྐྱབ་མི་ཚུ་ དགེ་སློང་གི་སྐུ་འཆམ་གནང་མི་ཚུ་ཨིན་རུང་ དོན་ངོ་མ་ཨིན་པ་ཅིན་ ཚོགས་ལེན་ཚུ་ཡང་ ཟངས་མདོག་དཔལ་རི་གི་ ཕྱིའི་སྒོ་བཞི་སྲུང་མི་ ཆོས་སྐྱོང་ཕོ་རྒྱུད་དང་མོ་རྒྱུད་ཚུ་བཅས་པའི་ བཀའ་ཉན་རྒྱལ་པོ་ཆེན་པོ་བཞི་དང་ ལྷ་སྲིད་སྡེ་བརྒྱད་ཆ་མཉམ་ཁྲོ་བོའི་སྐུར་བཞེངས་ཏེ་ དམག་དཔུང་ལུ་དྲངས་པའི་དཔེ་མཚོནམ་ཨིན།
ཀ༽ གིང་གི་ལེའུ།
༡་ འཐོན་འཆམ།
༢་ ལམ་འགྲོས།
༣་ ཕྱི་ལེན། ནང་ལེན། དཔུང་ལེན། རྒྱབ་ལེན།
༤་ དགུ་དགུ་གདོང་ལེན།
༥་ སངས་རྒྱས་སྤུ་གྲི།
༦་ གནམ་ལ་བསྐོར་ཞིང་ས་ལ་ཕབས་པ།
༧་ ཕྱོགས་བཞི་མཚམས་བརྒྱད།
༨་ གནམ་ལ་བསྐོར་ཞིང་ས་ལ་ཕབས་པ།
༩་ རྒྱབ་སྤྲོས།
༡༠་ བསྟོད་པ་ཞལ་སྦྱོར།
༡༡་ སྤྲོས་དང་པ།
༡༢་ སྤྲོས་གཉིས་པ།
༡༣་ སྤྲོས་གསུམ་པ།
༡༤་ སྤྲོས་བཞི་པ།
༡༥་ སྤྲོས་ལྔ་པ།
༡༦་ ཉི་ཟླ་ཁ་སྦྱོར། (སྤྲོས་དང་པ།)
༡༧་ ཉི་ཟླ་ཁ་སྦྱོར། (སྤྲོས་གཉིས་པ།)
༡༨་ ཉི་ཟླ་ཁ་སྦྱོར། (སྤྲོས་གསུམ་པ།)
༡༩་ ཉི་ཟླ་ཁ་སྦྱོར། (སྤྲོས་བཞི་པ།)
༢༠་ དཔའ་ལྕོགས།
༢༡་ འཛུལ་འཆམ།
ཁ༽ ཚོགས་ལེན་སྐུ་འཆམ་གྱི་ལེའུ།
༡་ འཐོན་འཆམ།
༢་ ལམ་འགྲོས།
༣་ ཕྱི་ནང་།
༤་ ཆབ་གཏོར།
༥་ ཧོམ་བསྐོར།
༦་ གཡས་རྐྱང་གཡོན་བསྐུམ།
༧་ ཧཱུཾ་ངེས།
༨་ དགུར་བརྡུང་ལམ་འགྲོས།
༩་ དགྲོ་བོ་བསྒྲལ་བའི་བདག་བསྐྱེད་ལྷ་གསལ།
༡༠་ ཡཀྵ།
༡༡་ ཕྱག་གཡས་་རྡོ་རྗེ་དང་གཡོན་ལྕགས་ཀྱུ་ཞགས་པ།
༡༢་ དགྲ་བོའི་བླ་འགུགས།
༡༣་ བསྒྲལ་འཆམ།
༡༤་ ཞལ་སྟབས།
༡༥་ བསྐང་བ།
༡༦་ བསྐུལ་རྒྱབ།
༡༧་ དངོས་གྲུབ་བླང་བ།
༡༨་ འཛུལ་འཆམ།

གཡུས་སྒོ་ཚུ།/མི་སྡེ་ཚུ།
གར་འཆམ་གནང་མི་ཚུ་གི་གྲས་ལས་ གིང་རྐྱབ་མི་འབད་བ་ཅིན་ འབོད་སྒརཔ་ཚུ་གིས་རྐྱབ་སྲོལ་ཡོདཔ་དང་ འདི་ཡང་ མི་དབང་འབྲུག་རྒྱལ་གཉིས་པ་ཚུན་ཚོད་ ཕྱག་སྒར་པ་འབོད་སྒརཔ་ཚུ་དང་ ཡང་ཅིན་ དགོན་སྡེའི་གྲྭཔ་དང་སྒོམ་ཆེན་ཚུ་གིས་རྐྱབ་སྲོལ་ཡོད་རུང་ ཤུལ་ལས་ བཀའ་ཅན་གྱི་བདག་ཉིད་ ཞིང་བཤེགས་མི་དབང་འབྲུག་རྒྱལ་གསུམ་པའི་སྐབས་ལས་ མི་སེར་དཀྱུས་མ་ཚུ་གིས་ཡང་ རྐྱབ་ནིའི་སྲོལ་བཙུགས་ཡོདཔ་སྦེ་ ཡིག་ཐོག་བཀོད་དེ་འདུག། དེ་བཟུམ་སྦེ་ ཚོགས་ལེན་གནང་མི་འདི་ སྔོན་མ་ལས་ བཙུན་པ་ཚུ་གིས་ར་གནང་པའི་སྲོལ་འདི་ ད་ལྟོའི་བར་ན་ཡང་ དགེ་སློང་ཚུ་གིས་རྒྱུན་བཟུང་སྟེ་ཡོདཔ་ཨིན།
ཞིབ་འཚོལ་འབད་མི། ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།

བརྡ་དོན་འབྱུང་ཁུངས།