ལམ་སྲོལ་ཆ་ཤས།
Elements
ཨམ།
[
རྫོང་ཁ།
]
- རྒྱལ་ཁབ།
- འབྲུག།
- ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
- རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།
- ས་གནས།
- དབུས་ཕྱོགས་གཞལམ་སྒང་གིས་གཙོས་པའི་རྫོང་ཁག་གཞན་ཚུ་དང་ དེ་ལས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་།
འགྲེལ་བཤད།
རྒྱལ་ཁབ་ནང་ལུ་ བཞེས་སྒོ་རྙིང་ཤོས་ཅིག་ཨིན་མི་དང་ ཆེནམོ་ཅིག་བཟའ་སྤྱོད་འབད་ནི་མེད་པའི་བཞེས་སྒོ་ཅིག་འདི་ ཡོངས་གྲགས་ལུ་ཨམ་དང་བུམ་ཐང་པའི་གཡུས་སྐད་ལས་ ཁ་རི་ཟེར་མི་འདི་ཨིན། བཞེས་སྒོ་རྙིང་ཤོས་ཅིག་ཟེར་སླབ་དགོ་མི་འདི་ཡང་ དང་ཕུ་ རྒྱལ་ཁབ་ནང་ལུ་ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་མ་དར་བའི་ཧེ་མ་ བོན་ནག་དང་བོན་དཀར་གྱི་ཆོས་དར་ གཡུས་མི་ཚུ་གིས་ཡང་ངོས་ལེན་འབད་དེ་ ད་ལྟོ་བར་ན་ཡང་རྫོང་ཁག་དང་གཡུས་ཚན་ཚུ་ནང་ལུ་ ལྷ་གསོལ་བོན་གསོལ་གྱི་དུས་སྟོན་དང་ གསོལ་མཆོད་ཚུ་ནུབ་ཕྱོགས་ཧཱ་ལས་འགོ་བཙུགས་ དབུས་ཕྱོགས་གཞལམ་སྒང་གིས་གཙོས་པའི་རྫོང་ཁག་གཞན་ཚུ་དང་ དེ་ལས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལུ་ མིང་གནས་མ་འདྲཝ་གི་སྒོ་ལས་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཚོགས་རྫས་གཙོ་བོ་ཅིག་སྦེ་ཕུལ་བའི་ བཞེས་སྒོའི་རིགས་ཅིག་ ཨམ་མམ་ཁ་རི་འདི་འབདཝ་ལས་བརྟེན་ཏེ་ཨིན།
རྒྱུ་བྱོཝ་དང་གེ་རེད། དེ་ལས་ ནག་ཕྱེ་ཚུ་ལས་བཟོ་བའི་ཨམ་དང་ ཡང་ཅིན་ ཁ་རི་ཟེར་མི་འདི་ རྒྱལ་ཁབ་ཀྱི་ཟས་ཀྱི་གྲལ་ལས་རྙིང་ཤོས་ཅིག་ཨིན། འདི་ཡང་ ཨམ་འདི་ཡོངས་གྲགས་སྦེ་ ལྷ་གསོལ་བོན་གསོལ་གྱི་སྐབས་ལུ་ ཚོགས་རྫས་གལ་ཅན་ཅིག་སྦེ་བཟོ་སྟེ་ཕུལ་སྲོལ་ཡོདཔ་དང་ བོན་ཆོས་འདི་ འབྲུག་རྒྱལ་ཁབ་ཀྱི་གནའ་བོའི་ཆོས་ལུགས་ཅིག་འབདཝ་ལས་ ཟས་དེ་རྙིང་ཤོས་ཅིག་གི་གྲངས་སུ་བརྩི་དགོ་པའི་རྒྱུ་མཚན་ དེ་ལས་བརྟེན་ཏེ་ཨིན། ཨིན་རུང་ ལྷ་གསོལ་གྱི་སྐབས་ལུ་རྐྱངམ་གཅིག་བཟོ་སྲོལ་དང་ ལོངས་སྤྱོད་སྲོལ་མེདཔ་ཨིན་ན་ཟེར་བ་ཅིན་ འདི་ཡང་མེན་པར་ གཡུས་གོ་ཚུ་ནང་ལུ་གལ་ཅན་གྱི་དུས་སྟོན་དང་ སྐུ་མགྲོན་གསརཔ་ཚུ་ཕེབས་པའི་སྐབས་ལུ་ ཟས་རྡིག་ཤོས་ཀྱི་གྲངས་སུ་བཙུགས་ཏེ་ དྲངས་གཞག་རྐྱབ་སྲོལ་ཡོདཔ་མི་ཡང་ (གཏེར་སྟོན་པདྨ་གླིང་པའི་རྣམ་ཐར་ ཤོག་གྲངས་ ༣༥༨ ནང་ལུ་) པད་གླིང་ཞིང་ཕེབས་ཏེ་དགོངས་རྫོགས་ཀྱི་སྐུ་ཚིགས་བཟུང་སྐབས་ བོད་ལྷོ་བྲག་ལས་ནང་སོ་རྒྱལཔོ་གིས་གཙོས་པའི་དཔོན་གཡོག་ ལྔ་བརྒྱ་ཙམ་བུམ་ཐང་གཏམ་ཞིང་ལུ་ རྟེན་གསུམ་ཚུ་བསྣམས་བྱོན་པའི་སྐབས་ “ཆོས་འཁོར་ལུང་པའི་མི་མངས་ཨ་མ་རྣམས་ཀྱིས་འབྲས་ཆང་། ནས་ཆང་། བྲ་བོའི་ཆང་། འབྲས་ཟན། འབྲས་ཡོས། བྱང་བུ་ལེབ། སྤུ་ཐག རྩང་གུ་ལི། ཕུབ། བྲུམ་མ། བུར་ལྟང་། སྒོམ། ཨམ། པིང་། ཧོན། ཁུར་བ་སྐྱ་སྔོ་། ཁྲེ་ཟན། ནས་ཡོས། མོན་སྲན་གྲེའུའི་ཡོས། བྲ་བོའི་ཡོས་སོགས། ཟས་སྐོམ་ཚོགས་འཁོར་བསམ་གྱིས་མི་ཁྱབ་པར་ཐོགས་ནས་བསུས་ཏེ།” ཟེར་ རང་ལུགས་བུམ་ཐང་པའི་ཟས་ཀྱི་ནང་ལུ་ དེ་བསྒང་ལས་རང་བཟོ་སྲོལ་ཡོད་པའི་སྒྲུབ་བྱེད་བཀོད་ཚུགས་པས།
ད་རེས་ནངས་པ་ཡང་ ཨམ་བཟོ་ནིའི་སྲོལ་དང་དེ་སྤྱོད་སྲོལ་ཚུ་ ཁྲོམ་ནང་མཐོང་སྲོལ་དང་དུས་རྒྱུན་བཞེས་སྒོའི་གྲལ་ཁར་མེད་རུང་ དབུས་ཕྱོགས་བུམ་ཐང་གི་གཡུས་གོ་ཚུ་ནང་དང་ ཤར་ཕྱོགས་མོང་སྒར། ལྷུན་རྩེ། བཀྲིས་གཡང་རྩེ་ཚུ་ནང་གི་ གཡུས་སྐད་ལས་ ‘ཧ་’དང་ ‘མཁར་ཕུད་’ ཟེར་བོན་གསོལ་གྱི་གསོལ་མཆོད་སྐབས་ གཡུས་མི་ནང་གི་ཨམ་ཚུ་གིས་ ཨམ་གྱི་བཟོ་རྣམ་འཇའ་ཆི་ཆི་དང་ གྱངས་ཁ་ཡང་འབོར་ཆེ་ཏོག་ཏོ་སྦེ་བཟོ་སར་མཐོང་ནི་ཡོདཔ་ཨིན།
ཨམ་གྱི་མིང་གནས་དེ་གིས་ དོན་དག་མ་འདྲཝ་དག་པ་ཅིག་ལུ་གོཝ་ཨིནམ་དང་ འདི་ཡང་ གཉེན་རྐྱབ་མི་ཨམ་སྲུ་ལུ་ཨམ་ཟེར་འབོ་སྲོལ་ཡོདཔ་དང་ བཟའ་ཚང་ནང་གི་རྒྱུ་ཅ་ལ་དང་ གཉེར་ཚང་ཚུ་བདག་འཛིན་འབད་མི་ འཐུས་མི་གཙོ་ཅན་ལུ་ཨམ་ལུ་ཡང་ཨམ། ཤིང་འབྲས་ཨམ་ཅུ་ཀུ་ལི་ལུ་ཡང་ ཚངས་ལའི་སྐད་ལས་ཨམ་ཟེར་སླབ་སྲོལ་དང་ ད་ལྟོ་འབད་བ་ཅིན་ ལྷ་གསོལ་གྱི་ཚོགས་རྫས་འདིའི་མིང་ལུ་ཡང་ ཨམ་ཟེར་སླབ་ཨིན་རུང་ གོ་བརྡ་མི་འཛོལ་ནིའི་དོན་ལུ་ཨམ་གི་མིང་གྲོགས་སྦེ་ ཚོགས་འདི་ལག་ལེན་འཐབ་པ་ཅིན་ ‘ཚོགས་ཨམ་’ ཟེར་སླབ་དགོཔ་ཨིན། ཚོགས་དེ་ལུ་ ཨམ་ཟེར་སླབ་དགོ་པའི་རྒྱུ་མཚན་ཡང་ ལྷ་གསོལ་གྱི་སྐབས་ལུ་ཨམ་སྲུ་རྐྱངམ་གཅིག་གིས་བཟོཝ་ལས་བརྟེན་ཏེ་ ཨམ་དང་ ཚོགས་ཕུལ་བའི་རིགས་སྣ་གཞན་ཚུ་ལས་ མང་ཤོས་ཨམ་འདི་ཕུལ་སྲོལ་ཡོདཔ་ལས་ ཚོགས་རྫས་གཙོ་བོ་ཅིག་འབདཝ་ལས་བརྟེན་ མིང་གནས་དེ་སྦེ་བཞག་ཡོདཔ་ཨིན་མས།
གོང་གསལ་ གཏེར་སྟོན་པདྨ་གླིང་པའི་རང་རྣམ་ནང་གསལ་དོ་བཟུམ་སྦེ་ དེ་བསྒང་བུམ་ཐང་ཆོས་འཁོར་གཡུས་ཚན་གྱི་ཨམ་ཚུ་གིས་ བཟོ་སྲོལ་ཡོད་པའི་བཞེས་སྒོ་ཅིག་ཨིན་རུང་ བར་སྐབས་ཅིག་ལས་མིང་གནས་ཉམས་སོང་སྟེ་ ཚོགས་ཨམ་དེ་ལུ་ ‘ཁ་རི་’ ཟེར་དེའི་བཟོ་རྣམ་ བྱ་པོད་བཟུམ་ཡོད་མི་ལུ་དཔེ་བཞག་སྟེ་ གཡུས་སྐད་ལས་ ‘ཁ་རི་’ ཟེར་འབོཝ་མ་གཏོགས་ ཨམ་ཟེར་སླབ་སྲོལ་དར་ཁྱམ་མིན་འདུག། དེ་མ་ཚད་ ཤར་ཕྱོགས་ཁ་ཐུག་གི་མི་ཚུ་གིས་ རང་སོའི་སྲུང་མ་ཚུ་ལུ་ ལོ་དུས་ཀྱི་སྲོལ་མཆོད་ཕུལ་བའི་སྐབས་ བོན་ལུགས་ཀྱི་ དགའ་བཟང་ལྷ་གསོལ་སྐབས་ལུ་ ཚོགས་རྫས་གཙོ་བོ་ ཨམ་འདི་ར་ལག་ལེན་འཐབ་ལས་བརྟེན་ མིང་གནས་ཡང་དེ་སྦེ་ར་་ལག་ལེན་འཐབ་བཞིན་དུ་འདུག།

དོན་དག།
ཨམ་འདི་བཟའ་སྤྱོད་འབད་ཐངས་ ཁག་གཉིས་ལས་ལྷགཔ་མེདཔ་ཨིན། འདི་ཡང་ ལྷ་གསོལ་བོན་སྲོལ་གྱི་སྐབས་ལུ་ ཚོགས་རྫས་སྦེ་ཕུལ་སྲོལ་ཅིག་དང་ གཞན་མི་འདི་ ཨམ་གུར་ རྫས་སྦྱོར་སྣ་ཚོགས་ཚུ་བླུགས་ཏེ་ དུས་རྒྱུན་གྱི་བཞེས་སྒོ་སྦེ་མེན་པར་ ལོ་གསར་དང་གལ་ཅན་གྱི་དུས་སྟོན་གཞན་ཚུ་གི་སྐབས་ལུ་སྤྱོད་སྲོལ་དང་ དེ་ལས་ ཕྱི་ལས་མགྱོནམ་ཚུ་ཕེབས་པའི་སྐབས་ལུ་རྐྱངམ་གཅིག་ དྲངས་སྲོལ་ཡོདཔ་ཨིན་མས།
རྒྱུན་སྤེལ་ཐབས་རིག།
ཨམ་གྱི་བཟོ་ནིའི་རྒྱུ།
ཨམ་འདི་བཟོ་ནིའི་དོན་ལུ་ ས་ཁ་མཐོ་དམན་ནང་ལུ་གཡུས་ཆགས་ཐངས་དང་ འབྲུ་སྣའི་འཐོན་སྐྱེད་ཚུ་དང་འཁྲིལ་ཏེ་ ས་ག་མཐོ་ས་འབདན་རྒྱུ་གཙོ་བོ་ བྱོ་ཕྱེ་དང་ དེ་ལས་ མཐའ་སའི་གཡུས་ཚུ་ནང་ གེ་རེད་དང་ནག་ཕྱེ་ཚུ་ལག་ལེན་འཐབ་སྲོལ་ཡོད་རུང་ ད་རེས་ནངས་པ་འབད་བ་ཅིན་ རྒྱ་གར་རྒྱལ་ཁབ་ལས་ནང་འདྲེན་འབད་བའི་ ནག་གི་ཕྱེ་ མའེ་དཱ་ འདི་ལག་ལེན་འཐབ་ཨིན་མས།
ཨམ་གྱི་བཟོ་རྣམ།
ཨམ་གྱི་བཟོ་རྣམ་འདི་ ཕྱེ་གི་འཐོན་སྐྱེད་ལས་བཟོ་མི་བཞེས་སྒོའི་རིགས་ལས་ ཅི་དང་མ་འདྲཝ་སྦེ་ཡོདཔ་ཨིན། འདི་ཡང་ བུམ་ཐང་པའི་མི་ཚུ་གིས་འབོ་སྲོལ་ཡོད་པའི་ ཁ་རི་འདི་ དཔེ་བྱ་པོད་ལས་ལེན་ཏེ་ལག་ལེན་འཐབ་མི་ལས་ རྟ་དྲངས་ཏེ་ཞུ་བ་ཅིན་ སྦོམ་ཆུང་ཧ་ལམ་ལག་གང་ཙམ་དང་ དེ་ལས་ཆུང་སུ་ཡང་འོངམ་ཨིནམ་དང་ ལེབ་གཉིས་བྱ་གི་གཤོགཔ་བཟུམ་སྦེ་ ཧ་ལམ་ཐེད་གྱིར་གྱིར་འཚམས་ཡོད་པའི་སྦུག་ལས་ སྒྱལ་ཚིགས་བཟུམ་ཅིག་ མཐའམ་གཉིས་ཀྱི་གཤོག་པའི་ཚད་སྦེ་ ཡར་ལྷོང་སྟེ་གྲུ་གསུམ་ལེབ་ལེབ་སྦེ་ཡོདཔ་ཨིན། ཤར་ཕྱོགས་པའི་ལྷ་གསོལ་བོན་སྲོལ་སྐབས་ གྲུ་གསུམ་ལེབ་ལེབ་ཡོད་པའི་སྒྱལ་ཚིགས་གི་རྩེ་འདི་ བ་དང་གླང་ཚུ་གི་མགུ་ཏོ་དང་ དེ་གི་ལོགས་ཅིགཔོ་འདི་མཇུག་མ་སྦེ་ ནོར་གྱི་རྣམ་པ་ཡོདཔ་སྦེ་བཟོ་སྲོལ་ཡང་འདུག། དྲག་ཤོས་རྡོ་རྗེ་བསྟན་འཛིན་གྱིས་མཛད་པའི་ ཤར་ཕྱོགས་ཀྱི་རྗེ་དཔོན་འབྱུང་རབས་ཀྱི་དཔེ་ཆ་ནང་ལུ་ དེའི་བཟོ་རྣམ་ “ཨམ་ཟེར་ནས་གྲོ་ཕྱེས་བཟོས་པའི་བག་ལེབ་ནར་མོ་ཅན་སོགས་” ཟེར་བཤད་པ་རྐྱབ་ཏེ་འདུག།
ཨམ་བཟོ་ཐངས།
ས་ཁ་མཐོ་དམན་གྱི་གཡུས་ཚན་དང་ དེ་ནང་གི་འབྲུ་སྣའི་འཐོན་སྐྱེད་ཚུ་དང་འཁྲིལ་ཏེ་ དེའི་ཕྱེ་འཐག་འཐགཔ་ཚུ་ གསིག་མ་ལག་ལེན་འཐབ་ཐོག་གསིག་པའི་ཕྱེ་འདི་ བཟའ་ཚང་འཐུས་མི་དང་ མགྱོནམ་ག་དེ་ཅིག་ཡོདཔ་ཨིན་ན་དང་བསྟུན་ཏེ་ བཟོ་ནིའི་བྱ་རིམ་གཤམ་གསལ་ལྟར་དུ་ཨིན།
- ཕྱེ་ཟངས་གཞོང་ནང་བླུགས།
- དེ་གུར་ ཆུ་ཁོདམ་གསུམ་དཔྱ་གཅིག་ (༡/༣) བླུགས་ཏེ་བསྣད། བསྣད་པའི་ཕྱེ་དེ་གིས་ ཚོགས་རྫས་བཟོ་རྣམ་ག་ཅི་བཟུམ་བཟོ་རུང་ བཙོཝ་པའི་སྐབས་ སྒྲིང་སྒྲིང་སྦེ་བཟོ་བཏུབ་པའི་ཕྱེ་འབད་འོང་དགོཔ་ཨིན། གལ་སྲིད་ ཕྱེ་ནང་ཆུ་མང་སོང་པ་ཅིན་ བསྣད་པའི་ཕྱེ་དེ་གིས་ ཚོགས་རྫས་ཀྱི་བཟོ་རྣམ་ཐོན་བཏུབ་རུང་ བཙོ་བའི་སྐབས་ལུ་ བཟོ་རྣམ་ཞལ་ཞོལ་གཏང་སྟེ་འགྱོཝ་ཨིནམ་ལས་ ཕྱེ་ནང་ཆུ་བླུགས་ནིའི་ཚད་ཤེས་དགོཔ་འདི་ གལ་ཆེ་བའི་ཤེས་བྱ་ཅིག་ཨིན།
- གར་ལྷ་རན་ཏོག་ཏོ་སྦེ་བསྣད་པའི་ཕྱེ་དེ་ བྱམོ་གི་སྒོང་རྡོག་ལས་ཆུང་སུ་སྦེ་ ཐེད་སྒོར་སྒོར་སྦེ་བཟོ།
- ལགཔ་གཡས་གཡོན་གཉིས་རུབ་འབད་དེ་ མཛུབ་ཅུང་དང་ཨམ་མཐེ་སྦོམ་གཉིས་རུབ་སྟེ་ལོགས་ཅིག་ལས་ ལེབ་ལེབ་སྦེ་བཟོ།
- ཕྱེ་མགོ་མཇུག་སློག་ཞིནམ་ལས་ ལོགས་གཞན་མི་འདི་ཡང་ ཅོག་འཐདཔ་སྦེ་བཟོ།
- སྒྱལ་ཚིགས་དེ་ཡང་ རིང་ཐུང་། སྦོམ་ཆུང་དང་སྲབ་སྟུག་ཅོག་གཅིགཔ་སྦེ་བཟོ།
- སྦིས་ཆབ་དང་བང་ཀ་ནང་བཀྲམ་ཅི་ར་ ཕྱེ་བསྣད་བསྣདཝ་དེ་མ་རྫོགསཔ་ཚུན་ ཨམ་བཟོ་དགོཔ་ཨིན།
- ཨམ་བཟོ་ཚར་མ་ཚར་སྐབས་ ཐབ་གུར་རྫམ་ནང་ཆུ་བསྐོལ་བཞག་མི་དེ་ནང་ རྫམ་གྱི་སྦོམ་ཆུང་དང་འཁྲིལ་ཏེ་ སྦི་ཆབ་དང་བང་ཀ་ནང་བཀྲམ་བཞག་མི་དེ་ཚུ་བླུགས།
- རྫམ་ཁ་འཕྱེ་སྟེ་ གཟན་སྐྱ་གིས་དཀྲུགས་ཅི་ར་བཙོ་དགོཔ་ཨིན། གལ་སྲིད་ རྫམ་ཁ་བཅད་དེ་བཙོ་བ་ཅིན་ ལྦ་ལུད་ནིའི་ཉེན་ཁ་ཡོདཔ་ཨིན།
- ཨམ་འཚོག་མ་འཚོག་ཡང་ ཁ་མདོག་ལུ་བལྟ་སྟེ་ཤེས་ཚུགསཔ་ཨིན། འདི་ཡང་ ཨམ་གྱི་བཀྱག་དུམ་གྲ་ཅིག་ཁ་གནག་སུ་འགྱུར་ནི། གཟན་སྐྱ་གིས་དཀྲོགསཔ་ད་ ཨམ་གྱི་ཟུར་ཚི་གཞིགས་འགྱོ་ནི་དང་ གཞན་ཡང་ ཨམ་ཚུ་རྫམ་གྱི་ཁ་ལུ་ལྡིངས་ཏེ་སྡོད་པ་ཅིན་ འཚོགས་པའི་རྟགས་ཨིན།
- ཇ་བཙག་དང་གཟའ་རུ་གང་རུང་ལག་ལེན་འཐབ་སྟེ་ ཧོད་ཅིག་ནང་བཏོན་ཏེ་བཞག་ཞིནམ་ལས་ རྫས་སྦྱོར་ཚུ་ག་ནི་ཡང་མ་བླུགས་པར་ ཕྲང་ཕྲང་ས་ར་ བོན་གསོལ་གྱི་ཚོགས་རྫས་སྦེ་ཕུལ་སྲོལ་འདུག།
- དེ་ལས་ བུམ་ཐང་ཆོས་འཁོར་དང་ཆུ་སྨད་ཀྱི་གཡུས་མི་ཚུ་གིས་འབད་བ་ཅིན་
- ཨམ་ཆུ་ཚན་ནང་བཙོ་སྟེ་ཧོད་ཅིག་ནང་བཏོན་བཞག་མི་ནང་ལུ་ ཨེ་ཕྱེ། ས་སྒ་བརྡུང་བརྡུངམ། སྒོགཔ་དང་སྐྱི་ཅུ་རམ་དུམ་སྦེ་བཏོག་བཏོགསཔ་ཚུ་ མར་ནང་བརྔོ་སྟེ་བླུགས།
- ཐིང་ངེར་ཡང་བརྡུང་སྟེ་བླུགས།
- དེ་དང་མཉམ་གཅིག་ ཚྭ་ཡང་བླུགས།
- རྫས་སྦྱོར་ཚུ་ ཨམ་དང་གཅིག་ཁར་ལེགས་ཤོམ་སྦེ་ཁྱབ་སྟེ་སྒྱེས།
- མཇུག་ར་ དེ་གུ་ལས་ སྒོགཔ་དུང་ཅུང་དང་འོད་སི་ཚུ་ ཕྱ་རུ་རུ་སྦེ་བཏོག་སྟེ་བླུགས་ཞིནམ་ལས་ བཟའ་མ་རན་ཚུན་ཁ་བཅད་ཏེ་ སྒོགཔ་དང་འོད་སི་གི་དྲིམ་འཛིན་བཅུག་དགོཔ་ཨིན་མས། རབ་ཏུ་བྱུང་པ་ཅིན་ ཞིམ་རྩི་གནགཔ་རྡུང་སྟེ་བླུགས་པ་ཅིན་ ཞིམ་ཧིང་མ་འདྲཝ་སྦེ་ཐོནམ་ཨིན་མས།
- ཨམ་འདི་དྲངས་མ་རན་པའི་བར་ན་ ཨེ་ཕྱེ་དང་རྫས་སྦྱོར་གཞན་ཚུ་བླུགས་ཏེ་ ཨེ་རྫས་ཚ་ཐང་ཐང་ཅིག་སྦྱོར།
- བཟའ་རན་པའི་སྐབས་ཨམ་གྱི་ལྟག་ལུ་བླུགས་བཞག་ཡོད་མི་ སྒོགཔ་དང་འོད་སི་ཚུ་ལེགས་ཤོམ་སྦེ་ ཨམ་དང་གཅིག་ཁར་སྒྱེས་ཞིནམ་ལས་ ཨེ་རྫས་དང་དུམ་གྲ་གཅིག་ཁར་དྲངས་སྲོལ་ཡོད་མི་ལུ་ ཨམ་ཟེར་ དང་ཕུ་གི་མི་ཚུ་གིས་འབོ་སྲོལ་ཡོད་རུང་ ད་རེས་ནངས་པ་ ཁ་རི་ཟེར་སླབ་སྲོལ་ཡོད་མི་འདི་ བཞེས་སྒོ་རྡིག་ཤོས་ཅིག་ཨིན་མས།

གཡུས་སྒོ་ཚུ།/མི་སྡེ་ཚུ།
ལྷ་གསོལ་བོན་གསོལ་གྱི་ལམ་ལུགས་ཡོད་པའི་མི་སྡེ་ཚུ།
ཞིབ་འཚོལ་འབད་མི། ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།