ལམ་སྲོལ་ཆ་ཤས།
Elements
- རྒྱལ་ཁབ།
- འབྲུག།
- ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
- རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།
- ས་གནས།
- སྤུ་ན་ཁ་རྫོང་ཁག་འདི་ རྒྱལ་ཁབ་ནང་ལུ་རྫོང་ཁག་ ༢༠ གི་གྲས་ལས་ ནུབ་ཕྱོགས་ཁ་ནུག་གི་རྫོང་ཁག་ཅིག་ཨིནམ་མ་ཚད་ ས་མཐོ་དམན་འབད་བ་ཅིན་ རྒྱ་མཚོའི་མཐའམ་ལས་ མི་ཊར་ ༡་༡༠༠ དང་ ༢་༥༠༠ གི་བར་ན་དང་ ས་མཚམས་ཡང་ བྱང་ཕྱོགས་ལུ་དགའ་ས་རྫོང་ཁག ནུབ་ཁ་ཐུག་ལུ་ཐིམ་ཕུ། དེ་ལས་ ཤར་དང་ལྷོ་འབད་བ་ཅིན་ དབང་འདུས་ཕོ་བྲང་རྫོང་ཁག་ཚུ་དང་གཅིག་ཁར་སྦྱེལ་ཏེ་ཡོདཔ་ཨིན། རྫོང་ཁག་གི་བདག་སྐྱོང་ཡང་ རྒད་འོག་ ༡༡ ནང་ཁྱབ་དབང་ཡོདཔ་དང་ དེ་ཚུ་ཡང་ བརཔ། ཆུ་འབུར། འཛོམས་མི། དགོན་ཤར་རི། དགུ་མ། ཀར་སྦིས་ས། གླིང་བུ་ཁ། ཤེལ་རྔ་ནང་། རྟ་ལོག།ཝ སྟོད་སྦིས་ས་དང་ སྟོད་ཝང་ཚུ་ཨིན། རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ནང་ལུ་ ཆོས་སྲིད་གཉིས་ལྡན་གྱི་ ཁྲིམས་ཀྱིས་ཁ་ལོས་སྒྱུར་བའི་ རྒྱལ་ས་ལྟེ་བ་རྙིང་ཤོས་ཅིག་འབདཝ་ལས་ རྒྱལ་རབས་དང་འབྱུང་རབས་དང་ལྡན་པའི་ སྲོལ་རྒྱུན་ས་ཁོངས་ མང་རབས་ཅིག་ཡོདཔ་ལས་བརྟེན་ བལྟ་གཤལ་པའི་ས་སྒོ་ངོ་མ་ཅིག་དང་ དེ་གུ་ལུ་ གནམ་གཤིས་དྲོད་མཉམ་དང་ལྡནམ་ལས་ བྱཱ་ཞིང་དང་ཚོད་བསྲེས། དེ་ལས ཤིང་འབྲས་རིགས་ཀྱི་ཐོན་སྐྱེད་ཚུ་ མངམ་སྦེ་བཏོན་པའི་ རྫོང་ཁག་ཅིག་སྦེ་ཆ་བཞགཔ་ཨིན། དེ་བཟུམ་མའི་ རྒྱལ་རབས་དང་འབྱུང་རབས། དེ་ལས་ སོ་ནམ་གྱི་ཐོན་སྐྱེད་ཚུ་ འབོར་ཆེ་ཏོག་ཏོ་སྦེ་བཏོན་མི་ཚུ་གི་གྲས་ལས་ གཡུས་ལུགས་ཀྱི་ཐབས་རིག་ཚུ་ལག་ལེན་འཐབ་སྟེ་ སྤང་རྩི་མར་ཁུ་བཙིར་མིའི་སྲོལ་རྒྱུན་ལས་བརྟེན་ཏེ་ཡང་ སྤུ་ན་ཁ་རྫོང་ཁག་གི་ངོ་རྟགས་བཏོན་ཚུགསཔ་ཨིན། འདྲིས་བཀོད་འབད་མི་ཚུ་དང་འཁྲིལ་ཏེ་ སྤང་རྩི་མར་ཁུ་བཏོན་མི་ སྟོད་ཝང་རྒེད་འོག་གི་ ཚྭ་ཆུ་ཕུ་གཡུས་ཚན་གྱིས་མ་ཚད་པར་ དགོན་ཤར་རི། ཀར་སྦིསཔ། ཆུ་འབུར། ཤེལ་རྔ་ན་དང་ སྦིས་མི་རྒེད་འོག་གི་གཡུས་ཚན་ཚུ་ནང་ལུ་ཡང་ སྤང་རྩི་ཤིང་ཚུ་མཐོང་ནི་ཡོདཔ་སྦེ་བཤད་ཅི།
- ངོས་བཟུང་འབད་བའི་ལོ།
- 2022
འགྲེལ་བཤད།
འབྲུག་རྒྱལ་ཁབ་ཀྱི་ སྤུ་ན་ཁ་རྫོང་ཁག་ སྟོད་ཝང་རྒེད་འོག་གི་མི་སེར་ཚུ་གིས་ ངག་རྒྱུན་དང་འཁྲིལ་བ་ཅིན་ རང་བཞིན་གནས་སྟངས་ལས་འཐོན་པའི་ ཐོན་སྐྱེད་ལེ་ཤ་ཅིག་གི་གྲས་ལས་ སྤང་རྩི་མར་ཁུ་བཙིར་ནི་འདི་ སྤྱི་ལོ་ ༡༩༧༠ ལས་འགོ་བཙུགས་ཏེ་ ༡༩༩༠ གི་རིང་ལུ་ ལཱ་རྒྱ་ཆེཝ་སྦེ་འབད་དེ་ ཚོང་སྒྱུར་འཐབ་པའི་ཐོག་ལས་འོང་བབས་བཟོ་ནི་དང་ དེ་ལས་ ཁྱིམ་ནང་ལུ་ལོངས་སྤྱོད་ནིའི་དོན་ལུ་ ལག་ལེན་འཐབ་ཡོད་པའི་སྲོལ་རྒྱུན་འདི་ དུས་ད་ལྟོའི་བར་ན་ཡང་ རྒྱུན་བཟུང་འབད་སྟེ་ཡོདཔ་ཨིན། སྤང་རྩི་ཤིང་ལུ་ སྐྱེ་ལྡན་རིགས་སྣའི་མཚན་རིག་གི་མིང་ཡང་ (Symplocos paniculata) ཟེར་སླབ་དོ་ཡོདཔ་དང་ ཤིང་ཚུ་ཡང་ ས་སྐམ་རྡོ་སྐམ་གྱི་ས་གཞི་ཚུ་ནང་ལས་ཕར་ སྐྱེ་སྲོལ་ཡོད་རུང་ རྡོག་མ་བཏགས་ཧིང་ལུ་དཔྱད་པ་ཅིན་ བྱཱ་ཞིང་གི་བར་ཚིགས་དང་མཐའམ་བདའ་སྟེ་ འཛུགས་སྐྱོང་འཐབ་མི་དེ་གིས་ འབྲས་བུ་འབོར་ཆེ་ཏོག་ཏོ་སྦེ་བྱིནམ་ཨིན་ཟེར་ གཡུས་མི་ཚུ་གིས་བཤད་ནི་འདུག། ཨིན་རུང་ ད་རེས་ནངས་པ་བཟུམ་ཅིག་འབད་བ་ཅིན་ རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་ བརྡ་དོན་འཕྲུལ་རིག དེ་ལས་ མི་གི་བསམ་སྤྱོད་འགྱུར་མི་དང་ རྒྱ་གར་རྒྱལ་ཁབ་ནང་ལས་མར་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་མི་དང་ རིན་གོང་ཡང་འཇམ་སུ་སྦེ་ཐོབ་ཚུགས་མི་ཚུ་ལས་བརྟེན་ཏེ་ སྤང་རྩི་མར་ཁུ་བཙིར་མི་གཡུས་ཚན་ཚུ་ནང་ལུ་ སྲོལ་རྒྱུན་འདི་གནམ་མེད་ས་མེད་ཉམས་ཡོདཔ་སྦེ་ རྒས་ཤོས་ཚུ་གིས་ ཚ་འགྱང་དང་བཅསཔ་སྦེ་བཤད་ཡོདཔ་མ་ཚད་ དང་ཕུ་གི་སྐབས་ལུ་ སྤང་རྩི་ཤིང་གི་མངམ་སྦེ་ཡོད་པའི་གུར་ མར་ཁུ་བཙིར་མི་ཡང་ལེ་ཤ་ཡོདཔ་ལས་བརྟེན་ གཡུས་སྒོ་ནང་ལུ་སྤྱོད་པའི་ལྷག་ལུས་ཚུ་ཡང་ རྫོང་ཁག་གཞན་ཚུ་ནང་ལུ་ ཚོར་སྒྱུར་འཐབ་སྲོལ་ཡོདཔ་སྦེ་བཤད་ཅི། ཨིན་རུང་ ན་གཞོན་མང་ཤོས་ཅིག་ སྲོལ་གྲྭ་ཚུ་ནང་ལས་ཕར་ ཤེས་ཡོན་སྦྱང་པའི་སྐབས་སུ་ སྤང་རྩི་ཤིང་གི་རྡོག་མ་ཚུ་བཏོག་ནིའི་དུས་ཚོད་ཁ་ཐུག་རྐྱབ་མི་དང་ ཁྱིམ་ནང་སྡོད་མི་ཚུ་འདིནི་ ཞིང་དང་ཁྱིམ་གྱི་ལཱ་གཡོག་ཚུ་གིས་དུས་ཚོད་མ་འཐོབ་པ། དེ་ལས་ ཐོན་སྐྱེད་ཚུ་ཁྲོམ་ཁར་བཙོང་རུང་ གོང་ཉུང་སུ་སྦེ་འཐོབ་པའི་གདོང་ལེན་ཚུ་ལས་བརྟེན་ སྤང་རྩི་མར་ཁུ་བཙིར་མི་ གཡུས་མི་དག་པ་ཅིག་ལས་མེད་མི་ཚུ་གིས་ ན་གཞོན་ཚུ་ལུ་སྲོལ་རྒྱུན་དེ་གི་སྐོར་ལས་ བསླབ་སྟོན་བྱིན་ནི་འདི་ དཀའ་ངལ་ཅན་ཅིག་སྦེ་ཐོན་ཡོདཔ་ཨིན་མས།
དེ་མ་ཚད་ སྤང་རྩི་མར་ཁུ་བཙིར་ནིའི་བྱ་རིམ་ཚུ་ཡང་ དུས་ཚོད་སྒོར་མི་དང་ དཀའ་སྡུག་ཅན་གྱི་ལཱ་ཅིག་ཨིནམ་མ་ཚད་ སྤང་རྩི་མར་ཁུ་ལས་ ཁྲོམ་ཁའི་མར་ཁུ་ཚུ་གོང་ཉུང་སུ་དང་ མར་ཁུའི་རིགས་ཡང་སྣ་ཚོགས་སྦེ་ཡོད་མི་ཚུ་ལས་བརྟེན་ ད་རེས་ནངས་པ་ གཡུས་ཚན་དེ་ཚུ་ནང་ལུ་ སྲོལ་རྒྱུན་འདི་ ཉམས་ནིའི་དུམ་ཁ་ལུ་དཔག་སྟེ་ཡོདཔ་ཨིན། གཡུས་མི་ཚུ་ལུ་ དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ དཀའ་ངལ་གདོང་ལེན་ཚུ་དེ་སྦེ་ཡོད་རུང་ གཞུང་གིས་བར་འཛུལ་འབད་དེ་ སྲོལ་རྒྱུན་འདི་ སླར་གསོ་འབད་ནིའི་དོན་ལུ་ འཐབ་ཤེས་གནས་སྐབས་ཚུ་བཏོན་པའི་བསྒང་ཡོདཔ་ཨིན།

དོན་དག།
སྤང་རྩི་མར་ཁུ་བཙིར་ནིའི་རྡོག་མ་གི་ཤིང་ ཡོངས་གྲགས་ལུ་ སྤང་རྩི་ཤིང་ཟེར་མི་འདི་གིས་ གཡུས་མི་ཚུ་ལུ་ ཡུན་བརྟན་དང་ལྡནམ་སྦེ་ མར་ཁུ་བཟའ་སྤྱོད་འབད་ནི་ལུ་ ལྷན་ཐབས་འབདཝ་མ་ཚད་ དཔལ་འབྱོར་འོངས་བབས་བཟོ་ནི་དང་ མི་དང་སྐྱེ་ལྡན་རིགས་སྣའི་བར་ན་ གཅིག་ལུ་གཅིག་བརྟེན་གྱི་ཆོས་ཅིག་ཨིན་མས། འདི་ཡང་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཤིང་དེ་གིས་མར་ཁུ་རྐྱངམ་གཅིག་མེན་པར་ ཤིང་ཚུ་བྱཱ་ཞིང་ཨ་རི་གི་བར་ཚིགས་ཚུ་ལས་ཕར་ བཙུགས་ཡོད་པའི་ཞལ་ལག་གི་གྱིབ་མ་དེ་གིས་ གནམ་བྱཱར་གྱི་སྐབས་ལུ་ བྱཱ་དང་ལྕངམ་ཚུ་ རློན་གཤེར་དང་ལྡནམ་སྦེ་བཞག་ནི་དང་ དེ་ལས་ ས་གཞི་ཆུ་གཙང་འདམ་གཙང་ཚུ་ནང་ལུ་བཙུགས་མི་གིས་ ས་རུད་ཆད་ནི་ལས་བཀག་ཚུགས་པའི་ ས་གཞི་འཛིན་སྐྱོང་དང་འབྲེལ་བའི་ཁེ་ཕན་ལེ་ཤ་ཅིག་ར་འདུག།
མ་གཞི་ སྤང་རྩི་མར་ཁུ་བཙིར་ནིའི་ལཱ་འདི་ དཀའ་སྡུག་ཆེ་བའི་ལཱ་ཅིག་འབད་རུང་ ཚོང་སྒྱུར་འཐབ་པའི་སྐབས་ལུ་ མར་ཁུ་ལི་ཊར་རེ་ལུ་ ཉུང་མཐའ་དངུལ་ཀྲམ་ ༥༠༠ རེ་ཐོབ་མི་དེ་གིས་ བཟའ་ཚང་ཉམས་ཆུང་ཚུ་ལུ་ དངུལ་གྱི་རྒྱབ་སྐྱོར་ཡང་འབད་ཚུགསཔ་ཅིན། གཡུས་མི་རྒས་ཤོས་ཚུ་གིས་སླབ་དོ་བཟུམ་འབད་བ་ཅིན་ སྤང་རྩི་མར་ཁུ་དེ་གིས་ གཟུགས་ཧུམ་ཕུར་རྐྱབ་པ་ཅིན་ གཟུགས་ཀྱི་པགས་ཀོ་ཚུ་ལུ་ ཕན་པ་སྦོམ་ཡོད་པའི་རྒྱུ་རྫས་ཡོདཔ་མ་ཚད་ རྒྱལ་ཡོངས་དང་ཡང་ཅིན་ དམིགས་བསལ་སྒེར་གྱི་དུས་སྟོན་གལ་ཅན་ དཔྱེ་འབད་བ་ཅིན་ ལོ་ཆོག་ཚུ་གི་སྐབས་ལུ་ བཞེས་སྒོ་རྡིག་རྡིགམ་ཚུ་བཟོ་ནིའི་དོན་ལུ་ཡང་ ལག་ལེན་འཐབ་སྲོལ་ཡོདཔ་སྦེ་བཤད་ཡོདཔ་ཨིན།

རྒྱུན་སྤེལ་ཐབས་རིག།
ད་ཚུན་གྱི་རིང་ལུ་ སྤང་རྩི་མར་ཁུ་བཏོན་ཐངས་ཀྱི་སྐོར་ལས་ ཞིབ་འཚོལ་མཐིལ་ཕྱིན་ཅིག་ ག་གིས་ཡང་འབད་འབདཝ་མེདཔ་ལས་བརྟེན་ གཡུས་མི་ཚུ་གི་ནང་འཁོད་ལས་ ག་གིས་ཡང་རྒྱབ་ཁུངས་ཁ་གསལ་སྦེ་ བཀོད་མི་ཚུགས་དོ་ཡོདཔ་དང་ ཁུངས་སྦྲགས་མི་ཚུ་ཡང་ དང་ཕུ་གི་ཁ་རྒྱུན་རྣ་རྒྱུད་སྦེ་འོང་མི་རྐྱངམ་གཅིག་ བཤད་སྲོལ་ཡོདཔ་མ་ཚད་ མར་ཁུ་བཏོན་ཐངས་དང་བཙིར་ཐངས་ཀྱི་བྱ་རིམ་ཚུ་ཡང་ རྒས་ཤོས་ཚུ་གིས་ ག་དེ་སྦེ་བཏོནམ་ཨིན་ནའི་དཔྱེ་སྟོན་དང་ ལག་སྦྱོང་ཐོག་ལས་བརྒྱུད་བརྒྱུདཔ་ཅིག་འབདཝ་ལས་ མཚན་རིག་དང་སྐྱེ་ལྡན་རིགས་སྣ་དང་འབྲེལ་བའི་ ཤེས་བྱ་ཚུ་ ཁ་སྐོང་ག་ནི་ཡང་མ་བཀལ་བར་ གཡུས་ལུགས་ལྟར་དུ་ ལག་ལེན་འཐབ་ཡོད་པའི་ཐབས་ཤེས་ཅིག་ཨིན་མས།
མར་ཁུ་བཙིར་ཐངས་ཀྱི་བྱ་རིམ་ཡང་ གཤམ་གསལ་ལྟར་དུ་འབད་སྲོལ་འདུག།
༡་ སྤང་རྩི་ཤིང་གི་ཞལ་ལག་ཚུ་བཏོག་སྟེ་ རྡོག་མ་འཚོག་ཚོགསཔ་ཚུ་བསྡུ་སྒྱོམ་འབད་ནི།
༢་ རྡོག་མའི་ཞལ་ལག་དང་སྦྲགས་ཏེ་ རེད་བརྡལ་དང་ཡང་ཅིན་ ཏིག་པགས་གུར་བརྡལ་ཏེ་ ཤིང་གི་འཁརཝ་གིས་བརྡུངས་ཏེ་ རྡོག་མ་ཚུ་སྤུད་གཏང་ནི།
༣་ རྡོག་མ་དང་ཤིང་ཚུ་ སྦིས་ཆབ་ལག་ལེན་འཐབ་སྟེ་ རླུང་མའི་ནི་འཕྱར་དང་ཡང་ཅིན་ ཆབ་སྟེ་ཏེ་ཕྱི་སེལ་རྐྱབ་ནི།
༤་ རྡོག་མ་ཚུ་ ལྷེའུ་ནང་ལུ་བླུགས་ཏེ་ ཕྱེ་སྦེ་བརྡུང་ནི།
༥་ ཕྱེ་དེ་གསིག་སྟེ་ ཉི་མའི་ནང་ དུས་ཡུན་དུམ་གྲ་ཅིག་སྐམ་སྟེ་བཞག་ནི།
༦་ དེ་ལས་ རྫམ་གི་གཤམ་མར་དོང་ཡོད་མི་ནང་ སྦ་རྫིབ་བཙུགས་ཏེ་དེ་གུ་ལུ་ སྤང་རྩི་རྡོག་མའི་ཕྱེ་ཚུ་བླུགས་ཏེ་བཙོ་ནི།
༧་ མེ་གི་ཤུགས་ཚད་དང་འཁྲིལ་ཏེ་ ཆུ་ཚོད་ ༢ དང་ ༣ ཆུ་ཚན་གི་རླངམ་གྱིས་སྦེ་བཙོ་ཞིན་ན་ མར་གུ་བཙིར་ནིའི་ཧོད་ ཚར་གྱིས་ཐགས་པའི་བཙིརམ་ནང་བླུགས་ནི།
༨་ བཙིརམ་དེ་བཞག་ནིའི་དོན་ལུ་ མཱ་ཆོ་ (མར་མཆེད།) ལག་ལེན་འཐབ་སྟེ་ རྡོ་ཕུག་གི་བྱ་ཕུག་དང་ཡང་ཅིན་ ཤིང་གི་ར་ཏོ་རྩ་བར་བཞག་སྟེ་ མཱ་ཆོ་དང་བཙིརམ་གི་གུ་ལས་ ཨེན་ཏ་བཀལ། མཱ་ཆོ་ ཟེར་མི་འདི་ རྒྱུ་རྡོ་དང་ཤིང་སྲ་ཀྲ་གང་རུང་ཅིག་ལེབ་ལེབ་སྦེ་འོངམ་མ་ཚད་ བཟོ་དབྱིབས་ཡང་ མགུ་སྦོམ་སྦེ་ཐེད་སྒོར་སྒོར་དང་ དཀྱུ་དུམ་གྲ་ཅིག་རིང་སུ། དེ་ལས་ ལེབ་ཅིག་གི་ཐོག་ཁ་ལུ་ གཡུར་བ་ཐེད་སྒོར་སྒོམ་བཟོ་སྟེ་ གཡུར་བའི་མཇུག་དཀྱུ་རིངམོ་ལས་མར་ཐོནམ་སྦེ་ བཟོ་ཡོད་མི་ལུ་སླབ་ཨིན།
༩་ མཱ་ཆོ་གི་ཁ་གི་འོག་ལུ་ རྫམ་སྟོངམ་ཅིག་མར་ཁུ་གསག་ནིའི་དོན་ལུ་བཞག་ཞིན་ན་ ཨེམ་ཏ་རིངམོ་གི་མཐའམ་གུ་ལུ་ ལྗིད་ཅན་གྱི་རྡོ་ཚུ་བཀལ་ཏེ་ བགྲོད་ཀྱིས་སྦེ་མར་ཁུ་འཛག་བཅུག་སྟེ་ མར་ཁུ་བཏོན་ནི།

གཡུས་སྒོ་ཚུ།/མི་སྡེ་ཚུ།
སྤང་རྩི་མར་ཁུ་གི་སྐོར་ལས་ ཞིབ་འཚོལ་འབད་སའི་ས་སྒོ་འདི་ སྟོད་ཝང་རྒེད་འོག་ ཚྭ་ཆུ་ཕུ་གཡུས་ཚན་ནང་ལུ་འབདཝ་ལས་ དེ་གི་སྐོར་ལས་ གནས་ཚུལ་ཞུ་ནི་ཨིན། ཚྭ་ཆུ་ཕུ་གཡུས་ཚན་འདི་ དུས་དང་ཕུ་ལས་ སྤང་རྩི་མར་ཁུ་བཏོན་མི་ གཡུས་ཚན་རྙིང་ཤོས་ཅིག་ཨིནམ་དང་ གཡུས་ཚན་དེ་ནང་ལུ་ ཁྱིམ་གུང་པ་ ༣༢ ཡོད་མི་ཆ་མཉམ་གྱིས་ ཁོང་ར་ལོངས་སྤྱོད་ནིའི་དོན་ལུ་ སྤང་རྩི་མར་ཁུ་བཙིར་ནི་ཡོད་རུང་ གུང་པ་ ༩ དེ་ཅིག་གིས་ ཚོང་སྒྱུར་འཐབ་ནིའི་དོན་ལུ་ཡང་ ལཱ་ཚུ་འབདཝ་ཨིན་མས། དེ་འབདཝ་ལས་ བརྟེན་ སྤང་རྩི་ཤིང་ཚུ་གིས་ གཡུས་སྒོ་དེ་ནང་ལུ་མི་སྡེའི་དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་འབད་མི་ སྐྱེ་ལྡན་རིགས་སྣའི་ཤིང་ གལ་ཅན་ཅིག་སྦེ་ཆ་བཞགཔ་ཨིན། སྤང་རྩི་མར་ཁུ་བཙིར་ནིའི་ལམ་སྲོལ་འདི་ དུས་ནམ་ལས་འགོ་བཙུགས་ཡོདཔ་ཨིན་ནའི་ར་ཁུངས་ གཡུས་མི་ཚུ་གིས་འབྱུང་རབས་དང་ ཁ་རྒྱུན་རྣ་རྒྱུན་གྱི་ལོ་རྒྱུས་ཚུ་ཡང་ ཡིད་ཆེས་འདྲོངས་ཏོག་ཏོ་ཅིག་ སླབ་ནི་མེདཔ་ལས་བརྟེན་ གཡུས་ཀྱི་མིང་ཡང་ གཡུས་ཀྱི་སྟོད་དང་ཡང་ཅིན་ཕུ་ལུ་ ཚྭ་ཆུ་ཡོད་མི་ལས་བརྟེན་ ཚྭ་ཆུ་ཕུ་ཟེར་མིང་གནས་བཏགས་ཡོདཔ་ཨིན་མས། ད་རེས་ནངས་པ་ཡང་ གྱེན་མགུ་དང་གནའ་རི་སྦ་གཡུས་ཚན་ཚུ་ནང་ལུ་ དང་ཕུ་ ཕམ་ཚུ་ལས་བརྒྱུད་དེ་དང་ དངོས་མཐོང་ལག་རྒྱུན་འབད་དེ་འོང་མི་ སྤང་རྩི་མར་ཁུ་བཙིར་ནིའི་སྲོལ་རྒྱུན་འདི་ བདག་འཛིན་འབད་དེ་ཡོདཔ་ཨིན།
ཞིབ་འཚོལ་འབད་མི། རྣམ་རྒྱལ་རྡོ་རྗེ། བདེ་ཆེན་རྩེ་མོ་འབྲིང་རིམ་སློབ་གྲྭ་གོང་མ། སྤུ་ན་ཁ་རྫོང་ཁག། སྐད་སྒྱུར་ ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།
ཞིབ་འཚོལ་འབད་མི། རྣམ་རྒྱལ་རྡོ་རྗེ། བདེ་ཆེན་རྩེ་མོ་འབྲིང་རིམ་སློབ་གྲྭ་གོང་མ། སྤུ་ན་ཁ་རྫོང་ཁག། སྐད་སྒྱུར་ ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།
བརྡ་དོན་འབྱུང་ཁུངས།