ལམ་སྲོལ་ཆ་ཤས།
Elements
- རྒྱལ་ཁབ།
- འབྲུག།
- ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
- མི་སྡེའི་ལག་ལེན་དང་། ཆོས་ཕྱོགས་ཀྱི་མཛད་སྒོ། དུས་སྟོན་རྩིས་སྲུང་།
- ས་གནས།
- འབྲུག་རྒྱལ་ཁབ་ནང་ལུ་ དཱ་སའེ་དུས་སྟོན་འདི་ ལྷོ་མཚམས་པ་ཚུ་གིས་ཁྱབ་པའི་རྫོང་ཁག་དང་ གཡུས་ཚན་ཚུ་ནང་ལུ་ བརྩི་སྲུང་ཞུ་སྲོལ་ཡོདཔ་དང་ དེ་ཚུ་གི་གྲས་ལས་ རྩི་རང་རྫོང་ཁག་འདི་ རྒྱལ་ས་ལྟེ་བ་ཐིམ་ཕུ་ལས་སྦེ་ དགེ་ལེགས་ཕུག་ལུ་འགྱོ་སའི་གཞུང་ལམ་བདའ་སྟེ་ གནམ་གཤིས་བསིལ་དྲོད་དང་ལྡན་པའི་ ས་གནས་ཅིག་ནང་ལུ་གཞིས་ཆགས་ཏེ་ ཡོདཔ་ཨིན། ད་རེས་རྫོང་ཁག་དེ་ནང་ལུ་ ཁྱིམ་གུང་ ༢་༢༢༠ དེ་ཅིག་དང་ མི་རློབས་འབད་བ་ཅིན་ ༥་༠༠༠ དེ་ཅིག་ མི་རིགས་སླ་བསྲེ་སྟེ་ཡོདཔ་ལས་ ལ་ལུ་ཅིག་གིས་དགོད་བྲོ་སྦེ་ རྫོང་ཁག་དེ་ནང་ལུ་ མི་རིགས་ལྷམ་བསྡུ་སྦེ་ ཡོད་པའི་རྫོང་ཁག་ཅིག་ཨིནམ་སྦེ་བཤད་སྲོལ་ཡོད། ཨིན་རུང་ མི་རློབས་དེ་གི་ནང་ལས་ དུས་རབས་ ༡༩ དེ་ཅིག་ལས་ གཞིས་བཅགས་སྡོད་མི་ ལྷོ་མཚམས་པ་ཚུ་མང་སུ་ཡོདཔ་ལས་བརྟེན་ ས་གནས་ཀྱི་མིང་གནས་ཚུ་ཡང་ དང་ཕུ་ ལྷོ་མཚམས་པ་ཚུ་གིས་བཏགས་ཏེ་ཡོདཔ་ཨིན་རུང་ འབྲུག་མི་གཞིས་བཅགས་གསརཔ་ ཤར་ཕྱོགསཔ། ཁེངས་པ། བུམ་ཐངཔ། དེ་ལས་ ཀུར་སྟོདཔ་ཚུ་ སྐྱིད་སྡུག་སྦེ་བཙུགས་ཞིནམ་ལས་ཚུར་ ས་གནས་མིང་ཚུ་ཡང་སྐད་སྒྱུར་འབད་དེ་ རྫོང་ཁའི་ཐོག་ལུ་སྦེ་ཡོདཔ་ཨིན། དཔྱེ་འབད་བ་ཅིན་ ད་ལྟོ་སྤ་ཚར་གླིང་ཟེར་ སྐྱེ་ལྡན་རིགས་སྣ་སྤ་ཚར་གྱི་ཐོན་སྐྱེད་མངམ་སྦེ་སྐྱེ་བའི་རྒེད་འོག་ལུ་ ལྷོ་མཚམས་པའི་མིང་གནས་ བཱུལ་ཀེ་དང་བཱི་ཏི་ནི་རྒེད་འོག་སྦེ་ཡོདཔ་དང་ དེ་བཟུམ་སྦེ་ སྒང་བརྒྱུད་རིངམོ་སྦེ་ཡོད་མི་ལས་བརྟེན་ བླ་མི་ཌང་ར་ཟེར་འབོ་མི་ལུ་ མནྜལ་སྒང་ཟེར་བཏགས་ཡོདཔ་ཨིན། ས་གནས་དང་མི་རིགས་མ་འདྲཝ་ག་དེ་སྦེ་ཡོད་རུང་ དཱ་སའེ་དུས་སྟོན་འདི་ ལྷོ་མཚམས་པའི་ཁྱིམ་ཚུ་ནང་ལུ་ རྒྱས་ཏོག་ཏོ་དང་སྤྲོ་བ་ཆེ་ཏོག་ཏོ་སྦེ་ བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན།
- ངོས་བཟུང་འབད་བའི་ལོ།
- 2022
འགྲེལ་བཤད།
དཱ་སའེ་དུས་སྟོན་འདི་ ལྷོ་མཚམས་པའི་ཆོས་ལུགས་དང་ ཡིད་ཆེས་ཚུ་དང་འཁྲལ་བ་ཅིན་ ངན་པ་དང་ཡང་ཅིན་ བདུད་ཀྱི་གཡུལ་ལས་རྒྱལ་ཁ་ཐོབ་པའི་ དགའ་སྟོན་བརྩི་སྲུང་ཞུ་བའི་ སྐལ་བཟང་གི་དུས་ཅིག་ཨིནམ་སྦེ་བརྩིཝ་ཨིན་མས། བལ་པོའི་རྒྱལ་ཁབ་བཟུམ་ཅིག་ནང་ཨིན་པ་ཅིན་ དུས་སྟོན་འདི་ ག་ཅི་བ་རྩ་ཅན་ཅིག་སྦེ་ཡིད་ཆེས་སྐྱེད་དོ་ཡོདཔ་དང་ འབྲུག་པའི་ལྷོ་མཚམས་པའི་མི་རིགས་ཚུ་ཡང་ བལ་པོ་ལས་བརྒྱུད་བརྒྱུདཔ་ཅིག་འབདཝ་ལས་ ལོ་བསྟར་བཞིན་དུ་ དབྱིན་ཟླ་ ༩ པ་དང་ ༡༠ པའི་བར་ན་ ཧིན་དྷུའི་ཟླ་ཐོའི་ཚེས་གྲངས་དང་འཁྲིལ་ཏེ་ དུས་སྟོན་བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན། ཧིན་དྷུའི་འབྱུང་རབས་དང་འཁྲིལ་བ་ཅིན་ ཧིན་དྷུའི་ལྷ་རཱམ་དང་ལྷ་མོ་དུརྒ་གཉིས་ཀྱིས་ བདུད་ཀྱི་རྒྱལཔོ་ རཱ་ཝན་དང་ མ་ཧེ་ཤྭ་རཱི་གཉིས་ཀྱིས་ ལྷའི་ཡུལ་དེ་ཝ་ལོ་ཀ་ལུ་གནོད་འཚུབས་བཀལ་ཏེ་ མཇུག་ལུ་ དམག་འཐབ་པའི་སྐབས་སུ་ བདུད་ཀྱི་རྒྱལཔོ་ཕམས་གཏང་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ལས་ དུས་ཚོད་དེ་ངན་པའི་གཡུལ་ལས་རྒྱལ་བའི་ དགའ་སྟོན་སྦེ་བརྩི་སྲུང་ཞུཝ་ཨིན་མས།
དཱ་སའེ་འདི་ ཡར་ངོའི་ཚེས་གྲངས་ལས་རྩིས་ཏེ་ ཉིནམ་ ༡༥ གི་རིང་ལུ་ བཟའ་ཚང་དང་ཕམ་སྤུན་ཆ་ཚུ་དང་གཅིག་ཁར་ དུས་སྟོན་བརྩི་སྲོལ་ཡོདཔ་དང་ དུས་སྟོན་དེ་གི་དོན་ལུ་ བཅའ་སྒྲིག་ཡང་ ཁྱིམ་འཕྱག་བདར་རྐྱབ་ནི་ལས་འགོ་བཙུགས་ཏེ་ ཆུ་འཁྱུ་ནི་དང་བཟའ་གཏུང་ལོངས་སྤྱོད་ནིའི་དོན་ལུ་ ཉོ་ཚོང་རྐྱབ་སྟེ་གཉེར་ཚང་མཁོ་སྒྲུབ་འབད་ནི་ཚུ་ཨིན་མས། ཨིན་རུང་ དུས་སྟོན་བརྩི་སྲུང་ཞུ་ནིའི་དོན་ལུ་ གཞུང་གིས་ངལ་འཚོ་ཡང་ ཊི་ཀ་ཟེར་ དཔྱལ་བར་ཆུམ་སྦྱར་བའི་སྐབས་ལུ་རྐྱངམ་གཅིག་མ་གཏོགས་ གནང་སྲོལ་མེདཔ་དང་ མ་གཞི་དུས་སྟོན་འདི་བཟའ་ཚང་འཐུས་མི་ཆ་མཉམ་གྱིས་ རཱམ་ལུ་གྲོགས་རམ་འབད་མི་ སྤྲེའུ་བྱང་ཆུབ་སེམས་དཔའ་དང་ ཁོ་གི་ཆ་རོགས་ཚུ་མཉམ་རུབ་འབད་དེ་ རཱམ་གྱི་བཙུནམོ་སི་ཏ་འདི་ ལངྐའི་ལུང་ཕྱོགས་ནང་ལུ་ བཙོན་བཟུང་འབད་དེ་ཡོད་མི་ནང་ མཐའ་ཡས་རྒྱ་མཚོ་བརྒལ་ཏེ་ བཙོན་ཁང་ལས་བཏོན་འབག་འོང་པའི་ གཅིག་མཐུན་གཅིག་སྒྲིལ་གྱི་ དམ་ཚིག་ལུ་གུས་བཏུད་ཞུཝ་ཨིན་མས།
དུས་སྟོན་གྱི་ཉིནམ་ཚུ་ལས་ ཁག་ཆེ་ཤོས་ར་ ཝིཇྱ་དཱཤིམི་ཟེར་མི་འདི་ཨིནམ་དང་ འདི་ཡང་ བདུད་ཚུ་ལས་རྒྱལ་ཁ་ཐོབ་མི་འདི་ཨིནམ་སྦེ་ ཡིད་ཆེས་སྐྱེདཔ་ཨིནམ་དང་ དེ་གི་སྐབས་ལུ་ བཟའ་ཚང་དང་ཕམ་སྤུན་ཆ། གཉེན་ཉེཝ་ཚུ་ག་ར་འཛོམས་ཏེ་ ཊི་ཀ་ཟེར་ ཆུམ་དང་ཞོ་སླ་བསྲེ་རྐྱབ་སྟེ་བཟོ་མི་འདི་ འགོ་སྦོམ་ཤོས་དང་རྒས་ཤོས་ཀྱིས་བཙུགས་ཏེ་ གཞོནམ་ཚུ་གི་དཔྱལ་བར་སྦྱར་ཞིནམ་ལས་ གསོལ་ར་དང་ཡང་ཅིན་ ཤུལ་བཞག་བཟུམ་ཅིག་སྦེ་ དངུལ་རྐྱང་ཚུ་བྱིན་སྲོལ་ཡོདཔ་མ་ཚད་ མི་སྡེ་གི་ནང་ལུ་ཨིན་པ་ཅིན་ མི་སྡེའི་འགོ་འཁྲིདཔ་རྒཔོ་ཚུ་ཡང་ ཁྱིམ་ནང་གདན་འདྲེན་ཞུ་སྟེ་ རཱ་ཇ་ཊི་ཀ་ཚུ་ཞུ་སྲོལ་འདུག།
ཨིན་རུང་ དུས་ཀྱི་འཕོ་འགྱུར་དང་གོང་འཕེལ་གྱི་གནས་སྟངས། དེ་ལས་ ལཱ་གཡོག་གི་གོ་སྐབས་ཚུ་ལས་བརྟེན་ དང་ཕུ་ མི་ཚུ་སྤུངས་འཛོམས་འབད་དེ་ དུས་སྟོན་སྦོམ་སྦེ་བརྩི་སྲུང་ཞུ་སྲོལ་ཡོད་མི་འདི་ ད་རེས་ནངས་པ་ གཡུས་མི་ཚུ་ གཡུས་ཚན་ནང་ལས་འཐོན་ཏེ་ ཁྲོམ་ཚོགས་ཚུ་ནང་ལུ་གཞིས་བཅགས་མི་དང་ གཞན་ཡང་ ཕྱིའི་རྒྱལ་ཚུ་ནང་ལས་ཕར་ ཁ་བསྟོར་ཏེ་འགྱོ་མི་ཚུ་ལས་བརྟེན་ གཡུས་ཁར་ལུས་མི་ གཡུས་མི་དག་པ་ཅིག་གིས་རྐྱངམ་གཅིག་ དུས་སྟོན་བརྩི་སྲུང་འབད་སྲོལ་གྱི་ གནས་སྟངས་གུར་ལྷོད་དེ་ཡོདཔ་ཨིན།

དོན་དག།
ད་རེས་ནངས་པའི་དུས་ལུ་ཡང་ དཱ་སའེ་དུས་སྟོན་གྱི་དགོས་ཁུངས་དང་ དེ་གི་ལས་རིམ་ཚུ་གིས་ ལྷོ་མཚམས་པའི་མི་སྡེ་ཚུ་གི་ནང་ལུ་ ཕན་ཐོགས་སྦོམ་སྦེ་ཡོདཔ་ཨིན། དང་པ་ལུ་ དེ་བཟུམ་གྱི་དུས་སྟོན་ཁྱད་དུ་འཕགས་པ་འདི་གིས་ ལྷོ་མཚམས་པའི་དངོས་ལམ་སྲོལ་གྱི་སྲོལ་རྒྱུན་ ལེ་ཤ་ཅིག་ར་གསལ་སྟོན་འབད་དོ་ཡོདཔ་ལས་ ངོ་རྟགས་སྦྲགས་ནི་ལུ་ཕན་ཐོགས། གཉིས་པ་ལུ་ ལམ་སྲོལ་རྒྱུན་བཟུང་མི་དེ་གིས་ཡང་ ན་གཞོན་ཚུ་གི་རྒྱུད་ལུ་ དངོས་མེད་ལམ་སྲོལ་གྱི་ཤེས་ཡོན་སྤེལ་ནི་དང་ གྲལ་གཏོགས་འབད་དེ་ ལས་རིམ་ཚུ་དངོས་མཐོང་ལག་བཟུང་གི་ཉམས་མྱོང་འཐོབ་ནི། དེ་ལས་ རང་གི་སྲུང་མ་ ལྷ་དང་དཀོན་མཆོག་ཚུ་ངོ་ཤེས་ཚུགས་ནི། དེ་མ་ཚད་ ལོ་བསྟར་བཞིན་དུ་ དུས་སྟོན་བརྩི་སྲུང་ཞུ་མི་དེ་གིས་ མི་སྡེའི་ནང་འཁོད་ གཅིག་མཐུན་གཅིག་སྒྲིལ་དང་ ཞི་བདེའི་ངང་ལུ་སྡོད་ནི་དང་ ལམ་སྲོལ་གྱི་བརྩི་མཐོང་དང་དགོས་ཁུངས་ཚུ་ མཉམ་རུབ་འབད་དེ་ གནས་སྟངས་ག་ཨིནམ་སྦེ་ བཞག་ཚུགས་ནིའི་ཁེ་ཕན་ཚུ་ཡོདཔ་ཨིན།
དུས་སྟོན་དེ་གི་སྐབས་ལུ་ གཙོ་བོ་ར་ ཕམ་དང་རང་གི་ཤ་རུས་གཅིག་ལས་མཆེད་པའི་སྤུན་ཆ་ཚུ་དང་ ས་གནས་ཁག་སོ་སོ་ལུ་གནས་སྤོ། གཞིས་བཅགས་ཏེ་སྡོད་མི་གཉེན་ཉེ་འཁོར། དེ་ལས་ འཆམ་མཐུནམ་ཚུ་ག་ར་གཅིག་ཁར་འཛོམས་ཏེ་ གཅིག་གིས་གཅིག་ལུ་ དམ་ཚིག་གི་འདུ་ཤེས་གསལ་སྟོན་དང་ བཟའ་མཐུང་ལོངས་སྤྱོད་ཀྱི་དགའ་སྤྲོ་ མཉམ་གཅིག་སྟོན་ཚུགས་པའི་ སྐལ་བཟང་གི་དུས་ཚོད་ཅིག་བྱིནམ་ཨིན། བཅུད་བསྡུ་བ་ཅིན་ དཱ་སའེ་དུས་སྟོན་གྱིས་ དད་ལྡན་གྱི་མི་སྡེ་ཚུ་ལུ་ རང་གི་སྲུང་མ་ཚུ་ལུ་ དད་པ་དང་དམ་ཚིག་གསལ་སྟོན་འབད་ནི། རྒས་ཤོས་ཚུ་ལས་ཐུགས་སྨོན་དང་བྱིན་རླབས་ཞུ་ནི་དང་ ལོ་སངས་ཕོད་ཡང་དེ་བཟུམ་སྦེ་ར་ ཚེ་རིང་ནད་མེད། བཀྲ་ཤིས་ཕུན་སུམ་ཚོགས་པའི་ངང་ལུ་གནས་ཏེ་ དུས་སྟོན་དེ་བཟུམ་གྱི་ནང་ལུ་ སྐུ་ཁམས་བཟང་ཏོག་ཏོ་སྦེ་ མཇལ་ཚུགས་པའི་རེ་བ་རེ་ཆེས་དང་བཅས་པའི་ སྨོན་ལམ་བཏབ་ནིའི་དུས་ཚོད་བྱིནམ་ཨིན་མས།

རྒྱུན་སྤེལ་ཐབས་རིག།
གཡུས་མི་ཚུ་གིས་ ལམ་སྲོལ་རྒྱུན་བཟང་གི་དོན་ལུ་ བཟའ་ཚང་འཐུས་མི་ཚུ་གིས་ དུས་སྟོན་ཚུ་ནང་ལུ་བཅའ་མར་གཏོགས་དགོཔ་དང་ ན་གཞོན་ཚུ་གིས་ཡང་ སྤྲོ་བའི་སྒོ་ལས་གྲལ་གཏོགས་འབད་མི་ཚུ་ལས་བརྟེན་ཏེ་ ཉམས་མྱོང་ཚུ་འཐོབ་དོ་ཡོདཔ་མ་ཚད་ དུས་སྟོན་དེ་དང་འབྲེལ་བའི་དགོས་ཁུངས། ལས་རིམ་གྱི་འགོ་རིམ་ཚུ་ག་དེ་སྦེ་སྒྲིགཔ་ཨིན་ན། ག་ཅི་སྦེ་འགོ་འདྲེན་འཐབ་ཨིན་ན་ ཚུ་གི་རིག་པ་དང་ཡོན་ཏན་ཚུ་ འཐོབ་ནི་ལུ་ཁེ་ཕན་ཡོདཔ་ཨིནམ་སྦེ་བཤད་ནི་འདུག། དེ་གུར་ གཡུས་མི་རྒས་ཤོས་ཚུ་གིས་ཡང་འབད་རུང་ ན་གཞོན་ཚུ་ལུ་ རཱ་མ་ཡ་ནའི་རྣམ་ཐར། འབྱུང་རབས་ལོ་རྒྱུས་ཚུ་བཤད་དེ་ བྱིན་སྲོལ་ཡང་ཡོདཔ་ཨིན་མས།
དཱ་སའེ་དུས་སྟོན་གྱི་སྐོར་ལས་ ལས་རིམ་བཅུད་སྡུད།
༡་ ཊི་ཀ་གི་བཅའ་སྒྲིག།
ཊི་ཀ་འདི་དུས་སྟོན་འདི་ དཱ་སའེ་ལས་རིམ་ཚུ་གི་ནང་་ལས་ གཙོ་བོ་ཅིག་ཨིན་མས། ཊི་ཀ་གི་དོན་ལུ་རྒྱུ་གཙོ་བོ་ར་ ཆུམ་ཟངས་གཞོང་གང་ལེགས་ཤོམ་སྦེ་ཆུ་འཁྱུ། དེ་ལས་ ཞོ་དང་མཉམ་གཅིག་སླ་བསྲེས་རྐྱབ་སྟེ་ སྦྱར་བཏུབ་སྦེ་བཟོ་ཞིན་ན་ ཚོས་གཞི་དམརཔོ་དང་ཤ་ཁ་གང་རུང་ཅིག་ མེ་ཏོག་ལ་སོགས་པ་རང་བཞིན་གྱི་ཚོས་དང་ དེ་ལས་ བཅོས་མའི་ཚོས་གཉིས་གང་རུང་སྦྱོར་ཞིན་ན་ ཆུམ་དེ་མདངས་དང་ལྡནམ་སྦེ་བཟོཝ་ཨིན་མས།
༢་ ཇཱ་མ་ར་གི་བཅའ་སྒྲིག།
ཇཱ་མ་ར་ཟེར་མི་འདི་ ཊི་ཀའི་སྐབས་ལུ་རྣམ་ཅོ་གཉིས་ནང་བལྟེབ་ནིའི་དོན་ལུ་ གེ་ཛའི་ཤིང་གཞོན་ཅུ་ལུ་སླབ་ཨིན་མས། གེ་ཛ་དེ་ཡང་ དུས་སྟོན་མ་རན་པའི་ ཉིནམ་ ༡༠ གི་ཧེ་མ་ལས་ ཟངས་གཞོང་ཅིག་གི་ནང་ལུ་ ས་བླུགས་པའི་ནང་གེ་ཛའི་སོན་བཏབ་སྟེ་ སྐྱེ་བཅུགསཔ་ཨིན་མས། དེ་སྦེ་ གེ་ཛ་གི་ཤིང་ཚུ་ རྣམ་ཅོ་གཉིས་ནང་བལྟེབ་དགོ་པའི་རྒྱུ་མཚན་ཡང་ མི་ཚུ་ལུ་མི་ཚེ་གསརཔ་ཅིག་ དཔྱེ་འབད་བ་ཅིན་ གེ་ཛའི་ཤིང་གསརཔ་རྒྱགས་དོ་བཟུམ་སྦེ་ ལེགས་ཤོམ་སྦེ་འགྱུར་བཅུག་ཅིག་ཟེར་ སྨོན་ལམ་བཏབ་སྟེ་བྱིན་སྲོལ་འདུག།
༣་ ཝིཇྱ་དཱཤིམི་ལས་རིམ།
དུས་སྟོན་གྱི་ཚེས་གྲངས་འདི་ ཧིན་དྷུའི་ཟླ་ཐོ་དང་འཁྲིལ་ཏེ་དུམ་གྲ་རེ་ ཡར་མར་སྦེ་སྡོད་དོ་ཡོད་རུང་ དམིགས་བསལ་གྱི་ཝིཇྱ་དཱཤིམི་འདི་ ཚེས་ ༡༠ གི་ཉིནམ་ལུ་བརྩི་སྲུང་ཞུ་དོ་ཡོདཔ་དང་ དེ་གི་སྐབས་ལུ་ བཟའ་ཚང་འཐུས་མི་ ཕམ་སྤུན་ཆ། གཉེན་ཉེ་འཁོར་ཚུ་གི་ཁྱིམ་ནང་ལས་ཕར་ བསྐོར་ར་རྐྱབ་སྟེ་འགྱོ་ཞིན་ན་ དཔྱལ་བར་ཊི་ཀ་སྦྱར་སྲོལ་ཡོདཔ་ཨིན། ཊི་ཀ་སྦྱར་བའི་སྐབས་ལུ་ འགོ་ཁྱིམ་ནང་གི་རྒས་ཤོས་ཀྱིས་སྦེ་ ན་ཚོད་གཞོན་ཤོས་ཚུ་ལུ་ རིམ་པ་བཞིན་དུ་སྦྱར་སྲོལ་ཡོདཔ་དང་ ཊི་ཀ་དེ་དང་གཅིག་ཁར་ གོང་ལུ་ཞུ་མི་ཇཱ་མ་ར་ཡང་ རྣམ་ཅོ་གུར་བཀལ་བྱིན་དོ་ཡོདཔ་མ་ཚད་ དཱ་ཆི་ན་ཟེར་ དངུལ་རྐྱང་གི་གསོལ་ར་ཡང་ གསོལ་ར་སྦེ་བྱིན་དགོཔ་ཨིན་མས། དེ་ལས་ གཞོནམ་ཚུ་གིས་འབད་རུང་ རྒས་ཤོས་ཚུ་ལུ་ གུས་ཞབས་ཀྱི་ཚུལ་ལུ་ཕྱག་འཚལ་ཏེ་ སྨོན་ལམ་དང་བྱིན་རླབས་ཚུ་ཞུ་སྟེ་ ཚེས་ ༡༥ གི་སྐབས་འབད་བ་ཅིན་ ཕམ་ཚུ་གིས་ཨ་ལུ་ཚུ་ལུ་ ཊི་ཀ་དབུར་ཚར་བའི་ཤུལ་ལས་ ཊི་ཀའི་ཆུམ་དང་ ཇཱ་མ་ར། དེ་ལས་ མེ་ཏོག་གི་ཕྲེང་བ་ལྷག་ལུས་ཚུ་ ཚེས་ ༡༦ གི་དྲོ་པ་ ས་གཙང་སར་བཤགསཔ་ཨིན་མས།
༤་ རཱ་ཇ་ཊི་ཀ་གི་བཅའ་སྒྲག་དང་ལས་རིམ།
༤་༡་ རཱ་ཇ་ཊི་ཀ་གི་བཅའ་སྒྲག།
ཊི་ཀའི་དུས་སྟོན་གྱི་ལས་རིམ་འགོ་ཐོག་ར་ བླམ་གྱིས་ཆོ་ག་གནང་སྟེ་ མི་དབང་མངའ་བདག་རྒྱལཔོ་དང་ དེ་ལས་ དབང་ཆེན་དཔོན་གཞན་ཚུ་ལུ་ ཊི་ཀ་ཕུལ་ཞིནམ་ལས་ དེ་ལས་ ཁོང་སྐུ་ཆེནམོ་ཚུ་གིས་སྦེ་ མི་སེར་ཚུ་ལུ་ ཊི་ཀ་སྦྱར་གནང་ནིའི་ལས་རིམ་ལུ་སླབ་ཨིན།
༤་༢་ རཱ་ཇ་ཊི་ཀའི་ལས་རིམ།
རཱ་ཇ་ཟེར་མི་འདི་ མི་དབང་མངའ་བདག་རིན་པོ་ཆེ་ལུ་ཞུཝ་ཨིནམ་དང་ ཊི་ཀ་ཟེར་མི་འདི་ ཧིན་དྷུའི་མིང་ཚིག་ཨིནམ་དང་ འདི་ཡང་ ཚོས་སྒྱུར་བའི་ཆུམ་འདི་ཞོ་སླ་བསྲེ་རྐྱབ་སྟེ་ མི་ཚུ་གི་དཔྱལ་བར་དུས་སྟོན་དེ་གི་སྐབས་ལུ་ སྦྱར་ནི་ཨིན་པའི་རྒྱུ་ཆས་ལུ་གོཝ་ཨིན། ཆོས་ཕྱོགས་དང་སྦྱར་བ་ཅིན་ རཱ་ཇ་ཊི་ཀ་ཟེརཝ་ད་ ལྷ་རཱམ་ལུ་ཞུ་དོ་ཡོདཔ་ཨིན་རུང་ འབྲུག་རྒྱལ་ཁབ་བཟུམ་ཅིག་ནང་ཨིན་པ་ཅིན་ མི་དབང་མཆོག་ལུ་ཞུཝ་ལས་ ཊི་ཀའི་ཕུད་ མི་དབང་མཆོག་ལུ་ཕུལཝ་ཨིན། དེ་བཟུམ་སྦེ་ མཐའ་ཟུར་གྱི་གཡུས་ཚན་ཚུ་ནང་ཨིན་པ་ཅིན་ གཡུས་མི་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་གི་སྐུ་ཚབ་སྦེ་ རྫོང་ཁག་གི་རྫོང་བདག་དང་གཞན་ཡང་ ས་གནས་གཞུང་གི་རྒཔོ་ཚུ་ གདན་འདྲེན་ཞུ་སྟེ་ ཊི་ཀ་ཕུལ་སྲོལ་དོ་ལྟོའི་བར་ན་ཡང་ཡོདཔ་ཨིན།

གཡུས་སྒོ་ཚུ།/མི་སྡེ་ཚུ།
རྩི་རང་རྫོང་ཁག་འོག་ལུ་ རྒེད་འོག་བཅུ་གཉིས་ཡོད་སའི་ནང་ལུ་ ལྷོ་མཚམས་པའི་མི་རིགས་ བཱ་ཧུན། ཆེཏྟི་རི། གུ་རུང་། མོང་སྒར། རཱའེ། སུབྷ། སུན་ཝར། ཏ་མང་། བཱི་ཤུ་ཀར་མ། དེ་ལས་ དར་ཇེ་ལ་སོགས་པ་ཚུ་གིས་ཁྱབ་སྟེ་ཡོདཔ་ཨིན། མི་རིགས་དེ་ཚུ་ རྒྱ་གར་དང་བལ་པོའི་རྒྱལ་ཁབ་ཀྱི་ མངའ་སྡེ་དང་རྫོང་ཁག་སོ་སོའི་ས་གནས་ཚུ་ལས་ གནས་སྤོ་སྟེ་འབྲུག་རྒྱལ་ཁབ་ནང་ལུ་ གཞིས་གསརཔ་ཆགས་ཡོདཔ་དང་ མི་རིགས་དེ་ཚུ་གིས་ ཧིན་དྷུའི་ཆོས་ལུགས་ལུ་དད་མོས་ཡོདཔ་ལས་བརྟེན་ དཱ་སའེ་གི་དུས་སྟོན་བརྩི་སྲོལ་ཡང་ དེ་སྦེ་དར་ཡོདཔ་སྦེ་བཤདཔ་ཨིན་མས། ཨིན་རུང་ དཱ་སའེ་དུས་སྟོན་གྱི་སྐོར་ལས་ ཞིབ་འཚོལ་འབད་སའི་ས་སྒོ་འདི་ མནྜལ་སྒང་དང་སྤ་ཚར་གླིང་རྒེད་འོག་གི་ གཡུས་ཚན་ཚུ་ནང་ལུ་འབདཝ་ལས་ གཡུས་ཚན་དེ་གཉིས་ནང་ ག་དེ་སྦེ་བརྩེ་སྲུང་ཞུཝ་ཨིན་ན་དེ་གི་སྐོར་ལས་ཨིན།
མནྜལ་སྒང་གཡུས་ཚན་འདི་ རྩི་རང་རྫོང་ཁག་གི་ ནུབ་དང་ལྷོའི་མཚམས་ལུ་སྦེ་ ས་རྒྱ་འབད་བ་ཅིན་ ཨིསི་ཀྭཡར་ཀི་ལོ་མི་ཊར་ ༡༥་༥༠ དེ་ཅིག་ཡོདཔ་དང་ ས་ཁ་མཐོ་དམན་ཡང་ རྒྱ་མཚོའི་མཐའམ་ལས་ མི་ཊར་ ༧༠༠ དང་ ༡་༤༠༠ གི་མཐོ་ཚད་ལུ་སྦེ་ཡོདཔ་ཨིན། གཡུས་ཚན་འདི་ མཛེས་ཏོག་ཏོ་ཡོདཔ་མ་ཚད་ ས་ཆ་ཡང་བཅུད་དང་ལྡནམ་སྦེ་ཡོདཔ་ལས་བརྟེན་ ས་གཞི་མང་ཤོས་ཅིག་ནང་ སོ་ནམ་ཞིང་ལཱ་གི་དོན་ལུ་སྤྱོད་དེ་ ཁྱིམ་གུང་པ་ ༣༨༩ དེ་ཅིག་ སྤྱི་འོག་ ༥ གི་ནང་ལུ་ ཁ་བསྟོར་ཏེ་འདུག། སོ་ནམ་གྱི་ཐོན་སྐྱེད་ཚུ་གི་གྲས་ལས་ ཚོད་བསྲེ་གི་རིགས་ཚུ་འཛུགས་སྐྱོང་འཐབ་སྟེ་ ས་གནས་སོ་སོ་དང་རྒྱལ་ས་ལྟེ་བ་ཚུ་ནང་ལུ་ ཚོང་སྒྱུར་འཐབ་མ་ཚད་ དངུལ་ཐོག་ཚལ་ལུ་དང་ཨ་ལཱན་ཅི་ཚུ་ཡང་ འབོར་ཆེ་ཏོག་ཏོ་སྦེ་བཙུགསཔ་ཨིན་མས། དེ་བཟུམ་སྦེ་ སྤ་ཚར་གླིང་གཡུས་ཚན་ནང་ལུ་འབད་རུང་ གུང་པ་ ༢༧༧ ཡོདཔ་དང་ མི་ཚུ་ཡང་ ས་སྒོ་སོ་སོ་ལུ་བསྟོར་ཏེ་ཡོད་མི་ས་གནས་འདི་ རྫོང་ཁག་ལས་ ནུབ་ཕྱོགས་ཁ་ཐུག་ལུ་ ས་རྒྱ་ ཨིསི་ཀྭཡར་ཀི་ལོ་མི་ཊར་ ༡༧༠་༩ དང་ ས་ཆ་མཐོ་དམན་འབད་བ་ཅིན་ རྒྱ་མཚོའི་མཐའམ་ལས་ མི་ཊར་ ༦༠༠ དང་ ༡་༩༠༠ གི་མཚམས་ལུ་ཡོདཔ་དང་ འཚོ་བ་གཙོ་བོ་ རེད། ཀར་དང་གེ་ཛ་ཚུ་དང་ ཚོད་བསྲེ་གི་རིགས་ཚུ་ལུ་བརྟེན་ཏེ་སྡོདཔ་ཨིན་མས།
གཞིས་བཅགས་ཏེ་སྡོད་མི་ ལྷོ་མཚམས་པ་ཚུ་དང་གཞན་ཡང་ གཡུས་ཚན་གཞན་ཁ་ལས་ཕར་སྡོད་མི་ ལྷོ་མཚམས་པ་ཆ་མཉམ་གྱིས་ དཱ་སའེ་དུས་སྟོན་བརྩི་སྲུང་ཞུ་ནི་ལུ་ ཡིད་ཆེས་དང་ངལ་རངས་སྦོམ་སྐྱེད་དོ་ཡོདཔ་མ་ཚད་ ཕམ་ཚུ་ལས་བརྒྱུད་དེ་འོང་མི་ སྲོལ་རྒྱུན་འདི་ ཧིན་དྷུའི་ལྷ་རཱམ་དང་ལྷ་མོ་དུརྒ་གཉིས་ཀྱིས་ བདུད་ཀྱི་དམག་ལས་ རྒྱལ་ཁ་ཐོབ་ཡོད་པའི་དུས་དྲན་ཨིནམ་སྦེ་ མགྲིན་དབྱངས་གཅིག་སྦེ་བཤདཔ་ཨིན་མས།
ཞིབ་འཚོལ་འབད་མི། རྣམ་རྒྱལ་སྒྲོལ་མ། མནྜལ་སྒང་སློབ་གྲྭ་ལྟེ་བ། མནྜལ་སྒང་རྒེད་འོག། རྩི་རང་རྫོང་ཁག། སྐད་སྒྱུར་ ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།

བརྡ་དོན་འབྱུང་ཁུངས།