ལམ་སྲོལ་ཆ་ཤས།
Elements
- རྒྱལ་ཁབ།
- འབྲུག།
- ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
- སྔར་སྲོལ་ལག་བཟོའི་རིག་རྩལ།
- ས་གནས།
- རྩི་རང་རྫོང་ཁག་འདི་ འབྲུག་གི་ལྷོ་དང་ནུབ་ཀྱི་མཚམས་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་ལས་སྦེ་ གསར་སྤང་རྫོང་ཁག་ཁ་ཐུག་ལུ་ འགྱོ་སའི་གཞུང་ལམ་ཁར་ཆགས་ཏེ་ཡོདཔ་ཨིན། རྫོང་ཁག་དེའི་སའི་ཆགས་སྟངས་ཡང་ གྱེན་གནམ་མེད་ས་མེད་གཟར་དྲག་མེད་པའི་ཁར་ གནམ་གཤིས་གནས་སྟངས་ཡང་ བསིལ་དྲོད་དང་ལྡན་ཏོག་ཏོ་སྦེ་ཡོདཔ་མ་ཚད་ དེ་ནང་ལུ་ གཞིས་ཆགས་ཡོད་མི་མང་ཤོས་ཅིག་ ལྷོ་མཚམས་པའི་མི་རིགས་ཚུ་ཡོདཔ་དང་ ཁ་སྐད་ཡང་ ལྷོ་མཚམས་པའི་ཐོག་ལུ་བརྡ་དོན་སྤྲོད་ལེན་འབདཝ་ཨིན། རྫོང་ཁག་དེ་ནང་ལུ་ རྒེད་འོག་ཡོངས་བསྡོམས་ ༡༢ ཡོད་ས་ལས་ སེམས་ལྗོངས་རྒེད་འོག་འདི་གཅིག་ཨིནམ་དང་ རྒེད་འོག་དེ་ རྫོང་ཁག་ལས་ ཀི་ལོ་མི་ཊར་ ༢༠ དང་ ས་རྒྱ་འབད་བ་ཅིན་ ཧ་ལམ་ཀི་ལོ་མི་ཊ་ ༡༤་༥ གྲུ་བཞི་དང་ རྒྱ་མཚོ་ལས་མཐོ་ཚད་ལས་ མི་ཊར་ ༩༠༠ ལས་ ༡༦༠༠ གྱི་མཚམས་ལུ་གཞིས་ཆགས་ཡོད་མ་ཚད་ དགེ་འོག་དེ་ནང་ལུ་ཡང་ སྤྱི་འོག་ ༥ ཡོད་མི་ཡང་ བཀྲ་ཤིས་གླིང་སྟོད། བཀྲ་ཤིས་གླིང་སྨད། འཛོམས་གླིང། འབྲང་རྗེས་སྒང་དང་ བདེ་སྐྱིད་གླིང་ཚུ་ཨིན། གཡུས་མི་ ཨཔ་སིང་བྷ་དུར་པཱརཱ་དྷན་གྱིས་ གཡུས་ཚན་ཚུ་གི་མིང་གནས་སྐོར་ལས་བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༡༩༧༠ གི་ཧེ་མ་ གོང་གསལ་སྤྱི་འོག་གི་མིང་ཚུ་ ལྷོ་མཚམས་པའི་ཁ་སྐད་ནང་སྦེ་ཡོདཔ་ཨིནམ་དང་ དཔེ་འབད་བ་ཅིན་ བཀྲ་ཤིས་གླིང་སྟོད་ལུ་ བཱ་ར་རེ་ཟེར་ ནོར་སེམས་ཅན་ཚུ་གིས་བཟའ་བའི་ རྩྭ་ཅིག་གི་མིང་ལས་རྟ་དྲངས་ཏེ་བཏགས་ཡོདཔ་དང་ དེ་བཟུམ་སྦེ་ བཀྲ་ཤིས་གླིང་སྨད་ལུ་ སཱ་ར་ལེ་ཟེར་ ཙན་དན་ཤིང་ཚུ་མངམ་སྦེ་སྐྱེས་ཏེ་ཡོདཔ་མི་ལས་དང་ འཛོམས་གླིང་ལུ་ཀར་ཏི་ཀེ་ཟེར་ ཉི་མའི་འོད་ཟེར་འགོ་ཐོག་ཕོག་དོ་ཡོདཔ་ལས་བརྟེན་ བྱཱ་ཡང་ཧ་སུ་སྦེ་བརྔ་དོ་ཡོདཔ་མ་ཚད་ སླབ་སྲོལ་གཞན་ཅིག་ལས་ ཀར་ཏིག་ཟེར་བའི་མིང་ཚིག་འདི་ ཧིན་དྷུའི་ཆོས་ལུགས་ལྟར་དུ་ ཟླཝ་ ༨ ལུ་གོཝ་ཨིན་ཟེར་སླབ་ཨིན་མས། ཨིན་རུང་ ད་རེས་ནངས་པའི་མི་ལ་ལུ་ཅིག་གིས་ གཡུས་མིང་རྙིངམ་ཚུ་མ་ཤེསཔ་ལས་བརྟེན་ གཡུས་མི་རྒས་ཤོས་ཚུ་གིས་ མིང་གནས་རྙིངམ་དང་འབྲེལ་བའི་ གཏམ་ལོ་རྒྱུས་ལེ་ཤ་ཅིག་ ད་ལྟོའི་བར་ན་ཡང་བཤད་སྲོལ་ཡོདཔ་དང་ མིང་གནས་གསརཔ་དེ་ལག་ལེན་འཐབ་སྟེ་ ཧ་ལམ་ དུས་རབས་ཕྱེད་ཙམ་ཡང་འགྱོ་དོ་ཡོད་རུང་ མིང་གནས་གསརཔ་བཏགས་དགོ་པའི་གནས་དོན་དེ་ཡང་ རྒྱལ་ཁབ་རང་གི་ངོ་རྟགས་བཞག་ནིའི་དོན་ལུ་ ཨིནམ་སྦེ་བསམ་འཆར་ཚུ་བཤད་ནི་འདུག།
- ངོས་བཟུང་འབད་བའི་ལོ།
- 2022
འགྲེལ་བཤད།
ལྷོ་མཚམས་པའི་ཁ་སྐད་ལས་ གྷུན་དུ་རི་ཟེར་ རྒྱུ་རུལ་བཏུབ་དང་མཐའ་འཁོར་གནང་སྟངས་ལུ་ མ་གནོད་པའི་འབྲུ་སྣ་རེད་ཀྱི་སུ་མ་ཚུ་ལག་ལེན་འཐབ་སྟེ་ སྡོད་ནི་དང་ཉལ་ནིའི་གདན་གྱི་རིགས་ཚུ་ ཐགས་ཏེ་ཁྱིམ་ནང་གི་ཅ་ཆས་གལ་ཅན་ཅིག་མིང་ཨིན་མས། དེ་བཟུམ་མའི་མཁོ་ཆས་ཚུ་ཡང་ རྩི་རང་། དར་དཀར་ན། གསར་སྤང་། བསམ་རྩེ་དང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཚུ་ནང་ལུ་གཞི་ཆགས་ཡོད་པའི་ ལྷོ་མཚམས་པའི་མི་སྡེ་ཚུ་གི་ནང་ལས་ ཨམ་སྲུ་ཚུ་གིས་ཐགས་པའི་རིག་རྩལ་ཅིག་ཨིན་མས། ཐགས་འཐག་པའི་དུས་ཚོད་བཟུམ་འབད་བ་ཅིན་ རང་བཞིན་གནས་སྟངས་ཀྱི་ གནམ་གཤིས་དང་འཁྲིལ་ཏེ་ གནམ་སེར་ཁ་བྱཱར་ཚུ་བརྔ། དེ་ལས་ ཕུར་ཚར་ཞིན་ན་ལས་སྦེ་ བཟོ་སྐྲུན་གྱི་ལཱ་དེ་འགོ་བཙུགས་སྲོལ་ཡོདཔ་ཨིན་མས།
མ་གཞི་ དེ་བཟུམ་མའི་གདན་འདི་ ལྷོ་མཚམས་པའི་མི་སྡེ་ག་རའི་ནང་ལུ་ བཟོ་རིགས་ལག་ཤེས་ཀྱི་བྱེ་བྲག་ཅིག་སྦེ་ ལམ་སྲོལ་བཟུང་ཡོད་རུང་ ད་ལྟོ་ རྩི་རང་རྫོང་ཁག སེམས་ལྗོངས་རྒེད་འོག་གི་གཡུས་ཚན་ནང་ལུ་འབད་བ་ཅིན་ དུས་དང་ཕུ་ལས་དར་འོང་པའི་ གུན་དུ་རི་འདི་སྲོལ་རྒྱུན་འདི་ ད་རེས་ནངས་པའི་དུས་ནང་ལུ་ཡང་ རང་ལུགས་ཀྱི་ཆ་ཤས་ཅིག་སྦེ་ ལག་ལེན་འཐབ་སྟེ་ཡོདཔ་དང་ འདི་ཡང་ རིག་རྩལ་དེ་ ཕ་མེས་ཀྱི་སྐབས་ལུ་སྲོལ་གཏོད། རྒྱུན་བཟུང་བདག་འཛིན་འཐབ་སྟེ་འོང་མི་ལས་བརྟེན་ གདན་དེ་དུས་རྒྱུན་ལག་ལེན་འཐབ་དང་འཐབ་བཞིན་དུ་འདུག།
གཡུས་འཛོམས་གླིང་ཐང་སྟོད་ལས་ སྐྱེས་ལོ་ ༨༡ ལོན་མི་ ཨཔ་སིང་བྷིར་པཱརཱ་དྷན་གྱིས་བཤད་དོ་བཟུམ་འབད་བ་ཅིན་ གྷུན་དུ་རི་འདི་ ཁྱིམ་ནང་གི་ཅ་ཆས་ཅིག་སྦེ་ ལག་ལེན་འཐབ་ནི་གིས་མ་དོ་བར་ གཡུས་མི་མང་ཤོས་ཅིག་གིས་ གཉེན་སྟོན། གཤིན་པའི་རོ་བསྡུ་དང་དགེ་རྩ་ཚུ་སྒྲུབ་པའི་སྐབས་ལུ་ཡང་ མཁོ་གལ་ཆེ་བའི་ཁྱིམ་ཆས་ཨིན་ཟེར་ སླབ་ནི་འདུག། ཨིན་རུང་ དུས་ཀྱི་འགྱུར་བ་དང་ དཔལ་འབྱོར་གོང་འཕེལ་གྱི་འགྲོས་ལས་བརྟེན་ ཁྲོམ་ཁ་ལས་ཕར་གོང་ཉུང་སུ་ཡོད་པའི་གདན་ཚུ་ དཀའ་ཚེགས་མེད་པར་ཐོབ་ཚུགས་མི་ལས་ གཡུས་ལུགས་ཀྱི་གདན་ གྷུན་དུ་རི་ཐགས་ནི་དང་ལག་ལེན་འཐབ་མི་ཡང་ དུས་རིམ་བཞིན་དུ་ གྱངས་ཁ་ཉུང་སུ་འགྱོ་དོ་ཡོདཔ་ཨིན་རུང་ གྷུན་དུ་རི་དེ་ མི་རྒས་ཤོས་ཚུ་གི་ཉམས་མྱོང་ལྟར་དུ་ སྤྱོད་པའི་སྐབས་ལུ་གཟུགས་ལུ་བདེ་ཏོག་ཏོ་དང་ རྒྱུ་ཆ་འཐོབ་ནི་ཡང་ བྱ་སྟབས་བདེ་ཏོག་ཏོ་སྦེ་འཐོབ་ཚུགས་རུང་ ཐགས་པའི་སྐབས་ལུ་འབད་བ་ཅིན་ དུས་ཡུན་འགོར་དོ་ཡོདཔ་སྦེ་བཤདཔ་ཨིན་མས།
ཨིན་རུང་ ད་རེས་ནངས་པ་ སྤྱིར་བཏང་ ལྷོ་མཚམས་པའི་གཡུས་ཚན་ཚུ་དང་ ཆེནམོ་ཅིག་ར་ལག་ལེན་འཐབ་ནི་དང་ ཐགས་འཐག་ས་མཐོང་ནི་མེད་རུང་ སེམས་ལྗོངས་རྒེད་འོག་གི་ གཡུས་ཚན་ཚུ་ནང་ལས་ཕར་བཤལ་ཏེ་བལྟ་བ་ཅིན་ དེ་བསྒང་ ཕམ་ཚུ་གིས་ཐགས་པའི་ གཡུས་ལུགས་ཀྱི་གདན་གྷུན་དུ་རི་ཚུ་ ད་ལྟོའི་བར་ན་ཡང་ སྤྱོད་སྲོལ་ཡོདཔ་མ་ཚད་ དེའི་བཟོ་རྣམ་གྱི་གནས་སྟངས་ཡང་ ལེགས་ཤོམ་སྦེ་ར་ཡོདཔ་མཐོང་ཚུགསཔ་ཨིན།

དོན་དག།
གྷུན་དུ་རི་གདན་འདི་ དལ་བའི་ཉིན་མར་མང་ཤོས་ཅིག་གིས་ ས་ཁར་སྡོད་དེ་བློ་བོ་སླབ་ནི། ཨོམ་ངལ་བ་ཅིན་ དེ་ཐོག་ལུ་ཉལ་ནི་གིས་མ་ཚད་པར་ འབྲུ་སྣའི་རིགས་ཚུ་ཚུ་སྐམ་ནིའི་ ཁྱིམ་ནང་གི་མཁོ་ཆེའི་ཅ་ཆས་ཅིག་སྦེ་ ལག་ལེན་འཐབ་སྲོལ་ཡོདཔ་ཨིན་མས། དེ་ཚུ་གི་ནང་ལས་ཡང་ དམིགས་བསལ་སྦེ་ གཤམ་གསལ་བྱ་སྒོའི་དོན་ལུ་ཡང་ ལཱ་བཀོལ་བཏུབ་ཨིན་མས།
༡་ གཤིན་པོ་རོ་བསྡུ་སྐབས་ཀྱི་ལག་ལེན།
ལྷོ་མཚམས་པའི་འགྲོ་ལུགས་ནང་ལུ་ གྷུན་དུ་རི་འདི་ གཤིན་པོ་རོ་བསྡུ་གི་སྐབས་ལུ་ མཁོ་གལ་ཆེ་བའི་ཅ་ཆས་ཅིག་ཨིནམ་སྦེ་ སིང་བྷིར་ཏ་མང་གིས་དེ་སྦེ་ བཤད་ནི་འདུག། གཤིན་པོའི་ཉེ་ཚན་ཚུ་གིས་ གཤིན་ཆོག་གནང་མའི་བླམ་དང་ཆོསཔ་ཚུ་བཞུགས་ནིའི་དོན་ལུ་ དང་པ་ བཞུགས་ཁྲི་ཧིང་སངས་ས་བཟོ་ཞིནམ་ལས་ དེ་གུར་ རྩྭ་གདན་སྟིང་། དེ་ཐོག་ རཱ་རི་ཟེར་ ལུག་གི་བལ་ལས་ཐགས་པའི་གདན་བཀལ། དོ་རུང་ དེ་གུར་ དངུལ་རྐྱང་གི་ཕུལ་ཆ་ལུ་བཞག་ཞིན་ན་ གདན་ཁེབས་བཀལ་ཏེ་ བླམ་ཆོས་ཚུ་ལུ་ཕུལལ་སྲོལ་ཡོདཔ་ཨིན་མས། དེ་མ་ཚད་ རོ་བསྲེག་འབད་བའི་སྐབས་ལུ་ཡང་ སེམས་གསོ་འབད་བར་འོང་མི་མགྱོནམ་ཆ་མཉམ་ར་ རྩྭ་གདན་ཚུ་སྟིང་ཞིན་ན་དེ་གུར་སྡོད་བཅུག་པའི་སྲོལ་འདུག། སྐྱེས་ལོ་ ༤༨ ལོན་མི་ ཨཔ་སན་ཏ་བྷིར་གིས་སླབ་དོ་བཟུམ་འབད་བ་ཅིན་ སྐྱེ་མཆེད་དེ་བཟུམ་བྱུང་པའི་སྐབས་ལུ་ ཁྱིམ་གུང་རེ་རེ་ལས་ གྷུན་དུ་རི་བསྡུ་སྟེ་གཤིན་པོའི་རྩ་བོ་ལུ་ སེམས་གསོ་འབད་བའི་ཚུལ་སྦེ་བྱིན་སྲོལ་ཡོད་རུང་ ད་རེས་ནངས་པ་ གྱིབ་གདན་རིགས་འཇམ་ཏོག་ཏོ་སྦེ་ འཐོབ་ཚུགས་ནི་དེ་གིས་ གདན་བསྡུ་ནིའི་སྲོལ་མེདཔ་སྦེ་བཤད་ནི་འདུག།
༡་ གཉེན་སྟོན་སྐབས་ཀྱི་ལག་ལེན།
ཁོངས་ཀྱི་ལུགས་སྲོལ་ལས་ གྷུན་དུ་རི་གདན་འདི་ ཕོ་མོ་གཉེན་རྐྱབ་པའི་སྐབས་སམ་ བག་སྟོན་གྱི་སྐབས་ལུ་ཡང་ ཁག་ཆེ་བའི་ཅ་ཆས་ཅིག་ཡང་ཨིན་མས། འདི་ཡང་ གཡུས་བཀྲ་ཤིས་གླིང་སྨད་ལས་ སྐྱེས་ལོ་ ༦༢ ལང་མི་ཨམ་ ལོག་མ་ཡ་བྷན་ཌ་རི་གིས་ དང་ཕུ་འབད་བ་ཅིན་ གཉེན་སྟོན་འདི་མང་ཤོས་ཅིག་ གནམ་དགུན་ལུ་འགོ་འདྲེན་འཐབ་སྲོལ་ཡོདཔ་ལས་ གནམ་གཤིས་བསིལ་དྲག་ལས་སྐྱོབ་ནིའི་དོན་ལུ་ རྩྭ་གདན་ཚུ་ཁྱབ་ཆེཝ་སྦེ་ ལག་ལེན་འཐབ་སྲོལ་ཡོདཔ་མ་ཚད་ གྷུན་དུ་རི་དེ་ཚུ་ཡང་ གནའམ་སྦེ་འཛུལ་མིའི་ཕམ་དང་ཉེ་ཚན་ཚུ་གིས་ རྨགཔ་གི་བཟའ་ཚང་འཐུས་མི་ཚུ་ལུ་བྱིན་སྲོལ་ཡོདཔ་ཨིན་མས། ཁྱོསམ་དེ་ལུ་ ལྷོ་མཚམས་པའི་ཁ་སྐད་ལས་ ལོ་གྷན་ཏེ་ཟེར་སླབ་དོ་ཡོདཔ་དང་ གཉེན་གྱི་རྟེན་འབྲེལ་སྒྲིག་ཚར་ཞིན་ན་ གདན་ཚུ་རང་སོའི་ཁྱིམ་ནང་འགྱོ་བའི་ལམ་ཁར་ ངལ་འཚོ་ནི་ལ་སོགས་པའི་དོན་ལུ་ ལག་ལེན་འཐབ་ཨིན་རུང་ ད་རེས་ནངས་པ་ འགྲོ་འགྲུལ་འབད་ནི་ཚུ་ སྣུམ་འཁོར་མ་གཏོགས་ རྩྭ་གདན་ཚུ་ལག་ལེན་འཐབ་སྲོལ་མིན་འདུག་ཟེར་བཤད་ནི་འདུག།

རྒྱུན་སྤེལ་ཐབས་རིག།
ད་ཚུན་གྱི་རིང་ལུ་ གྷུན་དུ་རི་ཐསག་ནིའི་ལྷབ་སྦྱང་དང་རྒྱུན་བཟུང་གི་ཐབས་ལམ་ ཡིག་བཀོད་དང་གློག་བརྙན་བཟོ་སྟེ་མེད་རུང་ མི་ཚུ་གིས་རིག་རྩལ་ལྡན་མི་ཚུ་གིས་ཐགས་པའི་སྐབས་ བྱ་རིམ་ཚུ་ལྷབ་སྦྱང་འབད་དེ་ཤེས་ཡོདཔ་མ་ཚད་ རྩྭ་གདན་གྱི་སྦོམ་ཆུང་དང་ ཁྲ་མ་འདྲཝ་སྦེ་བཙུགས་ནི་ཚུ་ཡང་ མི་ངོ་རྐྱང་རང་སོའི་རིག་ལས་བརྟེན་འཐོན་སྐྱེད་ཐོནམ་ཨིན་མས། ཨམ་པཱ་བཱི་མ་ཡ་ཏ་མང་གིས་ མོ་རའི་ཨའི་ གསར་སྤང་རྫོང་ཁག་ནང་སྡོད་ཡོད་མི་གིས་སྟོན་བྱིན་ཡོདཔ་དང་ ཨའི་ཡང་ མོ་རའི་ཕམ་ཚུ་ལས་ལྷབ་སྟེ་ ལག་ཤེས་ཀྱི་རྒྱུན་བཟུང་ཡོདཔ་མ་ཚད་ དེ་བསྒང་ལུ་ གསར་སྤང་རྫོང་ཁག་ནང་སྡོད་མི་ ལྷོ་མཚམས་པའི་མི་སྡེ་མང་ཤོས་ཀྱིས་ དུས་རབས་ ༢༡ ནང་ལུ་ རྩྭ་གདན་འདི་ཐགས་སྲོལ་ཡོདཔ་སྦེ་བཤདཔ་ཨིན་མས།
གྷུན་དུ་རི་འཐག་ནིའི་དོན་ལུ་ བྱཱ་བརྔ། དེ་ཕུར་ཞིནམ་ལས་ སུ་མ་རིངམ་དང་ཕྲང་ཏང་ཏ་ཡོད་མི་ཚུ་བསལ་བཞག་སྟེ་ དེ་ལས་ གཞན་མི་ཚུ་སྒོ་ནོར་སེམས་ཅན་ཚུ་གི་ཆག་སྦེ་བཞགཔ་ཨིན་མས། ཨིན་རུང་ མང་ཤོས་ཀྱིས་ གྷུན་དུ་རིའི་དབྱེ་བ་ གྷུན་དུ་རི་དང་ ག་ཇ་ར་གཉིས་སྦེ་ཡོད་མི་ལས་ གྷུན་དུ་རི་ལུ་ སུ་མ་རིངམོ་དང་བཟུང་ཐག་སྤུན་སྒྲིང་སྒྲི་དགོཔ་དང་ མ་སྐུདཔ་སྒྲིང་སྒྲི་བཙུགས། བུ་སྤུན་སུ་མ་རིངམོ་ཚུ་བཙུགས་ཏེ་ ཁོང་རའི་ཁ་སྐད་ལས་ ཧ་ཏ་སོ་ཟེར་འཐག་ཆས་ཏམ་ཚུ་ལག་ལེན་འཐབ་སྟེ་ འཐོན་སྐྱེད་བཟོ་སྐྲུན་འབདཝ་ཨིན་མས། དེ་བཟུམ་སྦེ་ གདན་ཆེ་ཆུང་མ་འདྲཝ་སྦེ་ཐགས་མི་ལུ་ ལྷོ་མཚམས་པའི་ཁ་སྐད་ལས་ ག་རེ་ཟེར་སླབ་དོ་ཡོདཔ་དང་ འདི་ཡང་ ཟུང་སྦེ་མེན་པར་ཡ་སྦེ་བཏོནམ་ཨིན་མས། དཔེ་འབད་བ་ཅིན་ གྷུན་དུ་རི་རྒྱ་སྦོམ་སུ་དང་རིང་སུ་ཡོད་པའི་ དྷི་ཝན་གྱི་ཚད་སྦེ་ཐགས་ནི་ཨིན་པ་ཅིན་ ག་རེ་དེ་གྱངས་ག་མང་སུ་སྦེ་ ༣ དང་ ༤ བཙུགས་སྲོལ་དང་ དེ་ལས་ ཉལ་ནིའི་དོན་ལུ་གདན་འཐག་ནི་ཨིན་པ་ཅན་ ག་རེ་ ༧ དང་ ༨ བཙུགས་ཏེ་འཐག་སྲོལ་ཡོདཔ་སྦེ་བཤད་ནི་འདུག། ལག་རྩལ་དང་ལྡན་པའི་མི་གིས་ གདན་ཆེ་ཆུང་དང་ཁྲ་ཡང་མ་འདྲཝ་ལེ་ཤ་སྦེ་ཐགས་ཚུགས་དོ་ཡོདཔ་དང་ དེ་ཐགས་ནིའི་དོན་ལུ་འཐག་ཆས་ཚུ་ཡང་ ཁོང་རའི་ཁ་སྐད་ལས་ ཏཱན་ཟེར་ཤིང་གིས་བཟོ་ཡོད་མི་འཐག་ཤིང་། ཧ་ཏ་སོ་ཟེར་ཏམ། མ་སུ་མ་དང་སྤུན་ཐགཔ་དང་ དེ་ལས་ ཁག་ཆེ་ཤོས་ར་ཐགས་འཐག་ཤེས་པའི་མི་ངོམ་ཚུ་དགོཔ་ཨིན་མས།།
ཨིན་རུང་ གཱ་ཇ་ར་ཟེར་མི་གདན་བཟུམ་ཐགས་ནི་ཨིན་པ་ཅིན་ ཧ་ཏ་སོ་དེ་ལག་ལེན་འཐབ་སྲོལ་མེད་རུང་ གདན་གྱི་ཁྲ་འདི་ གྷུན་དུ་རི་བཟུམ་སྦེ་ བཏོན་ཚུགསཔ་ཨིན་མས། དེ་མ་ཚད་ དེ་བཟུམ་མའི་གདན་གྱི་རིགས་ཚུ་ སྦོམ་ཆུང་ཧ་ལམ་ཅོག་འཐདཔ་སྦེ་འོངམ་ཨིནམ་དང་ གལ་སྲིད་ གཱ་ཇ་ར་དེ་ གེ་ཟ་གི་བཤུབ་ལག་ལེན་འཐབ་སྟེ་ཐགས་པ་ཅིན་ འཐོན་སྐྱེད་ཚུ་ཡང་ འཇའ་ཆི་ཆི་དང་སྤུན་ཀྲག་ཀྲ་སྦེ་འཐོན་སྲོལ་ཡོདཔ་ཨིན་མས། འཛོམས་གླིང་སྟོད་ལས་ཨིན་མི་ ཨམ་སུག་མ་ཡ་གིས་ མོ་ར་ཧེ་མ་གཞོནམ་སྦེ་སྡོད་པའི་སྐབས་ལུ་ གྷུན་དུ་རི་དང་གཱ་ཇ་ར་གདན་གཉིས་ཆ་ར་ ཐགས་ཚུགས་དོ་ཡོད་རུང་ ད་རེས་ནངས་པ་ འཐག་སྲོལ་མེད་པར་ གཞན་ལས་ཉོ་སྟེ་སྤྱོདཔ་ཨིན་ཟེར་བཤད་ནི་འདུག།

གཡུས་སྒོ་ཚུ།/མི་སྡེ་ཚུ།
གཡུས་ལུགས་ཀྱི་རྩྭ་གདན་ གྷུན་ད་རི་འཐག་ནི་དང་འབྲེལ་བའི་རྒྱབ་ཁུངས་ལོ་རྒྱུས་ཚུ་ རྒས་ཤོས་དག་པ་ཅིག་རྐྱངམ་གཅིག་གིས་མ་གཏོགས་ མང་ཤོས་ཅིག་གིས་མི་ཤེས་དོ་ཡོདཔ་ཨིན་མས། རྒས་ཤོས་ཅིག་ཨིན་མི་ ཨཔ་སིང་བྷ་དུར་གྱིས་སླབ་དོ་བཟུམ་སྦེ་བ་ཅིན་ ལག་རྩལ་དེ་ སྤྱི་ལོ་ ༡༩༤༧ འཚམས་ལུ་ ཕྱི་གླིང་བཱིརི་ཊིཤི་གཞུང་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་སྦེ་བཤད་ནི་འདུག། དེ་ཡང་ དུས་རབས་ ༢ དེ་ཅིག་གི་ཧེ་མ་ རྒྱ་གར་རྒྱལ་ཁབ་འདི་ བཱིརི་ཊིཤི་ལས་ རང་དབང་རང་བཙན་སྦེ་མ་ཐོབ་པའི་ཧེ་མ་ རྒྱ་གར། བལ་པོ། (Nepal) བཱང་ལ་དེཤི། པག་ཀིསི་ཏཱན་དང་ བཱིརི་ཊིཤི་མི་ཚུ་སླ་བསྲེ་སྦེ་སྡོད་དེ་ མི་མང་ཤོས་ར་ བཱིརི་ཊིཤི་གཞུང་གི་འོག་ལུ་ བཟོ་གྲྭ་འཕྲུལ་ཁང་དང་སྣུམ་འཁོར་ལམ། རེ་ལི་ལམ་བཟོ་སྐྲུན་འབད་སར་ ལཱ་འབད་མི་ལེ་ཤ་ཅིག་ཡོདཔ་ལས་ མི་རིགས་ཡང་སྣ་ཚོགས་འབད་ཡོདཔ་ཨིན།
དེ་འབདཝ་ལས་བརྟེན་ མི་རིགས་དེ་ཚུ་ལུ་ལག་རྩལ་ཡང་མ་འདྲཝ་འབད་ཡོདཔ་ལས་བརྟེན་ བཟོ་རིགས་ལག་ཤེས་མི་ཚུ་གིས་ མཐོན་སྐྱེད་འདྲ་མིན་སྣཚོགས་བཟོ་སྟེ་ འཚོ་བསྟེན་གྱི་དོན་ལུ་ ཅ་རྣམ་དེ་ཚུ་ཚོང་སྒྱུར་འཐབ་སྟེ་ཡོདཔ་ཨིན་མས། དེ་བཟུམ་སྦེ་ རྒྱ་ཁར་བྱང་ཕྱོགས་ཀྱི་ནུབ་ཕྱོགས་ཁ་ཐུག་ ས་གནས་རྡོ་རྗེ་གླིང་ (Darjeeling) ནང་ལུ་ གྷུན་དུ་རི་བཱ་ཟར་ཟེར་ དེ་ཁའི་གཡུས་མི་ཚུ་གིས་རྩྭ་གདན་ཚུ་ཐགས་ཏེ་ ཚོང་སྒྱུར་འཐབ་སའི་ཁྲོམ་ཚོགས་ཅིག་ཡོད་ས་ལས་ གོང་གསལ་བཟོ་གྲྭ་ཁག་སོ་སོ་ཚུ་ནང་ ལུ་ལཱ་འབད་མི་ཚུ་གིས་ རྩྭ་གདན་དེ་ཉོ་སྟེ་ལག་ལེན་འཐབ་པའི་སྐབས་ བདེ་ཏོག་ཏོ་ཡོདཔ། སྡོད་ཁྱིམ་སྤོ་སོར་འབད་བའི་སྐབས་བྱ་སྟབས་བདེཝ། ཉོ་རུ་གོང་ཚད་ཉུང་སུ་སྦེ་ཐོབ་པའི་ཁེ་ཕན་ཚུ་ལུ་བརྟེན་ཏེ་ ལས་མི་ཚུ་གིས་གདན་དེ་རྒྱ་ཆེཝ་སྦེ་ལག་ལེན་འཐབ་ཨིན་མས།
ཁོ་གིས་འཕྲོ་མཐུད་དེ་ར་ ཤུལ་ལས་ རྒྱ་གར་རྒྱལ་ཁབ་རང་དབང་ཐོབ་ཞིནམ་ལས་ གོང་གསལ་ རྡོ་རྗེ་གླིང་། ཀ་ལིམ་སྤོང་། བེང་གཱལ། བལ་པོ་དང་འབྲས་ལྗོངས། (Sikkim) གི་མི་ལ་ལུ་ཅིག་ གཞིས་སྤོ་སྟེ་ འབྲུག་རྒྱལ་ཁབ་ཀྱི་ས་མཚམས་ལས་ཕར་ གནས་བཅགས་སྡོད་པའི་ཤུལ་ལས་ཡང་ སུ་མའི་གདན་ཐགས་ནིའི་ལག་ཤེས་གྱི་རྒྱུན་བཟུང་སྟེ་སྡོད་ནུག། དེ་འབདཝ་ལས་བརྟེན་ ལྷོ་མཚམས་པའི་མི་བརྒྱུད་ཚུ་གིས་ བལ་པོ་དང་རྒྱ་གར་གྱི་མི་རིགས་ཚུ་ལས་ ལྷབ་སྦྱང་འབད་ཡོད་པའི་གྷུན་དུ་རིའི་ལག་ཤེས་དེ་ ལྷོ་མཚམས་པའི་མི་སྡེ་ཚུ་གི་ནང་ལུ་ ལུགས་སྲོལ་གྱི་ཆ་ཤས་ཅིག་སྦེ་ དར་ཁྱབ་སོང་ཡོདཔ་སྦེ་བཤད་ནི་འདུག།
ད་ལྟོ་ འཛོམས་གླིང་སྟོད་ལས་ཨིན་མི་ སྐྱེས་ལོ་ ༣༦ ལང་མི་ ཨམ་པཱ་བཱི་མ་ཡ་ཏ་མང་གིས་ མོ་རའི་ཕམ་གསར་སྤང་རྫོང་ཁག་ནང་ལུ་ཡོད་མི་གིས་ གྷུན་དུ་རི་ཐགས་ནི་འདི་ད་ལྟོའི་བར་ན་ཡང་ ལོ་རེ་ནང་ལུ་རྩྭ་གདན་ ༩ དང་ ༡༠ གི་བར་ན་ཐགས་འཐག་སྲོལ་ཡོདཔ་སྦེ་བཤད་ནི་ཡོདཔ་ཨིན་རུང་ མོ་ར་སྡོད་ས་བཟུམ་ཅིག་ནང་འབད་བ་ཅིན་ ད་རེས་ནངས་པ་ བཟོ་གྲྭ་འཕྲུལ་ཁང་ཚུ་ལས་ཐོན་པའི་ གྱིབ་གདན་རིགས་ཚུ་གདམ་ཁ་རྐྱབ་སྟེ་ རང་ལུགས་ཀྱི་རྩྭ་གདན་དེ་ ཆེནམོ་ཅིག་ལག་ལེན་འཐབ་སྲོལ་མིན་འདུག། ད་རུང་ གཡུས་ཚན་དེ་ཁ་ལས་ར་ སྐྱེས་ལོ་ ༨༠ ལོན་མི་ ཨམ་རྒྱ་ག་མ་ཡ་པཱརཱ་དྷན་ལུ་ འདྲི་བ་འདྲིས་ལན་འབད་བའི་སྐབས་ མོ་ཧེ་མ་མིག་ཏོག་གིས་ལེགས་ཤོམ་སྦེ་མཐོང་ གཟུགས་ཁམས་ཡང་སྒྲིང་སྒྲིང་སྦེ་སྡོད་པའི་སྐབས་ལུ་ གདན་འཐག་ཚུགས་དོ་ཡོད་རུང་ ད་ལྟོ་ལོ་ན་རྒས། གཟུགས་སྟོབས་ཡང་ཞན་པའི་རྐྱེན་གྱིས་ ཐགས་ནི་མེདཔ་སྦེ་སླབ་ནི་ཡོདཔ་མ་ཚད་ མོ་སྡོད་སའི་གྷུན་དུ་རི་འདི་དང་ རྩ་བ་ལས་ཕར་མཐོང་ནི་ཡོད་པོའི་གདན་ཚུ་ཡང་ དེ་བསྒང་ མོ་གིས་ཐགས་ཡོདཔ་དང་ དོ་རུང་ མཛོད་ཁང་ནང་ལུ་ཡང་ ཁག་ཆེ་བའི་སྐབས་གཡོག་བཀོལ་ནིའི་དོན་ལུ་ བཏོན་ཆོག་ཆོག་འབད་ཡོད་ཟེར་བཤད་ནི་འདུག། མོ་གིས་ ལྷོ་མཚམས་པའི་ཁྱིམ་ནང་འགྱོ་བལྟ་བ་ཅིན་ གྷུན་དུ་རི་ཚུ་ གཡོག་བཀོལ་དོ་ཡོད་པའི་གནས་སྟངས་ཡང་ ཁྱིམ་གྱི་གདོང་ཁར་ དི་ཝན་གྱི་ཐོག་ཁར་གྷུན་དུ་རི་བཀལ་ དེ་གུར་ ད་རེས་ནངས་པའི་གྱིབ་གདན་གྱི་ཁེབས་ཚུ་ རྐྱབ་སྟེ་འོངམ་ཨིན་ཟེར་སླབ་ཨིན་མས།
ཨཔ་སིང་བྷ་དུར་པཱརཱ་དྷན་གྱིས་ གྷུན་དུ་རི་དེ་ སེམས་ལྗོངས་གཡུས་ཚན་ནང་ལུ་ རྒྱ་ཆེཝ་སྦེ་ལག་ལེན་འཐབ་སྟེ་ཡོད་རུང་ མི་སེར་ཚུ་གི་འཚོ་བའི་གནས་སྟངས་ ཡར་དྲག་སོང་མི་ལས་བརྟེན་ ཉམས་ནིའི་ཉེན་ཁ་ཡོད་པའི་ཚ་གྱང་བཤདཔ་ཨིན་མས། འདི་ཡང་ དང་པ་ དུས་རབས་ ༢༡ པ་འདི་ ལཱ་ག་ཅི་ར་འབད་རུང་ བཟོ་གྲྭ་འཕྲུལ་ཁང་དང་ འཕྲུལ་རིགས་ཚུ་ལུ་བརྟེན་དགོཔ་ཡོདཔ་ལས་ འཕྲུལ་ཆ་གིས་ཐགས་པའི་གྱིབ་གདན་ཚུ་ ཁྲོམ་ཁ་ལས་ཕར་ གོང་ཉུང་སུ་སྦེ་ཐོབ་དོ་ཡོདཔ་དང་ མི་ཏོག་ཁར་ཡང་འཇའ་བའི་པའི་ཁར་ བྱ་སྟབས་ཡང་བདེ་ཏོག་ཏོག་འབད་ཡོདཔ་དང་ གཉིས་པར་དུ་ རང་ལུགས་ཀྱི་རྩྭ་གདན་དུ་འཐག་པའི་སྐབས་ དུས་ཚོད་འགོར་བ། ལག་རྩལ་དང་ཉམས་མྱོང་། དེ་ལས་ རྩུབ་ཐག་ཡང་རིང་སུ་དགོཔ་ལས་ སོ་ནམ་པ་མང་ཤོས་ལུ་ དུས་ཚོད་མ་འཐོབ་ལས་བརྟེན་དང་ མཇུག་ར་ བཟའ་ཚང་གི་འཐུས་མི་གཞོནམ་མང་ཤོས་ཀྱིས་ རྩྭ་གདན་ཐགས་ནི་ལུ་ སྤྲོ་བ་ཞན་སུ་ཡོད་པའི་ གནད་དོན་ཚུ་ལས་བརྟེན་ཨིནམ་སྦེ་བཤད་ཨིན་མས།
ཞིབ་འཚོལ་འབད་མི། འཇིགས་མེད་དབང་མོ། སེམས་ལྗོངས་སློབ་གྲྭ་ཆུང་བ། སེམས་ལྗོངས། རྩི་རང་རྫོང་ཁག། སྐད་སྒྱུར་ ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།

བརྡ་དོན་འབྱུང་ཁུངས།